ཧོ་ནན་ཞིང་ཆེན་ཞིན་ཀྲེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-03-03 17:04ལ་འགྲུབ།

ཧོ་ནན་ཞིང་ཆེན་ཞིན་ཀྲེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།

ཧོ་ནན་ཞིང་ཆེན་ཞིན་ཀྲེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།
མི་དམངས་ཁྲིམས་ཁང་གི་མིང་དེ་ཞིན་ཀྲེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ཞེས་པར་བསྒྱུར་ཞིང་། ད་ཆ་ཞིན་ཀྲེང་གྲོང་ཁྱེར་ཅིན་ཁྲེང་ལམ་ལྷོ་ངོས་སུ་གནས་པ་དང་ས་ཆ་མུའུ25བཟུང་ཡོད། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ5000ལྷག་ཙམ་ཡོད་པའི་དེང་རབས་ཅན་གྱི་གཞུང་ལས་ཐོག་ཁང་དང་། སྨི་གྲུ་བཞི་མ3180ལྷག་ཙམ་ཡོད་པའི་དེང་རབས་ཅན་དང་ནུས་པ་མང་བའི་འདྲི་གཅོད་ཁྲིམས་ར། སྨི་གྲུ་བཞི་མ9000ལྷག་ཙམ་ཡོད་པའི་ལས་བྱེད་ཉེན་རྟོག་པའི་ནང་མིའི་སྡོད་ཁང་ཁུལ་བཅས་ཡོད་ལ། སློབ་གླིང་ཧྲིལ་པོར་མི་སྣ195ཡོད་པ་དང་དངོས་སུ་སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ནང་དངོས་གཞིའི་ཚན་ཁག་ཡན་གྱི་བསླབ་གནས་ཀྱིས་སྤྱིའི་མི་འབོར་གྱི70%བཟུང་བ་དང་དེའི་ནང་ཞིབ་འཇུག་སློབ་མ6ཡོད་པ་དེས་སྤྱིའི་མི་འབོར་གྱི3%དང་དངོས་གཞིའི་ཚན་ཁག་གི་སློབ་མ130ཡོད་པ་དེས་སྤྱིའི་མི་འབོར་གྱི67%བཟུང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河南省新郑市人民法院
འབྲེལ་གཏུག་ཁ་པར་ཨང་གྲངས།
037162671216
གནས་ཡུལ།
ཞིན་ཀྲེང་གྲོང་ཁྱེར་ཅིན་ཁྲེང་ལམ་གྱི་སྒོ་རྟགས་ཨང249པ།
བཙུགས་ལོ།
སྤྱི་ལོ1951ལོའི་ཟླ5པ།
སྦྲག་སྲིད་ཨང་རྟགས།
451100
མི་གྲངས།
མི189
1 ངོ་སྤྲོད་མདོར་བསྡུས།

ཧོ་ནན་ཞིང་ཆེན་ཞིན་ཀྲེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1951ལོའི་ཟླ5པར་བཙུགས་པ་དང་། ད་ལྟའི་གནས་ཡུལ་ནི་ཞིན་ཀྲེང་གྲོང་ཁྱེར་ཅིན་ཁྲེང་ལམ་ཨང249པར་གནས་ཡོད། ཁྲིམས་ཁང་དུ་མི་སྣ195ཡོད་པ་དང་དངོས་སུ་སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ནང་དངོས་གཞིའི་ཚན་ཁག་ཡན་གྱི་བསླབ་གནས་ཀྱིས་སྤྱིའི་མི་འབོར་གྱི70%བཟུང་བ་དེའི་ནང་ཞིབ་འཇུག་སློབ་མ6ཡོད་པ་དེས་སྤྱིའི་མི་འབོར་གྱི3%དང་དངོས་གཞིའི་ཚན་ཁག་གི་སློབ་མ130ཡོད་པ་དེས་སྤྱིའི་མི་འབོར་གྱི67%བཟུང་ཡོད། ཁྲིམས་ཁང་གི་དཔུང་སྡེ་ལ་ཤེས་ཡོན་ཅན་དང་ན་གཞོན་ཅན། ཆེད་ལས་ཅན་བཅས་ཀྱི་ཁྱད་ཆོས་མངོན་ཡོད། 

2 ལས་ཁུངས་སྒྲིག་བཀོད།

ཞིན་ཀྲེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནང་དུ་ལས་ཁུངས་བཙུགས་ཡོད་ལ། ཆབ་སྲིད་ཁྲུའུ་དང་། གཞུང་ལས་ཁང་། ཞིབ་འཇུག་ཁང་། ལག་རྩལ་ཚན་ཁག ཁྲིམས་ལུགས་ཉེན་རྟོག་རུ་ཆེན། ལྟ་ཞིབ་ཁང་། ཉེས་དོན་འདྲི་གཅོད་ཁྲིམས་ར། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། སྲིད་འཛིན་འདྲི་གཅོད་ཁྲིམས་ར། ལག་བསྟར་ཅུའུ། འདྲི་གཅོད་ལྟ་སྐུལ་ཁྲིམས་ར། གྱོད་དོན་ཐོ་འགོད་ཁང་བཅས་བཙུགས་པ་དང་། ཞིན་ཀྲེང་གྲོང་ཁྱེར་མངའ་ཁོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ། སྲང་ལམ་དོན་གཅོད་ཁང16ཏུ་ཁྲེང་ཀོན་དང་ཤིན་ཏེན། ལི་ཧོ། ལུང་ཧུའུ། ཞུའེ་ཏེན་སོགས་ལྟེ་བའི་མི་དམངས་ཁྲིམས་ར་དྲུག་བཙུགས་ཡོད། 

དཔྱད་གཞིའི་ཡིག་ཆ།