ཏེང་ཧྥེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-03-01 11:45ལ་འགྲུབ།

ཏེང་ཧྥེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།

ཏེང་ཧྥེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།
ཏེང་ཧྥེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནི་ཧྲའོ་ལིན་ལམ་ཆེན་གྱི་སྒོ་རྟགས་ཨང12པ་རུ་གནས་པ་དང་། དེའི་སྔོན་དུ་ཏེང་ཧྥེང་རྫོང་མི་དམངས་ཁྲིམས་ཁང་སྤྱི་ལོ1952ལོར་བཙུགས་པ་དང་། སྤྱི་ལོ1994ལོའི་ཟླ10པར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཏེང་ཧྥེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ཞེས་པར་ཆོག་མཆན་སྤྲད་པ་དང་། ད་ཡོད་ཁྲིམས་དཔོན་དང་ལས་དོན་མི་སྣ198ཡོད་པ་དང་ནང་ཁུལ་དུ་ཐིང་ཚན་ཁག ཅུའུ་སོགས27བཙུགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
登封市人民法院 http://hndffy.hncourt.org/
འབྲེལ་གཏུག་ཁ་པར་ཨང་གྲངས།
037162862704
གནས་ཡུལ།
ཏེང་ཧྥེང་གྲོང་ཁྱེར་ཧྲའོ་ལིན་ལམ་ཆེན་སྒོ་རྟགས་ཨང12པ།
བཙུགས་ལོ།
སྤྱི་ལོ1952ལོར།
མི་གྲངས།
མི198
སྦྲག་སྲིད་ཨང་རྟགས།
452470
1 ངོ་སྤྲོད་མདོར་བསྡུས་། 

ཏེང་ཧྥེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནི་ཧྲའོ་ལིན་ལམ་ཆེན་བར་གྱི་སྒོ་རྟགས་ཨང12པར་གནས་ཤིང་། དེའི་སྔོན་དུ་ཏེང་ཧྥེང་རྫོང་མི་དམངས་ཁྲིམས་ཁང་སྤྱི་ལོ1952ལོར་བཙུགས་པ་དང་།  སྤྱི་ལོ1994ལོའི་ཟླ10པར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཏེང་ཧྥེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ཞེས་པར་མིང་བསྒྱུར། ད་ཆ་ཁྲིམས་དཔོན་དང་ལས་དོན་མི་སྣ198ཡོད་པ་དང་ནང་ཁུལ་དུ་ཐིང་དང་ཚན་ཁག ཅུའུ27ཡོད་པ་དང་ཏ་ཡེ་ཁྲིམས་ར་དང་ཁྲེང་ཀོན་ཁྲིམས་ར་སོགས་ཁྲིམས་ར་བདུན་ལ་སྔ་རྗེས་སུ་ཧོ་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“ཚད་གཞི་ཅན་གྱི་ཁྲིམས་ཁང”ཞེས་མིང་བཏགས། 

2 ལས་ཁུངས་སྒྲིག་བཀོད།

ཏེང་ཧྥེང་ཧྥེང་གྲོང་ཁྱེར་གྱི་མི་དམངས་ཁྲིམས་ཁང་ལ་མིག་སྔར་ནང་ཁུལ་དུ་བཙུགས་པའི་ལས་ཁུངས18དང་སྡེ་ཁག27ཡོད། ལས་ཁུངས18ནི་གཞུང་ལས་ཁང་དང་། ནོར་སྲིད་ཁང། ཆབ་སྲིད་པུའུ་དང་། མི་དོན་དང་དྲིལ་བསྒྲགས་སློབ་གསོ་ཁག ཞིབ་འཇུག་ཁང་། ཁྲིམས་འཛིན་ལག་རྩལ། སྒྲིག་བཤེར་ལྟ་ཞིབ་ཁང་། འདྲི་གཅོད་ལས་དོན་ལྟེ་གནས། ཁྲིམས་འཛིན་ཉེན་རྟོག་ཁང་། སྲིད་འཛིན་ཁང་། འདྲི་གཅོད་ཁང་། གྱོད་དོན་ཐོ་འགོད་ཁང་། ཁྲིམས་ར་དང་གྱོད་དོན་ཐོ་འགོད་ཁང་། དམངས་དོན་ཁྲིམས་ར་དང་པོ། དམངས་དོན་ཁྲིམས་ར་གཉིས་པ། ཉེས་དོན་འདྲི་གཅོད་ཐིང་། ཉེས་དོན་འདྲི་གཅོད་ཁྲིམས་ར། ན་ཆུང་གྱོད་གཞི་འདྲི་གཅོད་ཐིང་། ན་གཞོན་ལག་བསྟར་ཅུའུ། ལག་བསྟར་ཅུའུ་བཅས་བཙུགས་ཡོད།

