ཅིང་ཡོན་རྫོང་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ ཀླུ་བྷklumtso  ནས 2021-03-03 15:38ལ་འགྲུབ།

ཅིང་ཡོན་རྫོང་མི་དམངས་ཁྲིམས་ཁང་།

ཅིང་ཡོན་རྫོང་མི་དམངས་ཁྲིམས་ཁང་།
པའེ་དབྱིན་གྲོང་ཁྱེར་ཅིང་ཡོན་རྫོང་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1949ལོའི་ཟླ11པའི་ཚེས1ཉིན་བཙུགས་པ་དང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་ད་ལྟ་ཅིང་ཡོན་རྫོང་གི་གྲོང་ཁུལ་གསར་པའི་ཝུའུ་ཧུ་ལམ་དང་ཁྲོམ་གཞུང་བྱང་མའི་བཞི་མདོའི་ཤར་ཕྱོགས་སུ་གནས་ཡོད་ལ། ཁྲིམས་ཁང་ཡོངས་སུ་ལས་བྱེད་མི་སྣ86ཡོད་པ་དང་སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ཁྲོད་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མི་འབོར་གྱིས་མི་གྲངས་བསྡོམས་འབོར་གྱི83.7%ཟིན་པ་དང་། དེའི་ཁྲོད་ནང་ཞིབ་འཇུག་སློབ་མ2ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི2.3%ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白银市靖远县人民法院泾源县人民法院
འབྲེལ་གཏུགས་ཁ་པར།
0943-6121417
གནས་ཁུལ།
པའེ་དབྱིན་གྲོང་ཁྱེར་ཅིང་ཡོན་རྫོང་།
བཙུགས་ལོ།
སྤྱི་ལོ1949ལོའི་ཟླ11པའི་ཚེས1ཉིན།
གནས་ཡུལ།
ཅིང་ཡོན་རྫོང་གི་གྲོང་ཁུལ་གསར་པའི་ཝུའུ་ཧུ་ལམ་དང་ཁྲོམ་གཞུང་བྱང་མའི་བཞི་མདོའི་ཤར་ཕྱོགས།
མི་གྲངས།
86
སྦྲག་སྲིད་ཨང་གྲངས།
730600
ཡོན་ཀྲང་།
ཀྲང་མིང་།
1 ​ཁྲིམས་ཁང་ངོ་སྤྲོད།

པའེ་དབྱིན་གྲོང་ཁྱེར་ཅིང་ཡོན་རྫོང་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1949ལོའི་ཟླ11པའི་ཚེས1ཉིན་བཙུགས་པ་དང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་ད་ལྟ་ཅིང་ཡོན་རྫོང་གི་གྲོང་ཁུལ་གསར་པའི་ཝུའུ་ཧུ་ལམ་དང་ཁྲོམ་གཞུང་བྱང་མའི་བཞི་མདོའི་ཤར་ཕྱོགས་སུ་གནས་ཡོད་ལ། ཁྲིམས་ཁང་ཡོངས་སུ་ལས་བྱེད་མི་སྣ86ཡོད་པ་དང་སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ཁྲོད་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མི་འབོར་གྱིས་མི་གྲངས་བསྡོམས་འབོར་གྱི83.7%ཟིན་པ་དང་། ཞིབ་འཇུག་སློབ་མ2ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི2.3%ཟིན་ཡོད་པས། ཁྲིམས་ཁང་གི་དཔུང་ཁག་ལ་ཤེས་ཡོན་ལྡན་པ་དང་ཆེད་ལས་ཅན་གྱི་ཁྱད་ཆོས་མངོན་ཡོད།

