ལིན་ཐའོ་རྫོང་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ ཀླུ་བྷklumtso  ནས 2021-03-03 15:16ལ་འགྲུབ།

ལིན་ཐའོ་རྫོང་མི་དམངས་ཁྲིམས་ཁང་།

ལིན་ཐའོ་རྫོང་མི་དམངས་ཁྲིམས་ཁང་།
ཀན་སུའུ་ཞིང་ཆེན་ལིན་ཐའོ་རྫོང་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་ད་ལྟ་ཀན་སུའུ་ཞིང་ཆེན་ཏིང་ཞི་གྲོང་ཁྱེར་ལིན་ཐའོ་རྫོང་ཐའོ་དབྱང་གྲོང་རྡལ་ཝུན་ཧྥེང་ནུབ་ལམ་དུ་གནས་ཡོད་ལ། ཁྲིམས་ཁང་ཡོངས་སུ་ད་ཆ་སྒྲིག་ཁོངས་སུ་ཡོད་པའི་ལས་བྱེད་ཉེན་རྟོག་པ81ཡོད་པའི་ནང་སྐྱེས་པ65དང་བུད་མེད16ཡོད་པ་དང་། ཁོའོ་རིམ་པ་གཞོན་པ་ཡན་གྱི་མི41ཡོད། གཞན་གཞུང་ཞབས་པ80ཡི་ནང་ཁྲིམས་དཔོན52ཡོད་པ་དེས་མི་འབོར་གྱི་བརྒྱ་ཆའི65%ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
甘肃省临洮县人民法院
འབྲེལ་གཏུགས་ཁ་པར།
0932-2242591
གནས་ཁུལ།
ཀན་སུའུ་ཞིང་ཆེན་ལིན་ཐའོ་རྫོང་།
བཙུགས་ལོ།
སྤྱི་ལོ1949ལོ།
གནས་ཡུལ།
ཀན་སུའུ་ཞིང་ཆེན་ཏིང་ཞི་གྲོང་ཁྱེར་ལིན་ཐའོ་རྫོང་ཐའོ་དབྱང་གྲོང་རྡལ་ཝུན་ཧྥེང་ནུབ་ལམ།
མི་གྲངས།
81
སྦྲག་སྲིད་ཨང་གྲངས།
730500
ཡོན་ཀྲང་།
སི་ཧུང་ཕུའུ།
1 ​ཁྲིམས་ཁང་ངོ་སྤྲོད།

ལིན་ཐའོ་རྫོང་མི་དམངས་ཁྲིམས་ཁང་དུ་ད་ལྟ་ནང་ཁུལ་གྱི་འགན་ནུས་སྒྲིག་གཞི14དང་མངགས་གཏོང་མི་དམངས་ཁྲིམས་ར7ཡོད་པ་དང་། ཞིབ་བཤེར་གཏན་འབེབས་བྱས་ཟིན་པའི་སྲིད་ཁྲིམས་ཆེད་དོན་སྒྲིག་ཁོངས་སུ་ཡོད་པའི་མི87 དང་དངོས་གནས་ཀྱི་མི81ཡོད་ལ། དེའི་ཁྲོད་སྐྱེས་པ65དང་བུད་མེད16 ཁྲིམས་དཔོན52 ཀྲུང་གུང་ཏང་ཡོན58བཅས་ཡོད། དེ་ལས་ལོ30མན་གྱི་མི17ཡོད་པ་དེས་མི་གྲངས་སྤྱིའི21.8%དང་ལོ50ཡན་གྱི་མི12ཡོད་པ་དེས་མི་གྲངས་སྤྱིའི15.4%ཟིན་ཡོད་པ་དང་། རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མི1དང་དངོས་གཞིའི་ཚན་ཁག་གི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མི70བཅས་ཡོད།

2 སྒྲིག་གཞིའི་སྒྲིག་བཀོད།

ལིན་ཐའོ་རྫོང་མི་དམངས་ཁྲིམས་ཁང་དུ་ད་ལྟ་ཆབ་སྲིད་ལས་དོན་ཚན་ཁག་དང་གཞུང་ལས་ཁང་། སྒྲིག་བཤེར་ཚོ་ཆུང་། ལྟ་ཞིབ་ཁང་། ཞིབ་འཇུག་ཁང་། འདྲི་གཅོད་དོ་དམ་གཞུང་ལས་ཁང་། ཡིག་བསྐུར་ངོ་བཅར་ཁང་། གྱོད་དོན་ཐོ་འགོད་ཁྲིམས་ར། ཉེས་དོན་ཁྲིམས་ར། དམངས་དོན་ཁྲིམས་ར་དང་པོ། སྲིད་འཛིན་ཁྲིམས་ར། འདྲི་གཅོད་ལྟ་སྐུལ་ཁང་། ཁྲིམས་འཛིན་ཉེན་རྟོག་རུ་ཆེན་སོགས་སྒྲིག་གཞི14ཡོད་པ་དང་། དེ་མིན་ད་དུང་ཀྲུང་ཕུའུ་དང་ཞིན་ཐེན། ཞིན་ཏེན། ཡུའུ་ཅིང་། ཡཱ་ཞ། ཡའོ་ཏེན། ཀྲན་ཐན་བཅས་མི་དམངས་ཁྲིམས་ར7ཡོད།

