ཞིན་ཀྲེང་གྲོང་ཁྱེར་སྤྱི་བདེ་ཅུའུ།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-03-03 17:04ལ་འགྲུབ།

ཞིན་ཀྲེང་གྲོང་ཁྱེར་སྤྱི་བདེ་ཅུའུ།

ཞིན་ཀྲེང་གྲོང་ཁྱེར་སྤྱི་བདེ་ཅུའུ།
ཞིན་ཀྲེང་གྲོང་ཁྱེར་སྤྱི་བདེ་ཅུའུ་ནི་ཞིན་ཀྲེང་གྲོང་ཁྱེར་དུ་ཡོད་པའི་སྤྱི་བདེ་ལས་ཁུངས་ཀྱི་རྩ་འཛུགས་རྣམ་པ་ཞིག་ཡིན་པ་དང་། སྤྱི་བདེའི་ལས་དོན་ལ་དོ་དམ་བྱེད་མཁན་དང་སྲིད་གཞུང་ཁོངས་གཏོགས་ཀྱི་འགན་ནུས་སྡེ་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新郑市公安局
ཅུའུ་ཀྲང་།
ཀྲའོ་ཅན་ཝུའུ།
བཙུགས་ལོ།
སྤྱི་ལོ1984ལོའི་ཟླ11པ།
འགན་ནུས།
ཁྲིིམས་སྲོལ་ལྟར།
1 ​འགན་འཁྲི།

(གཅིག)རྒྱལ་ཁབ་ཀྱི་སྤྱི་བདེའི་ལས་དོན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེའི་ལས་དོན་གྱི་འབྲེལ་ཡོད་གཏན་འབེབས་བཟོས་ཏེ་ཞིང་ཆེན་ཡོངས་ཀྱི་སྤྱི་བདེའི་ལས་དོན་བཀོད་སྒྲིག་དང་མཛུབ་ཁྲིད། ལྟ་སྐུལ། ཞིབ་བཤེར་བཅས་བྱ་དགོས། 

(གཉིས)སྤྱི་ཚོགས་བརྟན་གནས་ཡོང་བར་གནོད་ཅིང་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བདེ་དོན་ལ་གནོད་འཚེ་གཏོང་བའི་གནས་ཚུལ་ཁོང་དུ་ཆུད་པ་དང་། གནས་བབ་ལ་དབྱེ་ཞིབ་བྱས་ནས་ཐབས་ཇུས་གཏན་འབེབས་བྱ་དགོས། 

(གསུམ)ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་མྱུལ་ཞིབ་ལས་དོན་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་ཏེ་ཉེས་དོན་གྱོད་གཞི་ཆེ་གྲས་དང་། ཞིང་ཆེན་ནང་ཁུལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གྱོད་གཞི། དཔལ་འབྱོར་ཉེས་གསོག་གྱོད་གཞི་གལ་ཆེན། གོང་རིམ་གྱིས་བརྒྱུད་འགྲེམས་བྱས་པའི་གྱོད་གཞི་གལ་ཆེན། དེ་བཞིན་ཆེད་དོན་རྣམ་གྲངས་བཅས་མཐུན་སྦྱོར་དང་སྒྲུབ་གཉེར་བྱེད་རྒྱུར་མཐུན་སྦྱོར་བྱེད་དགོས། 

(བཞི)ཞིང་ཆེན་ཡོངས་ཀྱི་བདེ་འཇགས་དོ་དམ་ལས་དོན་གྱི་འགན་འཁུར་དགོས་པ་མ་ཟད་དེ་མཚུངས་ཀྱི་འགན་འཁྲི་འཁུར་དགོས། བདེ་འཇགས་ལས་འཛོལ་དང་ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་ཚབས་ཆེན་ལ་མཐུན་སྦྱོར་དང་ཐག་གཅོད་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པ་དང་། བདེ་འཇགས་སྲིད་འཛིན་དོ་དམ་ལས་དོན་ཁྲིམས་ལྟར་སྤེལ་ནས་གྲོང་ཁྱེར་དང་རྫོང་རིམ་པའི་སྤྱི་བདེ་ལས་ཁུངས་ཀྱི་བདེ་འཇགས་སྲུང་སྐྱོང་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱ་དགོས། 

