ཀྲུང་ཝེའི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2021-02-26 09:08ལ་འགྲུབ།

ཀྲུང་ཝེའི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།

ཀྲུང་ཝེའི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།
ཀྲུང་ཝེའི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ནི་ཀྲུང་ཝེའི་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གི་ལས་དོན་སྡེ་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中卫市司法局
ངོ་བོ།
སྲིད་གཞུང་གི་ལས་དོན་སྡེ་ཁག
ལས་ཁུངས་ཀྱི་སྒྲིག་གཞི།
6ཡོད།
གནས་ཡུལ།
ཀྲུང་ཝེའི་གྲོང་ཁྱེར།
1 འགན་འཁྲི་གཙོ་བོ།

(གཅིག)རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་བྱེད་ཕྱོགས་དང་། སྲིད་ཇུས། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ས་གནས་ཀྱི་རང་བཞིན་ལྡན་པའི་འབྲེལ་ཡོད་སྒྲིག་སྲོལ་གྱི་མ་ཟིན་འགོད་པའི་ལས་ཀར་ཞུགས་པ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་ས་གནས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཞིབ་འཇུག་དང་འཆར་ཟིན་འགོད་པ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་སྲིད་ཇུས་གཏན་འབེབས་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ཀྱི་སྒྲོམ་གཞིའི་ནང་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་དང་འབྲེལ་ལག་ལེན་བསྟར་རྒྱུའི་སྒྲིག་འཛུགས་བྱེད་པ།

(གཉིས)གྲོང་ཁྱེར་ཡོངས་སུ་བཅའ་ཁྲིམས་ཀྱི་རྒྱུན་ཤེས་ཁྱབ་སྤེལ་གཏོང་བའི་འཆར་འགོད་བཟོ་རྒྱུ་དང་འབྲེལ་ལག་ལེན་བསྟར་རྒྱུའི་སྒྲིག་འཛུགས་བྱེད་པ། ཞང་དང་གྲོང་རྡལ(ཁྲོམ་ལམ)ཁག་དང་། སྡེ་ཁག་ཁག་གི་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོ། ཁྲིམས་ལྟར་བཅོས་སྐྱོང་དང་ཕྱི་ཕྱོགས་ལ་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་ལས་ཀར་ཁྲིད་སྟོན་བྱེད་པ།

(གསུམ)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རྩོད་པ་དང་གཞུང་དཔང་གི་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ་བྱ་རྒྱུ་མ་ཟད་བབ་མཚུངས་ཀྱི་ཁག་འགན་ཡང་འཁུར་བ།

(བཞི)གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་བྱ་བར་དོ་དམ་བྱེད་པ།

(ལྔ)གཞི་རིམ་གྱི་ཁྲིམས་འཛིན་སུའོ་འཛུགས་སྐྱོང་དང་། མི་དམངས་འདུམ་འགྲིག གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པ།

(དྲུག)སྡེ་ཁུལ་ཡོ་བསྲང་དང་གྲོང་ཁྱེར་ཡོངས་ཀྱི་ཉེས་ཆད་དང་ཉེས་ཆད་གྲོལ་རྗེས་ཀྱི་སློབ་གསོ་སེལ་བར་ཁྲིད་སྟོན་དང་། ལྟ་སྐུལ། དོ་དམ་བཅས་བྱེད་པའི་མི་སྣ་ལ་རོགས་རམ་སློབ་གསོ་དང་བཀོད་སྒྲིག་བྱེད་པ།

(བདུན)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་པ་དང་ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་ཐོ་འགོད་དོ་དམ་ལས་ཀ་གཙོ་སྐྱོང་བྱེད་པ་དང་། བཅའ་ཁྲིམས་ལྟར་འདུམ་གཅོད་ཐོ་འགོད་ལས་ཀར་དོ་དམ་བྱེད་པ།

(བརྒྱད)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ལས་དོན་གྱི་འགན་འཁུར་བ།

(དགུ)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཉེན་རྟོག་པའི་རླངས་འཁོར་དོ་དམ་ལས་དོན་དང་དེ་བཞིན་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་འཆར་གཞིའི་ནོར་དོན་ལས་དོན་ལ་དོ་དམ་དང་ལྟ་སྐུལ་བྱེད་པ།

