ལུང་ཞི་རྫོང་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ ཀླུ་བྷklumtso  ནས 2021-03-03 15:12ལ་འགྲུབ།

ལུང་ཞི་རྫོང་ཁྲིམས་འཛིན་ཅུའུ།

ལུང་ཞི་རྫོང་ཁྲིམས་འཛིན་ཅུའུ།
ལུང་ཞི་རྫོང་ཁྲིམས་འཛིན་ཅུའུ་ཡིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་འཛིན་སྲིད་འཛིན་བྱ་བའི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས། བཅའ་ཁྲིམས། ཁྲིམས་སྲོལ། སྒྲིག་སྲོལ། ལམ་ལུགས་བཅས་ལག་ལེན་མཐར་ཕྱིན་དང་། རྫོང་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་དུས་ཡུན་རིང་འབྲིང་གི་འཆར་འགོད་དང་། ལོ་འཁོར་འཆར་གཞི་བཟོ་འགོད་བྱེད་པ་མ་ཟད་ལག་བསྟར་བྱེད་པའི་སྒྲིག་འཛུགས་ཀྱང་བྱེད་བཞིན་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陇西县司法局
ལས་གཉེར་ཁྱབ་ཁོངས།
རྫོང་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་དུས་ཡུན་རིང་འབྲིང་གི་འཆར་འགོད་དང་། ལོ་འཁོར་འཆར་གཞི་བཟོ་འགོད་བྱེད་པ།
སྤྱི་ཁྱབ་པུའུ་ཡི་གནས་ཡུལ།
ལུང་ཞི་རྫོང་།
རིགས་དབྱེ།
ཁྲིམས་འཛིན་སྡེ་ཁག
1 འགན་འཁྲི་གཙོ་བོ།

གཅིག རྫོང་དེ་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་དང་བཅའ་ཁྲིམས་ཀྱི་རྒྱུན་ཤེས་ཁྱབ་གདལ་གཏོང་བའི་ལས་ཀའི་འཆར་འགོད་བཟོ་རྒྱུ་མ་ཟད་ལག་བསྟར་བྱེད་རྒྱུའི་སྒྲིག་འཛུགས་བྱེད་རྒྱུ། རྫོང་ཡོངས་ཀྱི་ཁྲིམས་ལུགས་རིག་པའི་སློབ་གསོར་དོ་དམ་དང་མཛུབ་ཁྲིད་བྱེད་རྒྱུ། རྫོང་གིས་ཁྲིམས་ལུགས་གཞིར་བཟུང་རྫོང་གི་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་རྒྱུན་གཏན་ལས་ཀ་སྒྲུབ་འགན་འཁུར་རྒྱུ། རྫོང་ཡོངས་ཀྱི་ཞང་གྲོང་ཁག་དང་ལས་རིགས་ཁག་གི་ཁྲིམས་ལུགས་ལྟར་བཅོས་སྐྱོང་བྱེད་རྒྱུའི་ལས་ཀར་མཛུབ་ཁྲིད་བྱེད་རྒྱུ།

གཉིས། རྫོང་དེ་ཡོངས་ཀྱི་སྲིད་འཛིན་ཁྲིམས་བསྟར་ཞིབ་བཤེར་སྒྲིག་འཛུགས་བྱ་དགོས་ལ་རང་ཁོངས་ཀྱི་ཁྲིམས་བསྟར་ཞིབ་བཤེར་དང་། སྲིད་འཛིན་བསྐྱར་གྲོས་ཀྱི་ཞུ་ལན་འདེབས་པའི་ལས་དོན། སྤྱི་ཚོགས་ལ་ཁ་ཕྱོགས་པའི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་བཅས་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས།

