ཞིན་སྨི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-03-01 14:38ལ་འགྲུབ།

ཞིན་སྨི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།

ཞིན་སྨི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།
〈ཞིན་སྨི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྒྲིག་གཞི་བསྒྱུར་བཅོས་ཀྱི་ལག་བསྟར་བསམ་འཆར〉པར་འགྲེམས་བྱེད་པའི་སྐོར་ལ་ཀྲུང་གུང་ཞིན་སྨི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་ཞིན་སྨི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བརྡ་ཐོ་ལ་གཞིགས་ནས་ཞིན་སྨི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་བཙུགས་ཏེ་གྲོང་ཁྱེར་སྲིད་གཞུང་གི་ལས་སྒྲུབ་སྡེ་ཁག་ཏུ་གྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新密市司法局
ཁོངས་གཏོགས་ས་ཁུལ།
ཞིན་སྨི་གྲོང་ཁྱེར།
1 འགན་འཁྲི་ལེགས་སྒྲིག

(གཅིག)གྲོང་ཁྱེར་སྲིད་གཞུང་གིས་ཡོངས་བསྒྲགས་བྱས་ནས་མེད་པར་བཟོས་པའི་སྲིད་འཛིན་ཞིབ་མཆན་དོན་ཚན་མེད་པར་བཟོ་དགོས། 

(གཉིས།)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་དཔོན་གྱི་འགན་ཐོག་མར་འཁུར་བ་དང་། ཞིབ་དཔྱོད་དཔོན་གྱི་འགན་ཐོག་མར་འཁུར་བ་དང་ཁྲིམས་རོགས་པའི་ཐོབ་ཐང་ཐོབ་པ་བཅས་ཀྱི་ཁྲིམས་འཛིན་རྒྱུགས་ལེན་ལས་ཀ་སྒྲིག་འཛུགས་བྱ་རྒྱུ་མེད་པར་བཟོས་ཡོད། 

(གསུམ)སྡེ་ཁུལ་གྱི་ཡོ་བསྲང་ལས་ཀར་ཁྲིད་སྟོན་དང་དོ་དམ་བྱེད་པའི་འགན་འཁྲི་མང་དུ་གཏོང་དགོས། 

(བཞི)བཅའ་ཁྲིམས་རོགས་སྐྱོར་བྱ་བར་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། 

འགན་འཁྲི་གཙོ་བོ།

(གཅིག)རྒྱལ་ཁབ་དང་ཞིང་ཆེན། ཀྲེང་ཀྲོའུ་གྲོང་ཁྱེར་བཅས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་བྱེད་ཕྱོགས་དང་སྲིད་ཇུས་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་མཛུབ་ཁྲིད་རང་བཞིན་གྱི་བསམ་འཆར་བཟོ་བ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་འཕེལ་རྒྱས་གཏོང་བའི་འཆར་འགོད་བཟོ་བ་དང་འབྲེལ་ལག་ལེན་བསྟར་རྒྱུའི་སྒྲིག་འཛུགས་ཀྱང་བྱས་ཡོད། 

(གཉིས)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་དང་ཁྲིམས་ལྟར་བཅོས་སྐྱོང་ལས་ཀའི་འཆར་འགོད་བཟོ་རྒྱུ་མ་ཟད་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུ། ཡུལ་ཚོ་དང་གྲོང་རྡལ། ལས་རིགས་ཁག་བཅས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་ཀར་ཁྲིད་སྟོན་བྱ་དགོས། 

(གསུམ)གྲོང་ཁྱེར་ཡོངས་ཀྱི་གཞུང་དཔང་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ་བྱ་རྒྱུ་མ་ཟད་བབ་མཚུངས་ཀྱི་ཁག་འགན་ཡང་འཁུར་རྒྱུ། 

(བཞི)གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ལ་ལྟ་སྐུལ་དོ་དམ་བྱེད་དགོས། 

