ལུང་ཞི་རྫོང་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ ཀླུ་བྷklumtso  ནས 2021-03-03 15:38ལ་འགྲུབ།

ལུང་ཞི་རྫོང་མི་དམངས་ཁྲིམས་ཁང་།

ལུང་ཞི་རྫོང་མི་དམངས་ཁྲིམས་ཁང་།
ཀན་སུའུ་ཞིང་ཆེན་ལུང་ཞི་རྫོང་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1950ལོའི་ཟླ4པར་བཙུགས་པ་དང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་ད་ལྟ་ལུང་ཞི་རྫོང་ཀུང་ཁྲང་གྲོང་རྡལ་ཁྲང་ཨན་ལམ་གྱི་དཀྱིལ་མཚམས་སུ་གནས་ཡོད། ཁྲིམས་ཁང་ཡོངས་སུ་ད་ལྟ་ལས་བྱེད་མི་སྣ88དང་ཏང་ཡོན62 ཁྲིམས་དཔོན62བཅས་ཡོད་ལ། ལོ་རེར་ཆ་སྙོམས་སུ་གྱོད་གཞི་སྣ་ཚོགས3500ལྷག་ཞིབ་བཤེར་དང་ལག་བསྟར་མཇུག་སྒྲིལ་བྱེད་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
甘肃省陇西县人民法院
འབྲེལ་གཏུགས་ཁ་པར།
0932-6624440
གནས་ཁུལ།
ཀན་སུའུ་ཞིང་ཆེན་ལུང་ཞི་རྫོང་།
བཙུགས་ལོ།
སྤྱི་ལོ1950ལོའི་ཟླ4བ།
གནས་ཡུལ།
ལུང་ཞི་རྫོང་ཀུང་ཁྲང་གྲོང་རྡལ་ཁྲང་ཨན་ལམ་གྱི་དཀྱིལ་མཚམས།
མི་གྲངས།
88
སྦྲག་སྲིད་ཨང་གྲངས།
748100
ཡོན་ཀྲང་།
ཝང་ཧྲི་ཅུན།
1 ​ཁྲིམས་ཁང་ངོ་སྤྲོད།

ཀན་སུའུ་ཞིང་ཆེན་ལུང་ཞི་རྫོང་ནི་ཀན་སུའུ་ཤར་ལྷོའི་རྒྱུད་དང་ཏིང་ཞི་གྲོང་ཁྱེར་གྱི་དབུས་རྒྱུད་དུ་གནས་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2408ཡོད་ལ། མངའ་ཁོངས་སུ་གྲོང་རྡལ9དང་ཞང8 སྡེ་ཁུལ11 སྲིད་འཛིན་གྲོང་ཚོ215བཅས་ཡོད་པ་དང་། མི་འབོར་ཁྲི50.5ཡོད་པའི་ནང་ཞིང་ལས་མི་འབོར་ཁྲི42.4ཡོད་པ་རེད། ལུང་ཞི་ནི་གནམ་འོག་གི་རུས་ལི་ཅན་གྱི་འབྱུང་གནས་ཡིན་པ་དང་། ནུབ་བྱང་གི་ཀྲུང་ལུགས་སྨན་རྫས་ཀྱི་རྟེན་གཞི་ཆེ་ཤོས་ཡིན་པས།“ལོ་ངོ་སྟོང་གི་སྨན་གྲོང”དང“ནུབ་བྱང་གི་སྨན་གྱི་གྲོང་ཁྱེར”ཞེས་པའི་མཚན་སྙན་ཡོད། ལུང་ཞི་རྫོང་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1950ལོའི་ཟླ4པར་བཙུགས་པ་དང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་ད་ལྟ་ལུང་ཞི་རྫོང་ཀུང་ཁྲང་གྲོང་རྡལ་ཁྲང་ཨན་ལམ་གྱི་དཀྱིལ་མཚམས་སུ་གནས་ཡོད། ཁྲིམས་ཁང་དེ་ཡོངས་སུ་ད་ཆ་ལས་བྱེད་མི་སྣ88ཡོད་པ་དང་། དེ་ལས་སྒྲིག་ཁོངས་ཁྲོད་དངོས་སུ་ཡོད་པའི་ལས་བྱེད་མི་སྣ86ཡོད་པའི་ནང་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མི80ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི93.3%ཟིན། དེ་མིན་ཏང་ཡོན62དང་ཁྲིམས་དཔོན62ཡོད་ལ།  ཁྲིམས་དཔོན་ལས་བྱེད་ཉེན་རྟོག་པའི་ཆ་སྙོམས་ལོ་ཚད40དང་ཁྲིམས་དཔོན་གྱི་ཆ་སྙོམས་ལོ་ཚད་ལོ42ཡིན། ཉེ་བའི་ལོ་ཤས་རིང་ཁྲིམས་ཁང་དེས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ“དུས་བབས་དང་ལས་འགན་གསལ་རྟོགས།  ལས་ཀའི་འདུ་ཤེས་གསར་བརྗེ། ཁྲིམས་འཛིན་དོ་དམ་གསར་གཏོད། ལས་ཀའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས། ཁྲིམས་འཛིན་ནུས་པ་ཆེར་བསྐྱེད། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན། ཁྲིམས་འཛིན་སྣང་བརྙན་ཇེ་ལེགས་སུ་གཏོང་བ”བཅས་ཀྱི་ལས་ཀའི་བླང་བྱ་ལྟར། འགོ་རྩོམ་ས་མཐོ་བ་དང་རིམ་པ་མཐོ་བ། ཆུ་ཚད་མཐོ་བ་རྒྱུན་འཁྱོངས་བྱས་ནས་མི་དམངས་ཁྲིམས་ཁང་གི་ལས་དོན་ལེགས་པོར་བསྒྲུབས་པས། ལས་དོན་སོ་སོར་འཕེལ་རྒྱས་གསར་བ་ཐོབ་པ་སྟེ། ལོ་རེར་ཆ་སྙོམས་སུ་གྱོད་གཞི་སྣ་ཚོགས3500ལྷག་ཞིབ་བཤེར་དང་ལག་བསྟར་མཇུག་བསྒྲིལ་བ་རེད།

