ཏེང་ཧྥེང་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-03-01 11:22ལ་འགྲུབ།

ཏེང་ཧྥེང་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།

ཏེང་ཧྥེང་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།
《ཏེང་ཧྥེང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་ཏེང་ཧྥེང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཏེང་ཧྥེང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལས་ཁུངས་སྒྱུར་བཅོས་ལག་བསྟར་བསམ་འཆར་པར་འགྲེམས་སྐོར་གྱི་བརྡ་ཐོ》ལ་གཞིགས་ནས་ཏེང་ཧྥེང་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་བཙུགས་ཏེ་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་སྡེ་ཚན་དུ་གྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
登封市司法局
ངོ་བོ།
སྲིད་གཞུང་ལས་དོན་སྡེ་ཁག
གནས་ཡུལ།
ཏེང་ཧྥེང་གྲོང་ཁྱེར།
འགན་ནུས།
ཁྲིམས་འཛིན་ལྟ་སྐུལ།
1 འགན་འཁྲི་ལེགས་སྒྲིག

(གཅིག)གྲོང་ཁྱེར་སྲིད་གཞུང་གིས་ཡོངས་བསྒྲགས་བྱས་ནས་མེད་པར་བཟོས་པའི་སྲིད་འཛིན་ཞིབ་མཆན་དོན་ཚན་མེད་པར་བཟོ་དགོས། 

(གཉིས)སྤྱི་ཚོགས་ཀྱི་བཅའ་ཁྲིམས་བློ་འདྲིའི་ཞབས་ཞུའི་ལས་ཁུངས་ལ་ཞིབ་མཆན་འགོད་པ་དང་དོ་དམ་བྱེད་པའི་འགན་འཁྲི་མེད་པར་བཟོ་དགོས། 

(གསུམ)སྡེ་ཁུལ་གྱི་ཡོ་བསྲང་ལས་ཀར་ཁྲིད་སྟོན་དང་དོ་དམ་བྱེད་པའི་འགན་འཁྲི་མང་དུ་གཏོང་དགོས། 

(བཞི)བཅའ་ཁྲིམས་རོགས་སྐྱོར་བྱ་བར་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། 

2 འགན་འཁྲི་གཙོ་བོ།

(གཅིག)རྒྱལ་ཁབ་དང་ཞིང་ཆེན། ཀྲེང་ཀྲོའུ་གྲོང་ཁྱེར་བཅས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་འཕེལ་རྒྱས་གཏོང་བའི་འཆར་འགོད་བཟོ་བ་དང་འབྲེལ་ལག་ལེན་བསྟར་རྒྱུའི་སྒྲིག་འཛུགས་ཀྱང་བྱས་ཡོད། 

(གཉིས)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་དང་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུའི་འཆར་འགོད་བཟོ་རྒྱུ་མ་ཟད་ལག་ལེན་བསྟར་རྒྱུའི་སྒྲིག་འཛུགས་ཀྱང་བྱ་རྒྱུ། ཡུལ་ཚོ་དང་གྲོང་རྡལ་ཁག ལས་རིགས་ཁག་གི་ཁྲིམས་ལུགས་དྲིལ་བསྒྲགས་དང་ཁྲིམས་བཞིན་བཅོས་སྐྱོང་བྱེད་རྒྱུའི་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས། 

(གསུམ)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རོགས་པའི་ལས་གཉེར་ཁང་དང་བཅའ་ཁྲིམས་བློ་འདྲིའི་ལས་ཁུངས། སྤྱི་ཚོགས་ཀྱི་བཅའ་ཁྲིམས་ཞབས་ཞུའི་ལས་ཁུངས་བཅས་དང་དེ་བཞིན་དེའི་ལས་གཉེར་མི་སྣའི་ལས་གཉེར་བྱེད་སྒོར་རྒྱུན་ལྡན་གྱི་ལྟ་སྐུལ་དང་དོ་དམ་བྱ་རྒྱུ། གོང་རིམ་ལ་གཞོགས་འདེགས་བྱས་ནས་ལས་གཉེར་ལག་ཁྱེར་ཞིབ་བཤེར་དང་ཐོ་འགོད་ལས་ཀ་ལེགས་པར་བསྒྲུབ་དགོས་པ་མ་ཟད་བབ་མཚུངས་ཀྱི་འགན་འཁྲི་ཡང་འཁུར་དགོས། 

(བཞི)གྲོང་ཁྱེར་ཡོངས་ཀྱི་གཞུང་དཔང་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ་བྱ་རྒྱུ་དང་འབྲེལ་བབ་མཚུངས་ཀྱི་འགན་འཁྲི་འཁུར་རྒྱུ་བཅས་ཡིན། 

(དྲུག)གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་བྱ་བར་ལྟ་སྐུལ་དང་དོ་དམ་བྱེད་དགོས། 