གསུམ། རྫོང་ཡོངས་ཀྱི་ཁྲིམས་རྩོད་པ་དང་བཅའ་ཁྲིམས་བློ་འདྲི། བཅའ་ཁྲིམས་རོགས་སྐྱོར། གཞུང་དཔང་བཅས་ཀྱི་ལས་དོན་ལ་དོ་དམ་དང་མཛུབ་ཁྲིད་བྱེད་པ་དང་། སྤྱི་ཚོགས་བཅའ་ཁྲིམས་ཞབས་ཞུའི་ལས་ཁུངས་ལ་ཕྱོགས་བསྡུས་དོ་དམ་བྱེད་པ། བཅའ་ཁྲིམས་ཞབས་ཞུ་མཐུན་སྦྱོར་བཀོད་འདོམས་ལས་དོན་ལ་མཛུབ་ཁྲིད་བཅས་བྱེད་དགོས།

བཞི། ཞང་གྲོང་ཁྲིམས་འཛིན་ཁང་ལ་དོ་དམ་བྱས་ནས་མི་དམངས་འདུམ་འགྲིག་དང་ཁྲིམས་འཛིན་གྱི་ལས་རོགས་པ། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་བཅས་ལ་དོ་དམ་དང་མཛུབ་ཁྲིད་བྱ་རྒྱུ་དང་། ཁྲིམས་ཆད་འཁུར་ཡུན་ལོངས་ནས་གློད་གྲོལ་བཏང་བ་དང་ངལ་རྩོལ་སློབ་གཅུན་བྱེད་ཁོངས་ནས་གྲོལ་མཁན་ལ་བཀོད་སྒྲིག་དང་རོགས་རམ་བྱེད་པའི་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ནང་ཞུགས་དགོས།

ལྔ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་བཅའ་ཁྲིམས་རོགས་སྐྱོར་ལམ་ལུགས་ཀྱི་གཏན་འབེབས་ལག་ལེན་མཐར་ཕྱིན་བསྟར་བ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྫོང་དེ་གའི་བཅའ་ཁྲིམས་རོགས་སྐྱོར་བྱེད་ཐབས་གཏན་འབེབས་བྱེད་པ་མ་ཟད་ལག་བསྟར་བྱེད་པའི་སྒྲིག་འཛུགས་ཀྱང་བྱེད་དགོས།

དྲུག ཁོངས་གཏོགས་དེ་གའི་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་དང་ཏང་འཛུགས་སྐྱོང་། དཔུང་ཁག་འཛུགས་སྐྱོང་བཅས་བྱེད་པར་མཛུབ་སྟོན་བྱ་རྒྱུ། ལས་ཁུངས་དང་ཐད་གཏོགས་སྡེ་ཚན་གྱི་མི་དོན་ལས་ཀ་དང་གཞི་རིམ་སྡེ་ཚན་གྱིས་ལས་བྱེད་པའི་ལས་ཀར་གཞོགས་འདེགས་དོ་དམ་བྱ་རྒྱུ། རྫོང་ཡོངས་དང་ཁོངས་གཏོགས་དེ་གའི་གོ་མིང་ཞིབ་དཔྱད་གཏན་འཁེལ་བྱེད་པར་དོ་དམ་བྱེད་དགོས།

བདུན། རྫོང་ཨུ་དང་རྫོང་སྲིད་གཞུང་། གོང་རིམ་ལས་སྒོ་སྡེ་ཚན་བཅས་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་ལས་དོན་གཞན་དག་སྒྲུབ་འགན་འཁུར་དགོས།

