དབྱིན་ཁྲོན་གྲོང་ཁྱེར་སྤྱི་བདེ་ཅུའུ།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2021-02-25 16:01ལ་འགྲུབ།

དབྱིན་ཁྲོན་གྲོང་ཁྱེར་སྤྱི་བདེ་ཅུའུ།

དབྱིན་ཁྲོན་གྲོང་ཁྱེར་སྤྱི་བདེ་ཅུའུ།
དབྱིན་ཁྲོན་གྲོང་ཁྱེར་སྤྱི་བདེ་ཅུའུ་ལ་ད་ལྟ་ཁོངས་གཏོགས་ལས་ཁུངས15དང་ཐད་གཏོགས་ལས་ཁུངས13 ཁོངས་གཏོགས་ཡན་ལག་ཅུའུ6དང་། རྫོང་སྤྱི་བདེ་ཅུའུ2 རྫོང་རིམ་པའི་གྲོང་ཁྱེར་སྤྱི་བདེ་ཅུའུ1བཅས་ཡོད་པ་དང་། སྤྱི་ལོ2019ལོའི་ཟླ12པར་དབྱིན་ཁྲོན་གྲོང་ཁྱེར་སྤྱི་བདེ་ཅུའུ་ལ་རྒྱལ་ཡོངས་ཀྱི་ཁག་བདུན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པ་ཡི་མཚན་སྙན་ཐོབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
吴忠市公安局
ཁོངས་གཏོགས།
དབྱིན་ཁྲོན་གྲོང་ཁྱེར།
ངོ་བོ།
སྲིད་གཞུང་གི་ལས་དོན་སྡེ་ཚན།
ཅུའུ་ཀྲང་།
ཝུའུ་ཆི་ཏུང་།
1 ​འགན་འཁྲི་གཙོ་བོ།

གཅིག རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྤྱི་བདེའི་ལས་དོན་གྱི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དང་། སྤྱི་བདེའི་ལས་དོན་སྐོར་གྱི་གཏན་འབེབས་དང་ལག་བསྟར་བྱེད་ཐབས་བཟོ་འགོད་སྒྲིག་འཛུགས་བྱ་རྒྱུ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ལས་དོན་ལ་ཐབས་ཇུས་འགོད་པ་དང་བཀོད་སྒྲིག་བྱེད་པ་དང་འབྲེལ་མཛུབ་ཁྲིད་དང་། ཞིབ་བཤེར། ལྟ་སྐུལ་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ལག་བསྟར་དོན་འཁྱོལ་བྱེད་པ།

གཉིས། གསང་འཕྲིན་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་བརྟན་ལྷིང་དང་། རྒྱལ་ནང་གི་སྤྱི་ཚོགས་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གནས་ཚུལ་ཁོང་དུ་ཆུད་པ་བྱས་ཏེ་གསང་འཕྲིན་ཕྱོགས་བསྡུས་ཞིབ་འཇུག་བརྡར་གཅོད་དང་དབྱེ་ཞིབ་བྱེད་འགན་འཁུར་བ་དང་། གསང་འཕྲིན་སྔོན་བརྡ་དང་བཀའ་བཀོད་བཏང་ནས་ཐབས་ཇུས་བཟོ་བ།

གསུམ། གྱོད་དོན་སྔོན་འགོག་དང་། བཀག་འགོག མྱུལ་ཞིབ་བཅས་ཀྱི་ལས་ཀ་དང་། བདེ་འཇགས་ཀྱི་གྱོད་དོན་ཞིབ་རྩད་ཐག་གཅོད་དང་། འཇིགས་སྐུལ་དོན་རྐྱེན། ཟིང་སློང་བཅས་ཐག་གཅོད་དང་། སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ།  

བཞི། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་ཐད་ཀྱི་ཉེས་གསོག་གྱོད་གཞིར་མྱུལ་ཞིབ་བྱེད་འགན་འཁུར་བ།

ལྔ། དུག་འགོག་དང་དུག་འགོག་གི་ལས་འགན་འཁུར་བ་དང་། གྲོང་ཁྱེར་དུག་འགོག་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་རྒྱུན་ལྡན་ལས་ཀའི་སྒྲུབ་འགན་བ།

