(གཅིག)གྲོང་ཁྱེར་སྲིད་གཞུང་གིས་ཡོངས་བསྒྲགས་བྱས་ནས་མེད་པར་བཟོས་པའི་སྲིད་འཛིན་ཞིབ་མཆན་དོན་ཚན་མེད་པར་བཟོ་དགོས།
(གཉིས)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན། ཁྲིམས་རོགས་པའི་ཐོབ་ཐང་བཅས་གཅིག་གྱུར་ཐོག་ཁྲིམས་འཛིན་རྒྱུགས་ལེན་བྱེད་པའི་ལས་ཀ་སྒྲིག་འཛུགས་ཀྱི་འགན་འཁྲི་མེད་པར་བཟོ་དགོས།
(གསུམ)སྡེ་ཁུལ་ཡོ་བསྲང་བྱེད་པར་མཛུབ་སྟོན་དང་དོ་དམ་བྱེད་པའི་འགན་འཁྲི་གསར་སྣོན་བྱེད་དགོས།
(བཞི)ཁྲིམས་འཛིན་གསལ་འབྱེད་ཀྱི་འགན་འཁྲི་གསར་སྣོན་བྱས་ཡོད།
(ལྔ)བཅའ་ཁྲིམས་རོགས་སྐྱོར་བྱ་བར་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།
(གཅིག)རྒྱལ་ཁབ་དང་ཞིང་ཆེན། ཀྲེང་ཀྲོའུ་གྲོང་ཁྱེར་བཅས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་བྱེད་ཕྱོགས་དང་སྲིད་ཇུས་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་འཕེལ་རྒྱས་གཏོང་བའི་འཆར་འགོད་བཟོ་བ་དང་འབྲེལ་ལག་ལེན་བསྟར་རྒྱུའི་སྒྲིག་འཛུགས་ཀྱང་བྱས་ཡོད།
(གཉིས)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་དང་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི་ལས་ཀའི་འཆར་འགོད་བཟོ་རྒྱུ་དང་འབྲེལ་ལག་ལེན་བསྟར་རྒྱུའི་སྒྲིག་འཛུགས་ཀྱང་བྱ་རྒྱུ། གྲོང་ཁྱེར་ཡོངས་ཀྱི་ལས་ཁུངས་ཁག་ལ་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་ཀར་ཁྲིད་སྟོན་བྱ་དགོས།
(གསུམ)གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ལ་ལྟ་སྐུལ་དོ་དམ་བྱེད་དགོས།
(བཞི)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རྩོད་པ་དང་གཞི་རིམ་གྱི་སྤྱི་ཚོགས་བཅའ་ཁྲིམས་ཞབས་ཞུའི་ལས་དོན་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ།
(ལྔ)གྲོང་ཁྱེར་ཡོངས་ཀྱི་གཞུང་དཔང་ལས་ཀར་ལྟ་སྐུལ་བྱ་རྒྱུ།
(དྲུག)ཡུལ་ཚོ་དང་གྲོང་རྡལ། སྲང་ལམ་ཁག་གི་ཁྲིམས་འཛིན་སྲིད་འཛིན་ལས་ཀར་སློབ་སྟོན་བྱ་རྒྱུ་དང་། ཁྲིམས་འཛིན་སོའོ་འཛུགས་པར་འགན་འཁུར་རྒྱུ། མི་དམངས་ཀྱི་འདུམ་འགྲིག་དང་། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ། ཁྲིམས་ཆད་འཁུར་ཡུན་ཐིམ་ནས་གློད་འགྲོལ་བྱུང་བའི་མི་སྣ་དང་དེ་བཞིན་ངལ་རྩོལ་བྱེད་ཁོངས་ནས་གློད་པའི་མི་སྣ་བཀོད་སྒྲིག་དང་རོགས་རམ་སློབ་གསོ་གཏོང་བའི་ལས་ཀར་ཁྲིད་སྟོན་བྱ་དགོས་ལ། སྡེ་ཁུལ་ཡོ་བསྲང་གི་ལས་ཀར་ཁྲིད་སྟོན་དང་དོ་དམ་བྱ་དགོས།
(བདུན)སྤྱི་ཚོགས་ཀྱི་བདེ་དོན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་ཀར་ཞུགས་དགོས།
(བརྒྱད)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱ་དགོས།
(དགུ)གྲོང་ཁྱེར་སྲིད་གཞུང་གིས་བསྒྲུབ་རྒྱུར་སྤྲད་པའི་བྱ་བ་གཞན་དག་བསྒྲུབ་རྒྱུ།
གོང་གསལ་གྱི་འགན་འཁྲི་གཞིར་བཟུང་སྟེ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡིས་ནང་ཁོངས་ཀྱི་སྒྲིག་གཞི6བཙུགས་ཡོད།
ལས་ཁུངས་ཀྱི་རྒྱུན་ལྡན་སྲིད་དོན་ལས་ཀ་མཐུན་སྦྱོར་དང་ཐག་གཅོད་བྱེད་པར་འགན་འཁུར་རྒྱུ། དྲུང་ཡིག་དང་ནོར་དོན། ཡིག་སྐུར་ངོ་གཏུག ཡིག་ཚགས། གསང་སྲུང་། བདེ་འཇགས། རླངས་འཁོར་དོ་དམ་སོགས་རྒྱབ་ཕྱོགས་ཞབས་ཞུ་འགན་སྲུང་གི་ལས་ཀ་བྱེད་པར་འགན་འཁུར་རྒྱུ་དང་། ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་དུས་ཡུན་རིང་བའི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་ཞིབ་འཇུག་དང་གཏན་འབེབས་བྱ་རྒྱུ། མ་ལག་དེ་གའི་སྒྲིག་ཆས་ལ་དོ་དམ་བྱེད་པ། གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་གྲོང་ཁྱེར་སྲིད་གཞུང་གིས་བསྒྲུབ་རྒྱུར་སྤྲད་པའི་གྲོས་གཞི་སྒྲུབ་སྐུལ་གྱི་ལས་དོན་སྒྲུབ་པར་འགན་འཁུར་རྒྱུ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ལས་དོན་སྒྲིག་འཛུགས་བྱེད་པ། ལས་ཁུངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀ་དང་སྲིད་འཛིན་བསྐྱར་གྲོས། སྲིད་འཛིན་ཞུ་ལན་འདེབས་པ། གྱོད་གཞི་ནོར་འཁྲུལ་ཅན་བདའ་འདེད་གཏོང་དགོས།
ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དོན་འཁྱོལ་མཐར་ཕྱིན་བྱ་དགོས་ལ། ལས་བྱེད་པ་དོ་དམ་བྱེད་པའི་དབང་ཚད་ལྟར་ལས་བྱེད་པ་དོ་དམ་གྱི་ལས་ཀའི་འགན་འཁུར་དགོས་ལ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་བསམ་བློ་ཆབ་སྲིད་ལས་དོན་ལ་མཛུབ་ཁྲིད་བྱེད་པ། ལས་བྱེད་པ་དང་ཉེན་རྟོག་པའི་བསམ་པའི་དཔལ་ཡོན་སྤེལ་བ་དང་དཔུང་སྡེ་འཛུགས་སྐྱོང་གི་ལས་དོན་ལེགས་པོ་སྒྲུབ་པར་རོགས་རམ་བྱ་དགོས་ལ། ལས་ཁུངས་དང་ཁོངས་གཏོགས་སྡེ་ཚན་གྱི་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་བྱེད་པར་འགན་འཁུར་རྒྱུ། རང་ཁོངས་ཀྱི་ཉེན་ཟོན་བདེ་སྲུང་གི་ལས་ཀ་བྱེད་པར་འགན་འཁུར་རྒྱུ། ལས་ཁུངས་ཀྱི་མི་དོན་དང་ལས་བྱེད་པ་རྒན་གྲས། བཟོ་ཚོགས་དང་གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། ཚད་གཞི་ཁོའོ་རིམ་པ་གཞོན་པ་བཅས་ལ་འགན་འཁུར་དགོས།
གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་དོན་དང་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུ་དང་། གྲོང་ཁྱེར་ཡོངས་སུ་བཅའ་ཁྲིམས་ཀྱི་རྒྱུན་ཤེས་ཁྱབ་གདལ་གཏོང་བའི་སློབ་གསོའི་ལས་དོན་སྤེལ་རྒྱུའི་འཆར་འགོད་དང་སྒྲིག་འཛུགས་བྱེད་པ། ཡུལ་ཚོ་དང་གྲོང་རྡལ། སྲང་ལམ། ལས་རིགས་ཁག་བཅས་ཀྱིས་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་ཀར་ཁྲིད་སྟོན་བྱ་དགོས་ལ། རང་གི་ཁོངས་གཏོགས་ཀྱི་དྲིལ་བསྒྲགས་ལས་ཀ་བྱེད་པར་འགན་འཁུར་དགོས།
ཁྲིམས་འཛིན་སུའོ་འཛུགས་སྐྱོང་དང་མི་དམངས་འདུམ་འགྲིག གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ།ཁྲིམས་ཆད་འཁུར་ཡུན་ནས་གློད་འགྲོལ་བྱུང་བའི་མི་སྣ་དང་དེ་བཞིན་ངལ་རྩོལ་ལས་གྲོལ་བའི་མི་སྣ་བཀོད་སྒྲིག་དང་རོགས་རམ་སློབ་གསོ་གཏོང་བའི་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུ་དང་། སྤྱི་ཚོགས་ཀྱི་བདེ་དོན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་ཀར་ཞུགས་དགོས།
གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ཞབས་ཞུའི་ཁྲིམས་འཛིན་གསལ་འབྱེད་ལས་དོན་ལ་མཛུབ་ཁྲིད་བྱེད་པ་དང་། ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་ཀྱི་ལས་གཉེར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། ཁྲིམས་འཛིན་གསལ་འབྱེད་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྲིམས་འཛིན་གསལ་འབྱེད་པའི་མཐུན་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་ཐེ་ཞུགས་ཧུར་ཐག་བྱ་དགོས།
གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རྩོད་པ་དང་བཅའ་ཁྲིམས་བློ་འདྲི་བ། སྤྱི་ཚོགས་ཀྱི་བཅའ་ཁྲིམས་ཞབས་ཞུའི་སྒྲིག་གཞི་བཅས་ལ་ལྟ་སྐུལ་བྱ་རྒྱུ་དང་། ཁྲིམས་རོགས་པའི་ལས་སྒོ་གསོ་སྦྱོང་སྒྲིག་འཛུགས་བྱ་རྒྱུ། གྲོང་ཁྱེར་ཡོངས་ཀྱི་གཞུང་དཔང་ལས་ཀར་ལྟ་སྐུལ་དོ་དམ་བྱ་རྒྱུ། གྲོང་ཁྱེར་ཡོངས་ཀྱི་གཞུང་དཔང་ལས་སྒོའི་གསོ་སྦྱོང་སྒྲིག་འཛུགས་བྱ་དགོས།