(ལྔ)རྒྱལ་མཚམས་ནས་འགྲོ་འོང་བྱེད་པར་དོ་དམ་དང་འབྲེལ་ཡོད་ལས་ཀ་བྱེད་པར་འགན་འཁུར་རྒྱུ། ཁྲིམས་ལྟར་རྒྱལ་ཁོངས་དོ་དམ་གྱི་ལས་དོན་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་རྒྱལ་མཚམས་ནས་འགྲོ་འོང་དང་ལམ་ཡིག་དཀྱུས་མ་འཁྱེར་བའི་ཕྱི་རྒྱལ་བ་དང་། ཞང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དང་དེ་བཞིན་ཐའེ་ཝན་ས་ཁུལ་གྱི་མི་སྣ་བཅས་ཀྱིས་ཧོ་ནན་དུ་གནས་སྡོད་དང་ཡུལ་སྐོར་བྱེད་པར་འབྲེལ་ཡོད་དོ་དམ་ལས་དོན་སྒྲིག་འཛུགས་དང་ཁྲིད་སྟོན་བྱ་དགོས། 

(དྲུག)ཞིང་ཆེན་ཡོངས་ཀྱི་མེ་ཟོན་ལས་དོན་གྱི་འགན་འཁུར་དགོས་པ་མ་ཟད་དེ་མཚུངས་ཀྱི་འགན་འཁྲི་འཁུར་དགོས་ལ། ཞིང་ཆེན་ཡོངས་ཀྱི་མེ་གསོད་མེ་འགོག་ལ་ལྟ་སྐུལ་དང་། མེ་སྐྱོན་སྔོན་འགོག མེ་སྐྱོན་སེལ་བ། སྤྱི་བདེའི་བབ་བསྟུན་མྱུར་སྐྱོབ་བཅས་ཀྱི་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ། མཐུན་སྦྱོར་བཅས་བྱ་དགོས། 

(བདུན)ཞིང་ཆེན་ཡོངས་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་བྱ་བའི་འགན་འཁུར་དགོས་པ་མ་ཟད། དེར་བསྟུན་གྱི་འགན་འཁྲི་འཁུར་དགོས་ལ་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་། གཞུང་ལམ་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་དང་དེ་བཞིན་འཕྲུལ་སྒུལ་འཁོར་ལོ་དང་ཁ་ལོ་བའི་དོ་དམ་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱ་རྒྱུ། མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་དང་བདེ་སྐྱོང་སྒྲིག་ལམ་སྲུང་སྐྱོང་བྱ་དགོས། 

(བརྒྱད)ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་པའི་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ནས་ཆ་འཕྲིན་བདེ་འཇགས་ཀྱི་རིམ་པ་སྲུང་སྐྱོབ་ལས་དོན་ལ་ལྟ་སྐུལ་དང་ཞིབ་བཤེར། མཛུབ་ཁྲིད་བཅས་བྱེད་རྒྱུའི་འགན་འཁུར་དགོས། 

(དགུ)འཇིགས་སྐུལ་བྱ་སྤྱོད་ལ་ཉེན་ཟོན་དང་མྱུལ་ཞིབ་བྱེད་པའི་ལས་ཀ་སྒྲིག་འཛུགས་དང་ཁྲིད་སྟོན། མཐུན་སྦྱོར་བཅས་བྱ་དགོས། 

(བཅུ)སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁུར་བའི་ཁྲིམས་ཆད་ལག་བསྟར་ལས་ཀར་མཛུབ་སྟོན་དང་ལྟ་སྐུལ་བྱ་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཉེས་ཅན་ལྟ་སྲུང་ཁང་དང་། བཀག་སྐྱིལ་ཁང་། བཙན་ཐབས་ལོགས་བཀར་དུག་གཅོད་ཁང་། བསྡུ་ཉར་སློབ་གསོ་ཁང་བཅས་ཀྱི་དོ་དམ་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ་བྱ་རྒྱུ། 

(བཅུ་གཅིག)ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་དེ་བཞིན་ཕྱི་རྒྱལ་གྱི་སྐུ་མགྲོན་གལ་ཆེན་ལ་རང་རེའི་ཞིང་ཆེན་དུ་བདེ་འཇགས་ཉེན་སྲུང་གི་ལས་དོན་སྤེལ་རྒྱུ་སྒྲིག་འཛུགས་བྱེད་པ་དང་འབྲེལ་བབ་མཚུངས་ཀྱི་འགན་འཁྲི་འཁུར་དགོས། 

(བཅུ་གཉིས)ཞིང་ཆེན་ཡོངས་ཀྱི་སྤྱི་བདེའི་ཚན་རིག་ལག་རྩལ་གྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་དགོས་པ་དང་། སྤྱི་བདེ་ལས་ཁུངས་ཀྱི་བཀོད་འདོམས་མ་ལག་དང་ཆ་འཕྲིན་ལག་རྩལ། ཉེས་དོན་ལག་རྩལ་བཅས་འཛུགས་སྐྱོང་བྱེད་རྒྱུའི་འཆར་འགོད་བྱ་དགོས། 