(བདུན)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སོའོ་འཛུགས་སྐྱོང་དང་། མི་དམངས་འདུམ་འགྲིག གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ། ཁྲིམས་ཆད་འཁུར་ཡུན་ནས་གློད་འགྲོལ་བཏང་བའི་མི་སྣ་དང་དེ་བཞིན་ངལ་རྩོལ་བྱེད་ཁོངས་ནས་གློད་པའི་མི་སྣ་བཀོད་སྒྲིག་དང་རོགས་རམ་སློབ་གསོ་གཏོང་བའི་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ། སྡེ་ཁུལ་ཡོ་བསྲང་གི་ལས་ཀར་ཁྲིད་སྟོན་དང་དོ་དམ་བྱ་དགོས། 

(བརྒྱད)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱ་དགོས། 

(དགུ)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་དཔུང་ཁག་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ལས་དོན་ལ་མཛུབ་ཁྲིད་དང་། དོ་དམ་ཅུའུ་ལས་ཁུངས་དང་ཁོངས་གཏོགས་ཚན་པའི་ལས་བྱེད་པས་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཉེན་དོན་དོ་དམ་དང་ཉེན་དོན་ལྟ་ཞིབ་ལས་དོན་གྱི་འགན་འཁུར་དགོས། 

(བཅུ)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་རླངས་འཁོར་དང་། འཕྲིན་སྐྱེལ། གྱོན་ཆས་བཅས་དོ་དམ་བྱེད་པར་འགན་འཁུར་རྒྱུ་དང་། རང་ཁོངས་སུ་གཏོགས་པའི་སྡེ་ཚན་གྱི་ནོར་དོན་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ་བྱས་ཏེ། རང་གི་ཁོངས་སུ་གཏོགས་པའི་སྡེ་ཚན་གྱི་ནང་ཁུལ་གྱི་རྩིས་བཤེར་ལས་དོན་གྱི་འགན་འཁུར་དགོས། 

(བཅུ་གཅིག)གྲོང་ཁྱེར་སྲིད་གཞུང་གིས་བསྒྲུབ་རྒྱུར་སྤྲད་པའི་དོན་དག་གཞན་དག་བསྒྲུབ་རྒྱུ།

3 ནང་ཁུལ་སྒྲིག་གཞི།

གོང་གསལ་གྱི་འགན་འཁྲི་གཞིར་བཟུང་སྟེ་ཏེང་ཧྥུང་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡིས་སྒྲིག་གཞི6བཙུགས་ཡོད། 

3_1 གཞུང་ལས་ཁང་།

གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་བཟོས་ནས་ལག་བསྟར་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་ལ། རིག་གནས་དང་གློག་འཕྲིན། ཚོགས་འདུའི་ལས་དོན། གསང་བ། སྐུལ་སྒྲུབ། སྣེ་ལེན། ཡིག་ཚགས། རླངས་འཁོར་དོ་དམ། དཔུང་སྡེ་འཛུགས་སྐྲུན། འཆར་ལྡན་བུ་བཙའ། ཕྱོགས་བསྡུས་བཅོས་སྐྱོང་སོགས་ལས་ཁུངས་ཀྱི་ཉིན་རྒྱུན་གྱི་བྱ་བ་སྒྲུབ་འགན་འཁུར་བ་དང་། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་ཆ་འཕྲིན་ལག་རྩལ་དྲ་བ་འཛུགས་སྐྲུན་བྱེད་འགན་འཁུར་རྒྱུ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་བསྡོམས་རྩིས་ལས་དོན་གྱི་འགན་འཁུར་རྒྱུ། དོ་དམ་ཅུའུ་ཡི་ལས་ཁུངས་དང་ཁོངས་གཏོགས་ལས་ཁུངས་ཀྱི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར། དེ་མིན་གཞི་རྩའི་འཛུགས་སྐྲུན་ལ་མ་དངུལ་གཏོང་བའི་འགན་ཁུར་དགོས་ལ། ལས་ཁུངས་དང་དེའི་ཁོངས་གཏོགས་སྡེ་ཚན་གྱི་འཕྲིན་གཏོང་དང་དངོས་རྫས། སྒྲིག་ཆས་བཅས་ཀྱི་ལས་དོན་སྒྲུབ་པར་འགན་འཁུར་རྒྱུ།  ཅུའུ་དང་དེའི་ཁོངས་གཏོགས་སྡེ་ཚན་གྱི་སྔོན་རྩིས་དང་ངེས་རྩིས་དང་། ནོར་དོན་དོ་དམ། རྩིས་བཤེར། དེ་བཞིན་སྲིད་གཞུང་གི་ཉོ་སྒྲུབ་ལས་ཀ་བཅས་ཀྱི་འགན་འཁུར་དགོས། 