2 སྒྲིག་གཞིའི་སྒྲིག་འགོད།

ལུང་ཞི་རྫོང་མི་དམངས་ཁྲིམས་ཁང་དུ་ད་ལྟ་གྱོད་དོན་ཐོ་འགོད་ཁང་དང་ཉེས་དོན་འདྲི་གཅོད་ཁྲིམས་ར། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། སྲིད་འཛིན་ཁྲིམས་ར། ལག་བསྟར་ཁྲིམས་ར། འདྲི་གཅོད་ལྟ་སྐུལ་ཁྲིམས་ར། གཞུང་ལས་ཁང་། ཆབ་སྲིད་ལས་དོན་ཁང་། ཡིག་སྐུར་ངོ་གཏུག་ཁང་། ཁྲིམས་འཛིན་ཉེན་རྟོག་རུ་ཆེན་དང་ལྟ་ཞིབ་ཁང་སོགས་སྒྲིག་གཞི12དང་། དེ་མིན་ཝུན་ཧྥེང་དང་ཧྲོའུ་དབྱང་། ཚའེ་ཙི། ཧྥུའུ་ཞིན། ཡུན་ཐེན། ཐུང་ཨན་སོགས་གཞི་རིམ་མི་དམངས་ཁྲིམས་ར6བཙུགས་ཡོད་པ་རེད།

