སྨན་པའི་རྒྱུ་བསྟན་པ་དྲུགསྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2021-03-01 10:51ལ་འགྲུབ།

སྨན་པའི་རྒྱུ་བསྟན་པ་དྲུག

《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང》ལས་བྱུང་བའི་སྨན་པའི་རྒྱུ་བསྟན་པ་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང》དེབ་དང་པོ་ཤ696.9ལས་བཏུས།
རིགས་དབྱེ།
གསོ་བ་རིག་པ།
1 རྣམ་གྲངས་འདྲེན་པ།

1.ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས་དང་ལྡན་པ།

2.སེམས་ཅན་ཀུན་ལ་ཕན་པར་འདོད་པའི་ལྷག་པའི་བསམ་པ་མཆོག་ཏུ་དཀར་བ།

3.དམ་ཚིག་དང་ལྡན་ཞིང་གཙང་བར་བསྲུང་བ་ནུས་པ།

4.ལུས་ངག་ཡིད་གསུམ་གྱི་རྣམ་པ་བཟོ་བ།

5.བྱ་བ་གང་ཞིག་བྱས་ཀྱང་དུས་ལས་མི་གཡོལ་བའི་བརྩོན་འགྲུས་ལྡན་པ།

6.འཇིག་རྟེན་པ་ཡི་མིའི་ཆོས་ལུགས་ལ་མཁས་པའོ༎