(ལྔ)ཡུལ་ཚོ་དང་གྲོང་རྡལ། ཁྲིམས་འཛིན་ཁང་བཅས་འཛུགས་སྐྲུན་བྱེད་པར་འགན་འཁུར་བ་དང་། མི་དམངས་འདུམ་འགྲིག་པའི་དཔུང་ཁག་འཛུགས་སྐྱོང་དང་མི་དམངས་འདུམ་འགྲིག་རྩ་འཛུགས་འཛུགས་སྐྱོང་བྱེད་པར་འགན་འཁུར་རྒྱུ། གྲོང་ཁྱེར་ཡོངས་ཀྱི་མི་དམངས་འདུམ་འགྲིག་ལས་ཀར་དོ་དམ་དང་མཛུབ་ཁྲིད་བྱ་རྒྱུ། ཁྲིམས་ཆད་འཁུར་ཡུན་ནས་ངལ་རྩོལ་གྲོལ་བའི་མི་སྣ་ལ་རོགས་རམ་སློབ་གསོ་དང་བཀོད་སྒྲིག སྡེ་ཁུལ་ཡོ་བསྲང་གི་ལས་ཀར་ཁྲིད་སྟོན་དང་དོ་དམ་བྱ་དགོས། 

(དྲུག)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས། 

(བདུན)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་དཔུང་ཁག་འཛུགས་སྐྱོང་དང་བསམ་བློའི་ཆབ་སྲིད་ལས་དོན་གྱི་འགན་འཁུར་དགོས། 

(བརྒྱད)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རྩོད་པ་དང་བཅའ་ཁྲིམས་ཞབས་ཞུའི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས། 

(དགུ)གྲོང་ཁྱེར་སྲིད་གཞུང་གིས་བསྒྲུབ་རྒྱུར་སྤྲད་པའི་བྱ་བ་གཞན་དག་བསྒྲུབ་རྒྱུ་བཅས་ཡིན།

2 ནང་ཁུལ་སྒྲིག་གཞི།

གོང་གསལ་གྱི་འགན་འཁྲི་གཞིར་བཟུང་སྟེ་ཞིན་སྨི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡི་ཁོངས་གཏོགས་སུ་སྒྲིག་གཞི7བཙུགས་ཡོད།

2_1 གཞུང་ལས་ཁང་། 

གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་བཟོས་ནས་ལག་བསྟར་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་ལ། རིག་གནས་དང་གློག་འཕྲིན། ཚོགས་འདུའི་ལས་དོན། ཆ་འཕྲིན། གསང་སྲུང་། ཡིག་ཚགས། གློག་རྡུལ་སྲིད་དོན་དང་རླངས་འཁོར་དོ་དམ་ལ་སོགས་པའི་ལས་ཁུངས་ལ་འགན་འཁུར་དགོས། 

2_2 ཆབ་སྲིད་ཁྲུའུ། 

ཁྱོན་ཡོངས་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་དང་ལས་བྱེད་པ་དང་ཉེན་རྟོག་པའི་དཔུང་ཁག་འཛུགས་སྐྱོང་བྱེད་འགན་འཁུར་ད མི་དོན་དང་སྒྲིག་གཞིའི་སྒྲིག་ཁོངས་ལས་དོན་སྒྲིག་འཛུགས་བྱེད་པར་འགན་འཁུར་རྒྱུ་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོའི་མི་སྣར་དོ་དམ་དང་ཞབས་ཞུའི་ལས་ཀ་བྱེད་པར་འགན་འཁུར་རྒྱུ། ཏང་འཛུགས་དང་དྲིལ་བསྒྲགས། བསམ་པའི་དཔལ་ཡོན་བཅས་ཀྱི་ལས་དོན་ལ་འགན་འཁུར་བ་དང་། འཆར་ལྡན་བུ་བཙའ་དང་བཟོ་ཚོགས་དང་གུང་གཞོན་སྡེ་ཚོགས་བུད་མེད་བཅས་ཀྱི་ལས་དོན་གྱི་འགན་འཁུར་དགོས།

2_3 གཞི་རིམ་ལས་སྒྲུབ་ཁོའོ། 

གྲོང་ཁྱེར་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ། ཁྲོམ་གཞུང་ཁྲིམས་འཛིན་སོའོ་འཛུགས་སྐྱོང་དང་མི་དམངས་འདུམ་འགྲིག་པའི་དཔུང་ཁག་དང་དེ་བཞིན་མི་དམངས་འདུམ་འགྲིག་རྩ་འཛུགས་འཛུགས་སྐྱོང་བྱེད་པར་འགན་འཁུར་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱི་མི་དམངས་འདུམ་འགྲིག་གི་ལས་ཀའི་འགན་འཁུར་རྒྱུ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཆད་འཁུར་ཡུན་ནས་གློད་འགྲོལ་བྱུང་མི་སྣར་རོགས་རམ་སློབ་གསོ་དང་བཀོད་སྒྲིག་གི་ལས་དོན་ལ་དོ་དམ། གྲོང་ཁྱེར་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་ལས་ཀར་ཁྲིད་སྟོན་དང་དོ་དམ་བྱ་དགོས། 

