ཀུའུ་ཡོན་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2021-02-26 09:07ལ་འགྲུབ།

ཀུའུ་ཡོན་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།

ཀུའུ་ཡོན་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།
《〈ཀུའུ་ཡོན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི〉པར་འགྲེམས་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུའི་གཞུང་དོན་ཐིང་གི་བརྡ་ཐོ》(ཉིང་ཏང་གཞུང་དོན་ཁང(2014)ཨང58པ)ལ་གཞིགས་ན་ཀུའུ་ཡོན་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་བཙུགས་ཤིང་ཀུའུ་ཡོན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལས་དོན་སྡེ་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
固原市司法局
ངོ་བོ།
ཀུའུ་ཡོན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལས་དོན་སྡེ་ཚན།
ཁོངས་གཏོགས།
ཀུའུ་ཡོན་གྲོང་ཁྱེར།
1 འགན་འཁྲི་གཙོ་བོ།

(གཅིག)ཁྱོན་ཡོངས་ནས་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི་གནད་དོན་གལ་ཆེན་གྱི་སྲིད་ཇུས་ཞིབ་འཇུག་བྱེད་འགན་འཁུར་བ་དང་། འབྲེལ་ཡོད་ཕྱོགས་ཀྱིས་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི་དུས་ཡུན་རིང་གི་འཆར་འགོད་ཀྱི་གྲོས་འགོ་འདོན་པར་མཐུན་སྦྱོར་བྱས་ཏེ། འབྲེལ་ཡོད་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལ་ལྟ་ཞིབ་བྱེད་པ།

(གཉིས)གཅིག་གྱུར་འཆར་འགོད་ཀྱི་ཁྲིམས་འཛུགས་ལས་དོན་གྱི་འགན་འཁྲི་འཁུར་བ།

(གསུམ)འབྲེལ་ཡོད་ས་གནས་ཀྱི་རང་བཞིན་ལྡན་པའི་ཁྲིམས་སྲོལ་དང་སྒྲིག་སྲོལ་གྱི་མ་ཟིན་འབྲི་འགོད་དམ་བཟོ་འགོད་སྒྲིག་འཛུགས་བྱེད་པ།

(བཞི)གྲོང་ཁྱེར་སྲིད་གཞུང་གི་སྒྲིག་སྲོལ་འགྲེལ་བཤད་བྱེད་འགན་འཁུར་བ་དང་། ཁྲིམས་བཙུགས་རྗེས་ཀྱི་དཔྱད་དཔོག་ལས་ཀ་བཅས། (ལྔ)ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་བ་དང་། གྲོང་ཁྱེར་སྲིད་གཞུང་གི་སྡེ་ཁག་སོ་སོ་དང་། སྲིད་གཞུང་རིམ་པ་ཁག་གིས་ཁྲིམས་ལྟར་སྲིད་འཛིན་བྱེད་པར་མཛུབ་སྟོན་དང་ལྟ་སྐུལ་བྱེད་པ།  (དྲུག)གཅིག་གྱུར་འཆར་འགོད་ཀྱི་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འགན་འཁྲི་འཁུར་བ།

(བདུན)སྡེ་ཁུལ་གྱི་ཡོ་བསྲང་ལས་ཀར་མཛུབ་ཁྲིད་དང་དོ་དམ་བྱེད་པ།

(བརྒྱད)སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་འཆར་འགོད་གཏན་འབེབས་བྱེད་འགན་འཁུར་རྒྱུ་མ་ཟད་ལག་ལེན་བསྟར་བར་ཁྲིད་སྟོན་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་བཅས་ཀྱི་བཅའ་ཁྲིམས་ཞབས་ཞུའི་ཐོན་ཁུངས་གཅིག་གྱུར་གྱིས་འཆར་འགོད་དང་བཀོད་སྒྲིག་བྱེད་པ།

2 ལས་ཁུངས་ཀྱི་སྒྲིག་གཞི།

1.གཞུང་ལས་ཁང་།

2.ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོ་ཁའོ།

3.བཅའ་ཁྲིམས་རོགས་སྐྱོར་དོ་དམ་ཚན་ཁག

4.གཞི་རིམ་ལས་ཀའི་ཚན་ཁག

5.སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དོ་དམ་ཚན་ཁག

6.སྡེ་ཁུལ་ཡོ་བསྲང་དང་བཀོད་སྒྲིག་རོགས་རམ་སློབ་གསོ་དོ་དམ་ཅུའུ།

3 ད་ལྟའི་འགོ་ཁྲིད།

གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡི་ཅུའུ་ཀྲང་། ལི་ཀྲི་ཅན།

དཔྱད་གཞིའི་ཡིག་ཆ།