2 སྒྲིག་གཞིའི་སྒྲིག་བཀོད།

ཅིང་ཡོན་རྫོང་ཁྲིམས་ཁང་དུ་ད་ལྟ་གཞུང་ལས་ཁང་དང་ཆབ་སྲིད་ལས་དོན་ཚན་ཁག གྱོད་དོན་ཐོ་འགོད་ཁྲིམས་ར(ཡིག་སྐུར་ངོ་གཏུག་གཞུང་ལས་ཁང་ཚུད) ཉེས་དོན་འདྲི་གཅོད་ཁྲིམས་ར། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། དམངས་དོན་འདྲི་གཅོད་ཁྲིམས་ར་གསུམ་པ། སྲིད་འཛིན་འདྲི་གཅོད་ཁྲིམས་ར། འདྲི་གཅོད་ལྟ་སྐུལ་ཁྲིམས་ར། ལག་བསྟར་ཅུའུ(ལག་བསྟར་ཁྲིམས་ར) ཁྲིམས་འཛིན་ཉེན་རྟོག་རུ་ཆེན་དང་སྲིད་འཛིན་སྒྲིག་ཆས་ཚན་ཁག་བཅས་ལས་ཁུངས་བཅུ་གཉིས་བཙུགས་ཡོད་ལ། ཝུའུ་ལན་དང་ཏ་ལུའུ། པེ་ཝན། ལིའུ་ཁྲོན། ཏུང་ཝན། ཝུའུ་ཧུ། པེ་ཐན། ཧྲོང་ལུང་བཅས་མི་དམངས་ཁྲིམས་ར8ཡོད།

3 ཁྲིམས་ཁང་འཛུགས་སྐྲུན།

ལོ་ཤས་རིང་ཅིང་ཡོན་རྫོང་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་བར་འདུམ་སྔོན་ལ་བྱེད་པ་གཙོ་བོ་དང་བར་འདུམ་དང་ཁྲིམས་གཅོད་ཟུང་འབྲེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་དང་གནས་ལུགས་དང་བརྩེ་སེམས་བཅས་གཞི་གཅིག་ཏུ་བསྡུས་ནས་གཏུག་བཤེར་འདུམ་འགྲིག་གི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། བར་འདུམ་བྱེད་ཐབས་ཕྱོགས་བསྡོམས་བྱས་པ་སྟེ། བར་འདུམ་ཐད་གོ་སྐབས“དུས་སྐབས་གསུམ”དམ་འཛིན་དང་། བར་འདུམ་གྱི་རྣམ་འགྱུར་ཐད“སེམས་བཞི”ལ་དང་དོད་བྱེད་པ། བར་འདུམ་བྱེད་རིང“བཟང་བོ་དྲུག”ཡོང་ཐབས་བྱེད་པ།  བར་འདུམ་བྱེད་ཐབས་ཐད“ཐབས་ལམ་དྲུག”གཙོར་འཛིན་བཞིན་ཡོད་ལ། འདུམ་འགྲིག་བྱེད་ཐབས་དེ་ཉིད་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི《ཁྲིམས་ལུགས་དུས་དེབ》ཐོག་བཀོད་པ་མ་ཟད། ཀན་སུའུ་ཁྲིམས་སྐྱོང་དྲ་ཐོག་ལེ་ཚན་ལས་བཏང་བ་དང་དྲིལ་བསྒྲགས་ཀྱང་བྱས་པ་རེད། དེ་མིན་ཅིང་ཡོན་རྫོང་ཁྲིམས་ཁང་གིས་ཕྱོགས་ཡོངས་ནས“3466”བར་འདུམ་བྱེད་ཐབས་ཁྱབ་གདལ་བཏང་བས་བཅའ་ཁྲིམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོབ་ཡོད།

4 གཟི་བརྗིད་མཚན་སྙན།

ཉེ་བའི་ལོ་ཤས་རིང་ཅིང་ཡོན་རྫོང་མི་དམངས་ཁྲིམས་ཁང་ལ་ཞིང་ཆེན་ཡོངས་ཀྱི་ལག་བསྟར་གསོག་གྱོད་མེད་པའི་སྔོན་ཐོན་ཁྲིམས་ཁང་གི་མཚན་སྙན་སྤྲད་པ་དང་། སྔ་རྗེས་སུ“རྒྱལ་ཡོངས་ཁྲིམས་ཁང་གིས་དམངས་དོན་བར་འདུམ་བྱ་བར་མཛུབ་སྟོན་བྱེད་པའི་སྔོན་ཐོན་མི་དམངས་ཁྲིམས་ར” དང“རྒྱལ་ཡོངས་ཀྱི་ཕུལ་བྱུང་མི་དམངས་ཁྲིམས་ར”བཅས་ཀྱི་མཚན་སྙན་ཐོབ།


དཔྱད་གཞིའི་ཡིག་ཆ།