(བཅུ་གསུམ)ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྒྲིག་སྦྱོར་ཚད་གཞི་དང་ལམ་ལུགས་བཟོས་ནས་སྤྱི་བདེ་ལས་ཁུངས་ཀྱི་སྒྲིག་ཆས་དང་གྲོན་དངུལ་ཚད་གཞི་བཟོ་འགོད་བྱེད་རྒྱུར་ཞུགས་པ་དང་དོ་དམ་ལམ་ལུགས་བཟོ་དགོས་ཤིང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ལས་འགན་གལ་ཆེན་གྱི་ཉེན་དོན་འགན་སྲུང་ལས་དོན་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་དགོས་པ་དང་།  ཞིང་ཆེན་ཡོངས་ཀྱི་ཉེན་རྟོག་ཐད་འཕུར་གནམ་གྲུས་འཁོར་སྐྱོད་དང་། བདེ་འཇགས། དོ་དམ་བཅས་ལ་འགན་འཁུར་དགོས།

(བཅུ་བཞི)ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་ཕྱི་རོལ་དང་རྒྱལ་ཁོངས་ཕྱིའི་ཉེན་རྟོག་ལས་ཁུངས་དང་ལས་སྒོ་མཉམ་ལས་བྱེད་རྒྱུར་སྒྲིག་འཛུགས་དང་མཐུན་སྦྱོར་བྱ་དགོས། 

(བཅོ་ལྔ)ཞིང་ཆེན་ཡོངས་ཀྱི་སྤྱི་བདེའི་མེ་གསོད་དང་སྐུ་སྲུང་དཔུང་སྡེ་འཛུགས་སྐྱོང་བྱེད་རྒྱུར་གཅིག་གྱུར་འགོ་ཁྲིད་བྱེད་རྒྱུ་དང་། དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་སྤྱི་བདེའི་ལས་འགན་དང་འབྲེལ་ཡོད་ལས་སྒོ་འཛུགས་སྐྱོང་བྱེད་རྒྱུར་འགོ་ཁྲིད་དང་བཀོད་འདོམས་བྱ་རྒྱུ། 

(བཅུ་དྲུག)གཏན་འབེབས་ཀྱི་དབང་ཚད་ལྟར་ལས་བྱེད་པའི་མི་དོན་ལས་ཀར་དོ་དམ་བྱ་དགོས་ལ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེའི་དཔུང་ཁག་གི་དོ་དམ་ལྟ་སྐུལ་ལས་དོན་གྱི་གཏན་འབེབས་བཟོས་ཏེ་སྤྱི་བདེ་ལས་ཁུངས་ཀྱི་ལྟ་ཞིབ་དང་རྩིས་བཤེར། ཡིག་བསྐུར་ངོ་བཅར་བཅས་ཀྱི་ལས་དོན་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་ནས་གཏན་འབེབས་ཀྱི་དབང་ཚད་ལྟར་ལས་བྱེད་པར་ལྟ་སྐུལ་བྱེད་པ་དང་སྤྱི་བདེའི་དཔུང་ཁག་གི་སྒྲིག་འགལ་གྱོད་གཞི་ཆེ་གྲས་ལ་ཞིབ་བཤེར་ཐག་གཅོད་བྱེད་པའམ་ཡང་ན་སྒྲུབ་རྒྱུར་ལྟ་སྐུལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེའི་དཔུང་ཁག་གི་བསམ་བློའི་སྤྱོད་ཚུལ་དང་ལས་ཀའི་སྤྱོད་ཚུལ་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱ་དགོས། 

(བཅུ་བདུན)ཞིང་ཆེན་སྲིད་གཞུང་གིས་བསྒྲུབ་རྒྱུར་སྤྲད་པའི་བྱ་བ་གཞན་དག་བསྒྲུབ་རྒྱུ། 

2 ངོ་སྤྲོད་མདོར་བསྡུས།

ཞིན་ཀྲེང་གྲོང་ཁྱེར་སྤྱི་བདེ་ཅུའུ་ནི་སྤྱི་ལོ1948ལོའི་ཟླ11པར་ཞིན་ཀྲེང་རྫོང་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ནས་བཙུགས་པ་དང་། དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཞིན་ཀྲེང་གྲོང་ཁྱེར་སྤྱི་བདེ་ཅུའུ་ལ་འགྱུར་ལྡོག་བཏང་བ་བརྒྱུད་ཐོག་མཐའ་བར་གསུམ་དུ་ཞིན་ཀྲེང་གྲོང་ཁྱེར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་བཞིན་ཡོད། 