3 ཁྲིམས་ཁང་འཛུགས་སྐྲུན།

ཉེ་བའི་ལོ་འགའི་རིང་ལིན་ཐའོ་རྫོང་མི་དམངས་ཁྲིམས་ཁང་གིས“ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་ཚོར་ཐུབ་པ་བྱེད་དགོས”ཞེས་པའི་དམིགས་ཚད་ལ་དམ་པོར་དམིགས་ནས་དམངས་ཀྱི་ཆེད་ཁྲིམས་འཛིན་པ་དང་དྲང་གཞག་གིས་ཁྲིམས་འཛིན་པའི་གཙོ་གནད་དེ་སྟངས་འཛིན་ནན་པོ་བྱས་ཏེ་འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་ལེགས་སུ་གཏོང་བ་དང་། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྲིམས་འཛིན་གྱི་སྤྱི་བའི་ཡིད་ཆེས་ཆེ་རུ་གཏོང་བ་བཅས་བྱས་ནས་ཁྲིམས་ལྟར་འདྲི་གཅོད་ཀྱི་འགན་འཁྲི་བསྒྲུབས་པས་ཞིབ་དཔྱོད་ཁང་ཡོངས་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་དེ། ལོ་རེར་ཆ་སྙོམས་གྱོད་གཞི3200ལྷག་ཙམ་བདག་སྤྲོད་བྱས་ཡོད། དེ་མིན“འདྲི་གཅོད་དམ་འཛིན་དང་དམངས་འཚོར་འགན་ལེན། འཆམ་མཐུན་ཡོང་བར་སྐུལ་སྤེལ། དཔུང་ཁག་དམ་འཛིན། བྱང་ཚད་ཆེར་གཏོང་། གཟུགས་བརྙན་གསར་འཛུགས”བཅས་ཀྱི་ལས་ཀའི་བསམ་ཕྱོགས་ལྟར་རྒྱ་ཆེའི་ལས་བྱེད་པ་དང་ཉེན་རྟོག་པ་རྣམས་ཀྱི་སྣེ་ཁྲིད་དེ་ལས་བྱེད་པ་དང་ཉེན་རྟོག་པའི་བསམ་བློ་དང་ཆབ་སྲིད་ལེགས་སྐྱོང་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། འདྲི་གཅོད་དོ་དམ་དང་ཚད་ལྡན་ཅན་གྱི་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འདྲི་གཅོད་ཀྱི་སྤུས་ཚད་དང་ལས་ཆོད་ཆེ་རུ་གཏོང་བ་བཅས་བྱས་སྟབས་ཁྲིམས་ཁང་གི་ལས་དོན་ཁག་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་རེད།

4 གཟི་བརྗིད་མཚན་སྙན།

ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་པར་བརྟེན། ཉེ་བའི་ལོ་ཤས་རིང་ལིན་ཐའོ་རྫོང་མི་དམངས་ཁྲིམས་ཁང་ལ་ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ཨུ་ལྷན་དང་ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“ཞིང་ཆེན་ཡོངས་ཀྱིས་གཅིག་བསྡུས་ཐོག་གྱོད་གསོག་གཙང་བཤེར་བྱེད་པའི་བྱེད་སྒོའི་སྔོན་ཐོན་ཐུན་མོང”གི་གཟི་བརྗིད་མཚན་སྙན་སྤྲད་པ་དང་། ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་སྔོན་ཐོན་ཐུན་མོང”དང་ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ཨུ་ལྷན་གྱིས“ཞིང་ཆེན་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་སྔོན་ཐོན་ཐུན་མོང”གི་གཟི་བརྗིད་མཚན་སྙན་སྤྲད། གཞན་ཏིང་ཞི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གི་སྔོན་ཐོན་ཐུན་མོང”གི་གཟེངས་རྟགས་ཐེངས་མང་སྤྲད་པ་དང་། ལིན་ཐའོ་རྫོང་ཨུ་ཡིས“སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་མཚན་སྙན་སྤྲད་པ་རེད། དེ་མིན་ད་དུང་སློབ་གླིང་དེའི་ཏང་རྩ་འཛུགས་ཀྱི་ཁོངས་མི་ཡོན་ཀྲང་གཞོན་པ་བློ་མཐུན་ཡུས་ཀྲི་ཡན་ལ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སོ་སོར་རྒྱལ་ཡོངས་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་ཉེན་རྟོག་པ་ཕུལ་བྱུང་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁྲིམས་དཔོན་གྱི་མཚན་སྙན་སྤྲད་པ་རེད།

དཔྱད་གཞིའི་ཡིག་ཆ།