དྲུག སྤྱི་ཚོགས་ཀྱི་བདེ་སྐྱོང་སྒྲིག་ལམ་ལ་གནོད་སྐྱོན་གཏོང་བའི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། ཐེམ་ཐོ་དང་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དང་། འགྲུལ་བཞུད་མི་འབོར་དང་། མེ་མདའ་དང་རྫས་མདེལ། འབར་གས་ཉེན་ཅན། དམིགས་བསལ་ལས་རིགས། མི་མང་འདུ་ས། དེ་བཞིན་རྒྱལ་མཚམས་ནས་འགྲོ་འོང་དང་སྤྱི་བདེའི་ཕྱི་འབྲེལ་ལས་དོན་བཅས་ལ་ཁྲིམས་ལྟར་དོ་དམ་བྱེད་པ།

བདུན། ཐེམ་ཐོ་དང་། རྒྱལ་ཁོངས། རྒྱལ་མཚམས་ནས་འགྲོ་འོང་བཅས་ཀྱི་ལས་དོན་དང་། ཕྱི་རྒྱལ་བ་ཀྲུང་གོའི་མངའ་ཁོངས་ནང་དུ་གནས་སྡོད་དང་ཡུལ་སྐོར་བྱེད་པའི་འབྲེལ་ཡོད་ལས་དོན་ལ་དོ་དམ་བྱེད་པ།

བརྒྱད། གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་སྒྲིག་ལམ་དོ་དམ་དང་། འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོང་། འགྲིམ་འགྲུལ་དོན་རྐྱེན་དང་གྱོད་དོན་རྩད་ཞིབ་ཐག་གཅོད་ཀྱི་བྱེད་འགན་འཁུར་བ།

དགུ། གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་གཞུང་གི་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ཀྱི་བདེ་སྐྱོང་ལས་ཀ་དང་དེ་བཞིན་མང་ཚོགས་ཀྱི་རང་བཞིན་ལྡན་པའི་བདེ་སྐྱོང་རྩ་འཛུགས་ཀྱི་བདེ་སྐྱོང་ཉེན་ཟོན་ལས་ཀར་ཁྲིམས་ལྟར་ཁྲིད་སྟོན་དང་ལྟ་སྐུལ་གྱི་བྱེད་འགན་འཁུར་བ།

བཅུ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ཚན་རིག་ལག་རྩལ་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱས་ནས་སྤྱི་བདེའི་ཆ་འཕྲིན་ལག་རྩལ་དང་། ཉེས་དོན་ལག་རྩལ། བྱ་སྤྱོད་ལག་རྩལ། དྲ་ཐོག་ལྟ་སྐུལ་ལག་རྩལ་སོགས་འཛུགས་སྐྲུན་དང་འཆར་འགོད་བྱེད་པ།

བཅུ་གཅིག གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ཆབ་སྲིད་ལས་དོན་དང་དཔུང་ཁག་འཛུགས་སྐྱོང་། སྤྱི་བདེའི་མི་དམངས་ཉེན་རྟོག་པའི་སློབ་གསོ་དང་། གསོ་སྦྱོང་། བྱ་དགའ། གཟིགས་སྐྱོང་། སྤྱི་བདེའི་དྲིལ་བསྒྲགས་བཅས་ཀྱི་ལས་དོན་ལ་འཆར་འགོད་དང་མཛུབ་ཁྲིད་བྱེད་འགན་འཁུར་བ།

བཅུ་གཉིས། གྲོང་ཁྱེར་ཡོངས་ཀྱི་བདེ་སྲུང་ལས་དོན་གྱི་སྒྲུབ་འགན་འཁུར་བ།

བཅུ་གསུམ། གྲོང་ཁྱེར་ཡོངས་ཀྱི་འདུ་ཚོགས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་བྱེད་སྒོར་དོ་དམ་བྱེད་འགན་འཁུར་བ།

བཅུ་བཞི། གྲོང་ཁྱེར་ཡོངས་ཀྱི་སྤྱི་པའི་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་ལས་དོན་གྱི་འགན་འཁུར་བ་དང་། ཆ་འཕྲིན་བདེ་འཇགས་རིམ་པའི་སྲུང་སྐྱོབ་ལས་དོན་ལ་ལྟ་སྐུལ་དང་། ཞིབ་བཤེར། མཛུབ་ཁྲིད་བཅས་ཀྱི་འགན་འཁུར་བ།