ཞིན་ཀྲེང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྤྱི་ཚོགས་བདེ་འཇགས་དང་ཆབ་སྲིད་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་ནུས་སྡེ་ཚན་གལ་ཆེན་དང་དེ་བཞིན་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་དཔུང་ཁག་གི་འགོ་ཁྲིད་དང་བཀོད་འདོམས་ལས་ཁུངས་ཡིན་པའི་ཞིན་ཀྲེང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་སྤྱི་ལེ་གྲུ་བཞི་མ་873ཟིན་པའི་ཁོངས་གཏོགས་སུ་མི་དམངས་མང་ཚོགས་ཁྲི63ཡི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་ཁུར་ཡོད་ལ། སྤྱི་བདེའི་སྲུང་སྐྱོབ་ལས་དོན་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་བསྟུན། ཞིན་ཀྲེང་གྲོང་ཁྱེར་གྱི་སྤྱི་བདེ་ཅུའུ་ནང་ཁུལ་གྱི་ལས་ཁུངས་འཛུགས་སྟངས་ལའང་བསྒྱུར་བཅོས་ཐེངས་ཁ་ཤས་བྱས་ཏེ། ལོ་རེ་བཞིན་དུ་ཞིན་ཀྲེང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་ས་གནས་ཏང་ཨུའི་སྲིད་གཞུང་དང་གོང་རིམ་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་འོག “ཕྱོགས་གཅིག་ནས་དཔུང་ཁག་དམ་འཛིན་དང་། ཕྱོགས་གཅིག་ནས་ལས་སྒོ་དམ་འཛིན་བྱེད་པའི”ལས་ཀའི་བྱེད་ཕྱོགས་དང་ཉེན་རྟོག་པ་ནན་སྐྱོང་དང་། ཁྲིམས་ལྟར་ཉེན་རྟོག་པ་བཅོས་སྐྱོང་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་སྤྱི་བདེའི་ལས་དོན་ཁག་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་བ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་དུས་རིམ་ཁག་དང་། ཉེས་གསོག་ལ་རྡུང་རྡེག་གཏོང་བ། བདེ་འཇགས་དོ་དམ་བྱེད་པ། མི་དམངས་ལ་ཞབས་འདེགས་ཞུ་བ་སོགས་ཕྱོགས་གང་ཅིའི་ཐད་ནས་ཟམ་མི་ཆད་པར་གསར་སྤེལ་གསར་གཏོད་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། སྤྱི་བདེའི་འཛུགས་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ།

ལྷག་པར་དུ་སྤྱི་ལོ2004ལོ་ནས་བཟུང་གྲོང་ཁྱེར་གྱི་འགོ་འཛིན་གྱི་ལས་རོགས་དང་ཅུའུ་ཀྲང་ཀྲའོ་ཅན་ཝུའུ་སྲོག་ཤིང་བྱས་པའི་ཅུའུ་གསར་པའི་ཏང་ཨུའི་འགོ་ཁྲིད་ཚན་པ་བཙུགས་རྗེས། ཅུའུ་ཀྲང་ཀྲའོ་ཅན་ཝུའུ་དང་ཆབ་སྲིད་ཨུ་ཡོན་ལིའུ་ཚུང་ཏེ་ཡི་སྣེ་ཁྲིད་འོག་ཚན་ཁག་གི་ཁོངས་མི་ཡོངས་ཀྱིས་མཐུན་སྒྲིལ་འབད་འབུངས་དང་ཡར་བརྩོན་སྤྱི་བདེའི་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་པ་དང་ཞིན་ཀྲེང་གི་སྤྱི་བདེའི་ལས་དོན་དང་དཔུང་ཁག་འཛུགས་སྐྱོང་དེ་ལོ་རྒྱུས་འཕེལ་རྒྱས་ཁྲོད་ཀྱི་དུས་སྐབས་བཟང་ཤོས་སུ་སླེབས་ནས་ཞིན་ཀྲེང་གི་སྤྱི་བདེའི་བྱ་གཞག་ལ་མཆོང་སྐྱོད་གསར་པ་བྱུང་ཡོད། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཅུའུ་ཀྲང་། ཉེས་གསོག ཞིན་ཀྲེང་།