2 ནང་ཁུལ་གྱི་སྒྲིག་གཞི།

གཅིག གཞུང་ལས་ཁང་།

རྫོང་དེ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ལས་ཀའི་གནས་ཚུལ་གྱི་ཕྱོགས་བསྡུས་དང་ཆ་འཕྲིན་ལྡོག་འདྲེན་གྱི་འགན་འཁུར་རྒྱུ། རྫོང་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་འཕེལ་རྒྱས་ཀྱི་དུས་ཡུན་འབྲིང་རིང་གི་འཆར་གཞི་དང་ལོ་འཁོར་ལས་དོན་བཀོད་སྒྲིག་འཆར་འགོད་བཟོ་རྒྱུ། ལས་ཁུངས་ཀྱི་དྲུང་ཡིག་དང་གསང་སྲུང་། ཡིག་སྐུར་ངོ་གཏུག བསྡོམས་རྩིས། འཆར་ལྡན་བུ་བཙའ། ཕྱོགས་བསྡུས་བཅོས་སྐྱོང་། ཡིག་ཚགས། སྒྲིག་ཆས་སོགས་ཀྱི་ལས་ཀ་དང་། ལས་ཁུངས་ཀྱི་ནོར་དོན་དང་རྒྱབ་ཕྱོགས་ཞབས་ཞུའི་ལས་ཀར་འགན་འཁུར་དགོས།

གཉིས། ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ཚན་ཁག

རྫོང་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་ལས་ཀའི་འཆར་འགོད་བཟོས་ནས་སྤྱི་དམངས་ཀྱིས་བཅའ་ཁྲིམས་ཀྱི་རྒྱུན་ཤེས་སློབ་གསོ་ཁྱབ་གདལ་གཏོང་བའི་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱེད་རྒྱུ། རྫོང་ཡོངས་སུ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་དོན་སྤེལ་རྒྱུར་མཐུན་སྦྱོར་མཛུབ་ཁྲིད་བྱེད་རྒྱུ། རྫོང་ཡོངས་ཀྱི་ཁྲིམས་ལུགས་རིག་པའི་སློབ་གསོའི་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུ། རྫོང་ཡོངས་ཀྱི་ཁྲིམས་ལུགས་གཞིར་བཟུང་རྫོང་གི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་རྒྱུན་གཏན་ལས་ཀ་སྒྲུབ་འགན་འཁུར་དགོས།

གསུམ། བཀོད་སྒྲིག་སློབ་སྐྱོར་ཚན་ཁག

ཁྲིམས་ཆད་འཁུར་ཡུན་ལོངས་ནས་གློད་གྲོལ་བྱུང་བའི་སྐྱེ་བོ་དང་ངལ་རྩོལ་སློབ་གཅུན་བྱེད་ཁོངས་ནས་གློད་པའི་སྐྱེ་བོ་བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་ཀྱི་ལས་ཀར་སློབ་སྟོན་སྒྲིག་འཛུགས་བྱེད་དགོས།

བཞི། གཞི་རིམ་ལས་སྒྲུབ་ཚན་ཁག

གཞི་རིམ་གྱི་ཁྲིམས་འཛིན་ཁང་དང་ཁྲིམས་འཛིན་ལས་རོགས་པ། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ་དང་མི་དམངས་འདུམ་འགྲིག་གི་ལས་ཀར་མཛུབ་སྟོན་དང་དོ་དམ་བྱ་རྒྱུ། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་གཉེར་ལག་ཁྱེར་དང་ལག་ཁྱེར་ལོ་རེར་ཞིབ་བཤེར་ཐོ་འགོད་ཀྱི་འབྲེལ་ཡོད་ལས་ཀ་སྒྲུབ་འགན་འཁུར་རྒྱུ། རྫོང་ཡོངས་ཀྱི་གཞུང་དཔང་དང་ཁྲིམས་རྩོད་པའི་ལས་ཀའི་འཆར་འགོད་དང་ལོ་འཁོར་བཀོད་སྒྲིག་མ་ཟད་ལག་བསྟར་སྒྲིག་འཛུགས་བྱེད་པར་ཁྲིད་སྟོན་བྱེད་དགོས།

3 ལས་ཐོག་འགོ་ཁྲིད།

ཅུའུ་ཀྲང་ནི་ཝང་ཀྲི་ཀྲུང་ཡིན།


དཔྱད་གཞིའི་ཡིག་ཆ།