སྨོན་སེམས་སེམས་བསྐྱེད་གང་རུང་གིས་ཟིན་པའི་སྦྱོར་ལམ་ཕར་ཕྱིན་དྲུགསྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2021-03-01 10:51ལ་འགྲུབ།

སྨོན་སེམས་སེམས་བསྐྱེད་གང་རུང་གིས་ཟིན་པའི་སྦྱོར་ལམ་ཕར་ཕྱིན་དྲུག

《ཀློང་རྡོལ་གསུང་འབུམ》ལས་བྱུང་བའི་སྨོན་སེམས་སེམས་བསྐྱེད་གང་རུང་གིས་ཟིན་པའི་སྦྱོར་ལམ་ཕར་ཕྱིན་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོ་ཤ451.5ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

རྟེན་དམ་པ་སྨོན་པ་སེམས་བསྐྱེད་དང་། འཇུག་པ་སེམས་བསྐྱེད་གང་རུང་གིས་ཟིན་པའི་སྦྱོར་བའི་ལམ་གྱི་ཕར་ཕྱིན་དྲུག་སྟེ།

1.སྦྱིན་པའི་ངོ་བོ་གཏོང་སེམས།

2.ཚུལ་ཁྲིམས་ཀྱི་ངོ་བོ་བསྲུང་སེམས།

3.བཟོད་པའི་ངོ་བོ་མི་འཁྲུགས་པ།

4.བརྩོན་འགྲུས་ཀྱི་ངོ་བོ་དགེ་བ་ལ་སྤྲོ་བའི་སེམས།

5.བསམ་གཏན་གྱི་ངོ་བོ་དགེ་སེམས་རྩེ་གཅིག་པ།

6.ཤེས་རབ་ཀྱི་ངོ་བོ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་གྲོས་རྣམས་སོ༎