3 ཁྲིམས་ཁང་འཛུགས་སྐྲུན།

ཉེ་བའི་ལོ་ཤས་རིང་ལུང་ཞི་རྫོང་མི་དམངས་ཁྲིམས་ཁང་གིས་མི་དམངས་མང་ཚོགས་ཀྱིས་ཁྲིམས་ཁང་གི་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་དང་རེ་སྒུག་གསར་པར་དྲིས་ལན་ཧུར་ཐག་སྒོས་སློག་ནས་མི་དམངས་ཁྲིམས་རའི་ནུས་པ་ཅན་གྱི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་གྲུབ་འབྲས་ཡག་པོ་ཐོབ་ཡོད། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ཐད། ཆ་འཕྲིན་ཅན་གྱི་ལག་རྩལ་བེད་སྤྱོད་དེ་འདྲི་གཅོད་ལག་བསྟར་ལས་ཀའི་སྤྱི་ཡོངས་ནང་བཞག་ནས་ཇུས་འགོད་བྱས་ཏེ་ཆ་འཕྲིན་ཅན་གྱི་བཀོལ་སྤྱོད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་དམིགས་ཚད་འགན་འཁྲི་ཞིབ་ཕྲ་ཅན་དང་། སློབ་སྦྱོང་དང་བཀོལ་སྤྱོད་བྱེད་སྟངས་རྒྱུན་ལྡན་ཅན། གྱོད་གཞི་སྒྲུབ་གཉེར་བརྒྱུད་རིམ་སྟབས་བདེ་ཅན། ཆ་འཕྲིན་ཅན་གྱི་འདྲི་གཅོད་དོ་དམ་བྱེད་སྟངས་བཅས་སུ་འགྱུར་བ་བྱས་ཡོད། མི་དམངས་ཁྲིམས་ར་བྱེད་ནུས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཐད“ཁྲིམས་ར་གཅིག་དང་ཁང་གཅིག ར་བ་གཅིག ཁང་བརྒྱད ” (“ཁྲིམས་ར་གཅིག”ནི་འདྲི་གཅོད་ཁྲིམས་ར་དང“ཁང་གཅིག”ནི་ལས་བཟོ་བའི་ཟ་ཁང་ཡིན་པ་དང་། “ར་བ་གཅིག”ནི་སྔོ་ཚལ་ལྡུམ་རའམ་མེ་ཏོག་ལྡུམ་ར་ཡིན་པ། “ཁང་བརྒྱད”ནི་ལས་རེས་ཁང་དང་འདུམ་འགྲིག་ཁང་། ཁྲིམས་འཛིན་ཁས་ལེན་ཁང་། མཉམ་གྲོས་ཁང་། ཚོགས་ཁང་། དཔེ་དེབ་ཁང་། རིག་གནས་ལུས་རྩལ་བྱེད་སྒོ་ཁང་བཅས་ཡིན།)ཀྱི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བླང་བྱ་གཞིར་བཟུང་ནས། གཞི་རིམ་ཁྲིམས་རར་ཁྱོན་ཡོངས་ནས་རིམ་སྤར་གསར་སྐྲུན་བྱས་ཏེ་གཞུང་ལས་དང་ཁྲིམས་རའི་ཆ་རྐྱེན་འཐུས་ཚང་དུ་བཏང་ལ། ཁྲིམས་རའི་གཞུང་ལས་དང་འཚོ་བའི་ཁུལ། ཁང་ཁྱིམ་གྱི་བྱེད་ནུས་ལ་ཚན་རིག་དང་མཐུན་པའི་རིགས་དབྱེ་བྱས། སྤྱི་ལོ2014ལོའི་ཚུན་ལ་སྐབས་གསར་པའི་ཁྲིམས་ཁང་གི་ཏང་རྩ་འཛུགས་ཀྱིས“མི་སེམས་གཅིག་ཏུ་བསྒྲིལ་ནས་ངར་ཤུགས་ཆེ་རུ་གཏོང་བ་དང་། དཔུང་ཁག་ལ་དོ་དམ་ནན་པོ་བྱེད་པ། ལམ་ལུགས་འཐུས་ཚང་དུ་བཏང་ནས་སྤུས་ཚད་དང་ཕན་འབྲས་ལ་དམ་འཛིན་བྱེད་པ། རྨང་གཞི་བརྟན་དུ་བཏང་ནས་གཞི་རིམ་ལ་དམ་འཛིན་བྱེད་པ། དཀའ་སྤྱད་སྙིང་རུས་ཀྱིས་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཏན་འཁེལ་བྱས་ཏེ། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ།

4 གཟི་བརྗིད་མཚན་སྙན།

ལུང་ཞི་རྫོང་མི་དམངས་ཁྲིམས་ཁང་དེ་སྔ་རྗེས་སུ་ཀན་སུའུ་ཞིང་ཆེན་གྱི་གྱོད་གསོག་ལག་བསྟར་གྱི་སྔོན་ཐོན་ཐུན་མོང་དང་། ཏིང་ཞི་གྲོང་ཁྱེར་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་སྔོན་ཐོན་ཐུན་མོང་། ལུང་ཞི་རྫོང་ཕྱོགས་བསྡུས་བཅོས་སྐྱོང་དང་ཡིག་བསྐུར་ངོ་བཅར་དང་བསམ་པའི་དཔལ་ཡོན་གྱི་སྔོན་ཐོན་ལས་ཁུངས་སུ་བདམས་པ་དང་མི9ལ་བྱས་རྗེས་རིམ་པ་གསུམ་པ་ཐོབ། ནང་ཁུལ་དུ་བཙུགས་པའི་སྒྲིག་གཞི5དང་མི15ལ་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་གཟེངས་བསྟོད་དང་བྱ་དགའ་སྤྲད་པ་རེད། དེ་མིན《མི་དམངས་ཁྲིམས་ཁང་གི་ཚགས་པར》དང《མི་དམངས་ཀྱི་འབོད་སྒྲའི་ཚགས་པར》གྱིས་སྔ་རྗེས་སུ་ཁྲིམས་ཁང་དེ་གའི་གྱོད་དོན་ཐོ་འགོད་འདུམ་འགྲིག་བྱ་བའི་སྒྲིག་གཞི་དང་ཡིག་སྐུར་ངོ་གཏུག་བྱ་བའི་སྒྲིག་གཞིའི་འཚོལ་ཞིབ་དང་གསར་འཛུགས་ལས་དོན་གྱི་གནས་ཚུལ་སྤེལ།


དཔྱད་གཞིའི་ཡིག་ཆ།