བཅོ་ལྔ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་དཔུང་ཁག་གི་ལྟ་སྐུལ་དོ་དམ་ལས་དོན་གྱི་སྒྲིག་སྲོལ་ལམ་ལུགས་བཟོ་བ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་ལྟ་ཞིབ་ལས་དོན་སྤེལ་བ། སྤྱི་བདེའི་དཔུང་ཁག་གི་སྒྲིག་འགལ་གྱོད་གཞི་ཞིབ་བཤེར་ཐག་གཅོད་བཅས་བྱེད་པ།

2 གནས་ཡུལ།

གཞུང་དོན་སྒྲུབ་གནས། དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥེང་ཆུས་ཧོ་ལན་ཧྲན་དབུས་ལམ་གྱི་ཨང545པ།

3 ལས་ཁུངས་ཀྱི་སྒྲིག་གཞི།

ནང་ཁུལ་དུ་བཙུགས་པའི་སྒྲིག་གཞི། སྒྲིག་བཤེར་ཨུ་ལྷན(ལྟ་ཞིབ་ཁང)དང་། ཆབ་སྲིད་པུའུ། བཀོད་འདོམས་པུའུ། གཞུང་དོན་ཁང་། ཉེན་དོན་འགན་སྲུང་ཁྲུའུ། ཁྲིམས་ལུགས་ཉིང་ལག་རུ་ཁག ཚན་རྩལ་ཆ་འཕྲིན་ཅན་ཁྲུའུ། སྲིད་འཛིན་ཆོག་འཐུས་ཁྲུའུ། སྐུ་སྲུང་ཁྲུའུ། ཕྱི་དོན་གཞུང་དོན་ཁང་། ཉེན་དོན་ལྟ་ཞིབ་ཉིང་ལག་རུ་ཁག བཙོན་ཁང་དོ་དམ་ཉིང་ལག་རུ་ཁག དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་ཉིང་ལག་རུ་ཁག དུག་འགོག་ཉིང་ལག་རུ་ཁག་སོགས་ཡོད།

ཐད་གཏོགས་སྒྲིག་གཞི། བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་དང་། ཉེས་དོན་ཉེས་གསོག་མྱུལ་ཞིབ་ཉིང་ལག་རུ་ཁག དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་ཉིང་ལག་རུ་ཁག ཤེས་བྱའི་ཐོན་དངོས་བདག་དབང་ལ་གནོད་འཚེ་གཏོང་བའི་ཉེས་གསོག་མྱུལ་ཞིབ་ཉིང་ལག་རུ་ཁག འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག(འགྲིམ་འགྲུལ་ཉེན་རྟོག་ཡན་ལག་ཅུའུ)དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག མེ་ཟོན་ཉིང་ལག་རུ་ཁག སྤྱི་པའི་འགྲིམ་འགྲུལ་བདེ་འཇགས་ཡན་ལག་ཅུའུ། ཁོར་ཡུག་དང་བཟའ་བཅའ་དང་སྨན་རྫས་བདེ་འཇགས་སྲུང་སྐྱོང་ཡན་ལག་ཅུའུ། ལྟ་སྲུང་ཁང་། བཀག་སྐྱིལ་ཁང་སོགས་ཡོད།

མངགས་གཏོང་ཁང་གི་སྒྲིག་གཞི། ཞིན་ཆིན་ཆུས་སྤྱི་བདེ་ཡན་ལག་ཅུའུ་དང་། ཅིན་ཧྥེང་ཆུས་སྤྱི་བདེ་ཡན་ལག་ཅུའུ། ཞི་ཞ་ཆུས་སྤྱི་བདེ་ཡན་ལག་ཅུའུ། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སྤྱི་བདེ་ཡན་ལག་ཅུའུ། ཉིན་ཏུང་སྤྱི་བདེ་ཡན་ལག་ཅུའུ། པིན་ཧོ་ཁུལ་གསར་སྤྱི་བདེ་ཡན་ལག་ཅུའུ་བཅས་ཡོད།

དཔྱད་གཞིའི་ཡིག་ཆ།