(བཅུ)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་དཔུང་ཁག་འཛུགས་སྐྱོང་དང་། བསམ་བློའི་སྤྱོད་ཚུལ། ལས་ཀའི་སྤྱོད་ཚུལ་བཅས་ལེགས་སྐྱོང་བྱེད་འགན་འཁུར་བ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཉེན་རྟོག་ལས་དོན་དོ་དམ་དང་ཉེན་རྟོག་ལས་དོན་ལ་ལྟ་ཞིབ་བྱེད་པའི་འགན་འཁུར་བ།

(བཅུ་གཅིག)གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་སྲིད་གཞུང་གིས་བསྒྲུབ་རྒྱུར་སྤྲད་པའི་དོན་དག་གཞན་དག་བསྒྲུབ་པ། 

2 འགོ་ཁྲིད་ཀྱི་ལས་བགོས།

ལི་པིན(ཏང་ཙུའུ་ཧྲུའུ་ཅི་དང་ཅུའུ་ཀྲང)ཁྱོན་ཡོངས་ནས་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡི་ལས་དོན་གཙོ་སྐྱོང་གནང་བ་སྟེ། གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡི་ཏང་འཛུགས་སྐྱོང་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། འདུ་ཤེས་འཛིན་སྟངས། གསང་སྲུང་། བདེ་འཇགས་ཐོན་སྐྱེད། ནག་ཚོགས་སྤྱོད་ངན་གཙང་སེལ། དབུལ་སྐྱོར། གྲོང་ཁྱེར་འཛུགས་སྐྲུན། ཡིག་བསྐུར་ངོ་བཅར་བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་འགན་འཁུར་བ།

ཁྲེན་ཅན་ཀྲོང་།(ཏང་ཙུའུ་ཡི་ཁོངས་མི་དང་ཅུའུ་ཀྲང་གཞོན་པ)ཏང་ཙུའུ་ཧྲུའུ་ཅི་དང་ཅུའུ་ཀྲང་གི་ལས་ཀར་གཞོགས་འདེགས་བྱེད་པ།

ཁྲེན་ཝུའེ་ཆང་།(ཅུའུ་ཀྲང་གཞོན་པ)ཏང་ཙུའུ་ཧྲུའུ་ཅི་དང་ཅུའུ་ཀྲང་གི་ལས་དོན་ལ་གཞོགས་འདེགས་བྱས་ནས་ཁྲིམས་ལྟར་གྲོང་ཁྱེར་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་དང་གྲོང་ཁྱེར་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་ཁང་གི་ལས་དོན་བསྒྲུབ་པ།

ཀྲོའུ་ལི་ཙུའུ།(ཏང་ཙུའུ་ཡི་ཁོངས་མི་དང་ཅུའུ་ཀྲང་གཞོན་པ)ཏང་ཙུའུ་ཧྲུའུ་ཅི་དང་ཅུའུ་ཀྲང་གི་ལས་དོན་ལ་གཞོགས་འདེགས་བྱས་ནས་ཁྲིམས་རྩོད་པ་དང་། གཞུང་དཔང་། ཁྲིམས་འཛིན་གསལ་འབྱེད། འདུམ་གཅོད་ལས་རིགས་བཅས་ལ་བཅའ་ཁྲིམས་ཞབས་ཞུའི་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པ།

ཀྲང་ཅིན་ལན།(ཏང་ཙུའུ་ཡི་ཁོངས་མི་དང་རིམ་གསུམ་བརྟག་ཞིབ་པ)ཏང་ཙུའུ་ཧྲུའུ་ཅི་དང་ཅུའུ་ཀྲང་གི་ལས་དོན་ལ་གཞོགས་འདེགས་བྱས་ནས་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཀྱི་བུད་མེད་ལས་དོན་གྱི་འགན་འཁུར་བ།

3 ལས་ཁུངས་ཀྱི་སྒྲིག་གཞི།

1.གཞུང་ལས་ཁང་།

2.དྲིལ་བསྒྲགས་སློབ་གསོ་ཁོའོ།

3.ཁྲིམས་རོགས་པའི་གཞུང་དཔང་མཛུབ་སྟོན་ཁོའོ།

4.བཅའ་ཁྲིམས་རོགས་སྐྱོར་དང་ཁྲིམས་འཛིན་གསལ་འབྱེད་དོ་དམ་ཁོའོ།

5.གཞི་རིམ་ལས་ཀའི་མཛུབ་སྟོན་ཁོའོ།

6.བཀོད་སྒྲིག་རོགས་རམ་སློབ་གསོ་དང་སྡེ་ཁུལ་ཡོ་བསྲང་དོ་དམ་ཁོའོ།

དཔྱད་གཞིའི་ཡིག་ཆ།