ལུའོ་དབྱང་གྲོང་ཁྱེར་ལའོ་ཁྲེང་ཆུས་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-03-01 11:21ལ་འགྲུབ།

ལུའོ་དབྱང་གྲོང་ཁྱེར་ལའོ་ཁྲེང་ཆུས་མི་དམངས་ཁྲིམས་ཁང་།

ལུའོ་དབྱང་གྲོང་ཁྱེར་ལའོ་ཁྲེང་ཆུས་མི་དམངས་ཁྲིམས་ཁང་།
ལའོ་དབྱང་གྲོང་ཁྱེར་ལའོ་ཁྲེང་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1956ལོའི་ཟླ5པའི་ཚེས15ཉིན་བཙུགས་པ་དང་། སྤྱི་ལོ2000ལོའི་ཟླ10པར་ལའོ་དབྱང་གྲོང་ཁྱེར་ལའོ་ཁྲེང་ཆུས་མི་དམངས་ཁྲིམས་ཁང་ཅིའུ་ཏུའུ་ཤར་ལམ་གྱི་སྒོ་རྟགས་ཨང188པ་རུ་གནས་སྤར་ཞིང་། ཁྲིམས་ཁང་ཡོངས་ལ་ཁྱོན་བསྡོམས་ལས་བྱེད་པ་དང་ཉེན་རྟོག་པ60ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
洛阳市老城区人民法院    http://lylcqfy.hncourt.org/
སྦྲག་སྲིད་ཨང་རྟགས།
471000
འབྲེལ་གཏུག་ཁ་པར་ཨང་གྲངས།
0379-63159000
གནས་ཡུལ།
ལུའོ་དབྱང་གྲོང་ཁྱེར་ལའོ་ཁྲེང་ཆུས་ཅིའུ་ཏུའུ་ཤར་ལམ་གྱི་སྒོ་རྟགས་ཨང188པ།
བཙུགས་ལོ།
1956-05
མི་གྲངས།
མི60
1 ངོ་སྤྲོད་མདོར་བསྡུས།

ལའོ་དབྱང་གྲོང་ཁྱེར་ལའོ་ཁྲེང་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1956ལོའི་ཟླ5པའི་ཚེས15ཉིན་བཙུགས་པ་དང་། དེ་སྔའི་ལའོ་ཁྲེང་ཆུས་མི་དམངས་ཁྲིམས་ཁང་ནི་ཅིང་ཧུའུ་སྲང་ལམ་ཨང23པར་གནས་ཤིང་། སྤྱི་ལོ2000ལོའི་ཟླ10པར་ལའོ་ཁྲེང་ཆུས་མི་དམངས་ཁྲིམས་ཁང་དེ་ཅིའུ་ཏུའུ་ཤར་ལམ་གྱི་སྒོ་རྟགས་ཨང188པ་རུ་གནས་སྤར་ཞིང་། ཁྲིམས་ཁང་དུ་ལས་བྱེད་པ་དང་ཉེན་རྟོག་པ60དང་། འགོ་ཁྲིད་ཚན་ཁག་གི་མི9དང་འདྲི་གཅོད་པ36 སྲིད་འཛིན་དང་འདྲི་གཅོད་གཞོགས་འདེགས་མི་སྣ24བཅས་ཡོད།

2 ལས་ཁུངས་སྒྲིག་གཞི།

ལུའོ་དབྱང་གྲོང་ཁྱེར་ལའོ་ཁྲེང་ཆུས་མི་དམངས་ཁྲིམས་ཁང་དུ་ད་ཆ་གྱོད་དོན་ཐོ་འགོད་ཁང་དང་། ཉེས་དོན་ཁྲིམས་ཁང། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། སྲིད་འཛིན་ཁྲིམས་ཁང་། འདྲི་གཅོད་ཁང་། ལག་བསྟར་ཅུའུ། གཞུང་ལས་ཁང་། ཆབ་སྲིད་ཁྲུའུ། ཁྲིམས་ལུགས་ཉེན་རྟོག་རུ་ཆེན། ལྟ་ཞིབ་ཁང་། སྲིད་འཛིན་ཁོའོ་སོགས་ཁྱོན་སྡེ་ཚན12བཙུགས་ཡོད། 

3 གཟི་བརྗིད་མཚན་སྙན། 

ཉེ་བའི་ལོ་ཤས་རིང་སྔ་རྗེས་སུ“ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཁྲིམས་དཔོན”དང་།“ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཕུལ་བྱུང་ཏང་ཡོན་ལས་བྱེད་ཉེན་རྟོག་པ” “ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་ལས་དོན་གྱི་སྔོན་ཐོན་མི་སྒེར” “ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་གྱོད་དཔེ་ལས་དོན་གྱི་སྔོན་ཐོན་མི་སྒེར”སོགས་སྔོན་ཐོན་དཔེ་བཟང་ཐོན་པ་དང་། “ཚན་པའི་བྱས་རྗེས་རིམ་པ་གཉིས་པ”དང་། “ཞིང་ཆེན་རིམ་པའི་དཔལ་ཡོན་སྡེ་ཚན” “ཞིང་ཆེན་ཡོངས་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ཁྲིམས་ཁང”  ཞི་ཀོན་དོན་གཅོད་ཁང་གི་སྤྱི་ཚོགས་ཁྲིམས་ར། མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཕུལ་བྱུང་རིམ་པའི་ཁྲིམས་ཁང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་ལས་དོན་གྱི་གྲུབ་འབྲས་མངོན་གསལ་དོད་པའི་ཚན་པ་བཅས་ཀྱི་ཁྲིམས་འཛིན་ཉེན་རྟོག་པའི་རུ་ཆེན། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་གྱོད་དཔེ་ལས་དོན་གྱི་སྔོན་ཐོན་སྡེ་ཚན་སོགས་ཀྱི་མཚན་སྙན་ཐོབ།

དཔྱད་གཞིའི་ཡིག་ཆ།