གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ཀྱི་ཆབ་སྲིད་དང་བདེ་འཇགས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྔོན་འགོག་དང་། བཀག་འགོག མྱུལ་ཞིབ་བཅས་བྱས་ཏེ་སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་ལམ་སྲུང་སྐྱོང་དང་སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་ལམ་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་བཀག་འགོག་བྱེད་དགོས་ལ། མང་ཚོགས་ཀྱི་རང་བཞིན་ལྡན་པའི་དོན་རྐྱེན་ཁྲིམས་ལྟར་ཐག་གཅོད་དང་འདུ་ཚོགས། རྔམ་སྟོན་ཁྲོམ་སྐོར་བཅས་ཀྱི་བྱེད་སྒོར་དོ་དམ། སྤྱི་ཚོགས་ཀྱི་ཆབ་སྲིད་བརྟན་ལྷིང་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གྱོད་གཞིར་ཁྲིམས་ལྟར་མྱུལ་ཞིབ་བཅས་བྱ་དགོས་ལ། མངའ་ཁོངས་ཕྱི་ནང་གི་འཇིགས་སྐུལ་པའི་གཏོར་བཤིག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་རྒྱུ་དང་། འཇིགས་སྐུལ་སྤྱོད་ངན་དང་འཇིགས་སྐུལ་ངང་ཚུལ་བཟོ་མཁན་ཁྲིམས་འགལ་ཅན་ལ་ཉེས་ཆད་ནན་པོ་གཅོད་རྒྱུ། གྱོད་དོན་གལ་ཆེན་དང་དོན་རྐྱེན་གལ་ཆེན་ཁྲིམས་ལྟར་སྒྲིག་འཛུགས་དང་མཐུན་སྦྱོར། མྱུལ་ཞིབ་དང་ཐག་གཅོད་བྱེད་པར་ཞུགས་ཏེ། དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་དང་འགོག་ཟོན་བྱ་དགོས་ལ། གྲོང་ཁྱེར་ཡོངས་ཀྱི་དུག་འགོག་ལས་དོན་དང་སྨད་འཚོང་འཆལ་རྒྱུག་བྱེད་མཁན་ལ་བསྡུ་ཉར་སློབ་གསོའི་ལས་དོན་སྤེལ་རྒྱུ་དང་། འགྲིམ་འགྲུལ་དང་མེ་ཟོན། ཉེན་ཆེའི་དངོས་རྫས། དམིགས་བསལ་ལས་རིགས། ཐེམ་ཐོའི་སྲིད་དོན། རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་ལས་དོན། ཕྱི་རྒྱལ་བ་ཐོ་འགོད་དང་ཡུལ་སྐོར་དུ་སྐྱོད་པའི་འབྲེལ་ཡོད་ལས་དོན་བཅས་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུ། རྩིས་འཁོར་དྲ་རྒྱའི་མ་ལག་གི་བདེ་འཇགས་ལྟ་ཞིབ་ལ་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་དྲག་ཆས་ཉེན་རྟོག་དང་མེ་ཟོན་དཔུང་སྡེའི་ལས་དོན་མཐུན་སྦྱོར་བྱ་རྒྱུ། རྒྱལ་ཁབ་གཞུང་གི་ལས་ཁུངས་དང་སྤྱི་ཚོགས་ཀྱི་ཚོགས་པ། ཁེ་ལས་སྡེ་ཚན། ལས་གྲྭ་གཙོ་གནད། བྱེད་སྒོ་གལ་ཆེན་བཅས་ཀྱི་བདེ་སྲུང་ལས་དོན་ལ་ཁྲིད་སྟོན་དང་ལྟ་སྐུལ་བྱ་རྒྱུ།
སྡོད་གནས། ཀྲེང་ཀྲོའུ་ཏེང་ཧྥེང་གྲོང་ཁྱེར་གྱི་ཧྲའོ་ལིན་ལམ་ཆེན་གྱི་སྒོ་རྟགས་ཨང188པ།