4 ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་ཁོའོ།

ཁྲིམས་འཛིན་ཁོངས་གཏོགས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་ལས་དོན་གྱི་འགན་འཁུར་དགོས་ལ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལུགས་རིག་པའི་སློབ་གསོའི་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ། ཁྲིམས་འཛིན་མ་ལག་གི་གསར་འགྱུར་དྲིལ་བསྒྲགས། ཁྲིམས་ལུགས་སློབ་གསོའི་ལས་དོན་བཅས་ཀྱི་འགན་འཁུར་དགོས། 

5 ཁྲིམས་འཛིན་གསལ་འབྱེད་མཛུབ་སྟོན་ཁོའོ།

གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རྩོད་པ་དང་བཅའ་ཁྲིམས་བློ་འདྲི་བ། དེ་བཞིན་གཞུང་དཔང་ལས་དོན་ལ་མཛུབ་ཁྲིད་བྱེད་པ། གོང་རིམ་ལ་གཞོགས་འདེགས་བྱས་ནས་ཁྲིམས་རོགས་པའི་ལས་གཉེར་ཁང་དང་ཁྲིམས་རོགས་པའི་ལོ་བཤེར་ཐོ་འགོད་དང་ལས་གཉེར་ལག་ཁྱེར་སྤྲོད་པའི་ལས་ཀ་ཡག་པོ་བསྒྲུབ་དགོས་ལ། གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་ཞབས་ཞུའི་ཁྲོམ་རར་ཚད་ལྡན་དོ་དམ་བྱ་རྒྱུ།  གྲོང་ཁྱེར་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་པའི་མཐུན་ཚོགས་ཀྱི་ལས་དོན་དང་དེ་བཞིན་སྤྱི་ཚོགས་ལ་ཕྱོགས་པའི་ཞབས་ཞུའི་ཁྲིམས་འཛིན་གསལ་འབྱེད་ལས་དོན་ལ་མཛུབ་ཁྲིད་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་དོན་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་པ། ལས་ཁུངས་ཀྱི་ཁྲིམས་ལུགས་དང་འབྲེལ་བ་ཡོད་པའི་ཐབས་ཇུས་སྔོན་ལ་ཞིབ་བཤེར་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆར་དོ་དམ། ཁྲིམས་འཛིན་གྱོད་གཞི་ཞིབ་བཤེར་དང་སྙན་སེང་ཐོ་འགོད་བཅས་བྱེད་པར་འགན་འཁུར་དགོས་ལ། སྲིད་འཛིན་ཁྲིམས་སྒྱུར་མི་སྣ་དང་གྱོད་གཞི་ནོར་འཁྲུལ་ཅན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུར་ལྟ་སྐུལ་དོ་དམ་བྱེད་དགོས།

6 གཞི་རིམ་ལས་སྒྲུབ་ཁོའོ།

གྲོང་ཁྱེར་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ། ཆུས། ཁྲིམས་འཛིན་ཁང་། གཞི་རིམ་བཅའ་ཁྲིམས་ཞབས་ཞུ་སོའོ་བཅས་ཀྱིས་མི་དམངས་འདུམ་འགྲིག་དང་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ་སོགས་ཀྱི་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཆད་འཁུར་ཡུན་ནས་གློད་གྲོལ་བྱུང་བའི་མི་སྣ་དང་ངལ་རྩོལ་བྱེད་ཁོངས་ནས་གློད་པའི་མི་སྣར་རོགས་རམ་སློབ་གསོ་དང་བཀོད་སྒྲིག་བྱེད་པའི་ལས་དོན་ལ་སྡེ་ཁུལ་ཡོ་བསྲང་གི་ལས་ཀར་ཁྲིད་སྟོན་དང་དོ་དམ་བྱ་དགོས། 

7 བཅའ་ཁྲིམས་རོགས་སྐྱོར་བྱ་བའི་ཁོའོ།

བཅའ་ཁྲིམས་རོགས་སྐྱོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བཅས་ལག་བསྟར་བྱེད་པའི་ལས་ཀར་ཁྲིད་སྟོན་དང་ཞིབ་བཤེར་བྱ་རྒྱུ། གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་དང་བཅའ་ཁྲིམས་རོགས་སྐྱོར་ལས་སྒྲུབ་མི་སྣར་ལྟ་སྐུལ་དོ་དམ་བྱེད་པར་འགན་འཁུར་རྒྱུ། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས་དང་དང་བླངས་པས་བཅའ་ཁྲིམས་རོགས་སྐྱོར་ལས་དོན་སྤེལ་བར་ཁྲིད་སྟོན་བྱ་དགོས། 

8 ཆབ་སྲིད་པུའུ།

གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་དང་སློབ་གསོ་སྦྱོང་བརྡར། སྒྲིག་གཞི། མི་དོན་ངལ་རྩོལ་དང་གླ་ཕོགས། བྱ་དགའ་ཆད་གཅོད། གོ་མིང་དཔྱད་བསྡུར་གཏན་འབེབས། དེ་བཞིན་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལ་དོ་དམ་དང་ཞབས་ཞུ་བྱེད་དགོས།

དཔྱད་གཞིའི་ཡིག་ཆ།