3 ཁྲིམས་ཁང་འཛུགས་སྐྲུན།

ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་འདྲི་གཅོད་དང་ལག་བསྟར་བྱ་རྒྱུ་དེ་ཁྲིམས་ཁང་གི་ལས་དོན་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས“འཕར་སྣོན་ཡོང་བར་འགན་ལེན་དང་། དམངས་འཚོར་འགན་ལེན། བརྟན་ལྷིང་ཡོང་བར་འགན་ལེན”བཅས་ཀྱི་ལས་དོན་ཁྱོན་ཡོངས་ལ་དམ་པོར་དམིགས་ནས་སྔ་རྗེས་སུ“གྱོད་རྙིང་གཅིག་སྡུད་ཀྱིས་གཙང་བཤེར་བྱེད་པ”དང“ཉིན་བརྒྱའི་གྱོད་གཞི་སྒྲུབ་པའི་འགྲན་བསྡུར”སོགས་ཀྱི་བྱེད་སྒོ་སྤེལ་ནས་གྱོད་གཞི་སྒྲུབ་པའི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་ཧུར་ཐག་བཏང་ཡོད། གཏུག་བཤེར་འདུམ་འགྲིག་ལ་མཐོང་ཆེན་བྱས་ཏེ། མི་དམངས་འདུམ་འགྲིག་དང་ཁྲིམས་འཛིན་འདུམ་འགྲིག སྲིད་འཛིན་འདུམ་འགྲིག་བཅས་ཕན་ཚུན་མཉམ་འགུལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་འདུམ་འགྲིག་པ་དང་སྤྱི་ཚོགས་ཁྲིམས་ར། སྤྱི་ཚོགས་ཁྲིམས་དཔོན་བཅས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པ་དང་། དེའི་ཁྲོད་ནས་དམངས་དོན་ཚོང་དོན་གྱོད་དོན་ཆ་སྙོམས་སུ་ལེགས་སྒྲིག་བྱས་ཚད་བརྒྱ་ཆའི70ཡན་ཟིན་པ་དང་། ཉེས་དོན་ཞོར་འབྲེལ་དམངས་དོན་གྱོད་གཞི་ལེགས་སྒྲིག་བྱས་གྲངས་བརྒྱ་ཆའི90ཡན་ཟིན་པ་དང་། སྲིད་འཛིན་གཏུག་བཤེར་གྱོད་དོན་འདུམ་འགྲིག་བྱས་གྲངས་བརྒྱ་ཆའི30ཡན་ཟིན་ཏེ་སྤྱི་ཚོགས་ཀྱི་འགལ་བ་ཆེས་ཆེར་ཞི་ལྷོད་དུ་བཏང་ཡོད། 

4 གཟི་བརྗིད་མཚན་སྙན། 

ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་བཅར་དང་ཆ་འཕྲིན་བརྟག་དཔྱད། ཁྲིམས་འཛིན་ཉེན་རྟོག་པ། ཁྲིམས་འཛིན་ལག་རྩལ། བསམ་བློ་དྲིལ་བསྒྲགས་སོགས་ཀྱི་ལས་དོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“སྔོན་ཐོན་ཚན་པ”ལ་སྔ་རྗེས་སུ་བདམས་པ་དང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་ཀྲེང་ཀྲོའུ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས“སློབ་སྦྱོང་རྣམ་པའི་རྩ་འཛུགས”གཏོད་པའི་སྔོན་ཐོན་ཚན་པར་བདམས་པ་དང་གྲོང་ཁྱེར་སྒྲིག་ཨུས“སྲིད་གཙང་རིག་གནས་དཔེ་སྟོན་ས་ཚིགས”ཞེས་མིང་བཏགས། 

དཔྱད་གཞིའི་ཡིག་ཆ།