2_4 བཅའ་ཁྲིམས་ཞབས་ཞུ་དོ་དམ་ཁོའོ། 

གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རོགས་པའི་ལས་གཉེར་ཁང་དང་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ་ཁང་། སྤྱི་ཚོགས་ལ་ཕྱོགས་པའི་ཞབས་ཞུ་བཅས་ཀྱི་ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་ཀྱི་ལས་སྒོའི་ལས་ཀར་ཁྲིད་སྟོན་བྱ་དགོས་ལ། གསར་དུ་བཙུགས་པའི་ཁྲིམས་རོགས་པའི་ལས་གཉེར་ཁང་དང་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ་ཁང་། ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་བཅས་ཀྱི་ཞིབ་བཤེར་དང་ཡིག་ཐོག་སྙན་སེང་ཞུ་བའི་ལས་ཀ་བྱེད་པར་འགན་འཁུར་རྒྱུ། ཁྲིམས་རོགས་པའི་ལས་གཉེར་ཁང་དང་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ་ཁང་། ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་བཅས་ཐོ་འགོད་དང་། ལོ་བཤེར་བཅས་ཀྱི་ལས་དོན་སྒྲུབ་པར་འགན་འཁུར་རྒྱུ། ཁྲིམས་རྩོད་པ་དང་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ་སོའོ་ཡི་ལས་དོན་མི་སྣ། ཁྲིམས་འཛིན་གསལ་འབྱེད་པའི་ཐོ་འགོད་དང་ལོ་བཤེར། ལས་སྒོ་གསོ་སྦྱོང་བཅས་ཀྱི་ལས་ཀའི་འགན་འཁུར་རྒྱུ། གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་བྱ་བར་ལྟ་སྐུལ་དང་དོ་དམ་བྱ་དགོས། 

2_5 ཁྲིམས་ལུགས་ཁག 

ཁྱོན་ཡོངས་ནས་ཁྲིམས་ལྟར་བཅོས་སྐྱོང་དང་སྲིད་འཛིན་ཁྲིམས་བསྟར་ལ་ལྟ་སྐུལ། ཞིབ་བཤེར་བཅས་བྱེད་པར་འགན་འཁུར་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁྲིམས་ལུགས་ཀྱི་འཆར་འགོད་ཞིབ་འཇུག་དང་གཏན་འབེབས་བྱ་རྒྱུ། ཁྱོན་ཡོངས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཞིབ་བཤེར་བྱེད་པའི་འགན་འཁུར་དགོས་ལ། ཁྱོན་ཡོངས་ཀྱི་ཁྲིམས་འཛིན་བརྟག་དཔྱད་ཞིབ་འཇུག་གི་ལས་ཀའི་འགན་འཁུར་བ། གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་ཞབས་ཞུའི་ཁྲོམ་རའི་ལྟ་སྐུལ་ལྟ་ཞིབ་ལས་དོན་གྱི་འགན་འཁུར་བ། གྲོས་འགོ་ཆེན་པོ་དང་སྲིད་གྲོས་ཀྱི་གྲོས་གཞི་སྒྲུབ་པའི་ལས་ཀ་སྒྲུབ་འགན་འཁུར་བ། ཡིག་སྐུར་ངོ་བཅར་བརྟན་ལྷིང་དང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་ཀ་བྱེད་པར་འགན་འཁུར་དགོས། 

2_6 རྒྱབ་ཕྱོགས་མཁོ་སྒྲུབ་སྒྲིག་ཆས་ཁོའོ།

ཁྲིམས་འཛིན་མ་ལག་གི་སྒྲིག་ཆས་དོ་དམ་དང་བསྡོམས་རྩིས་ལས་ཀ་བྱེད་པར་འགན་འཁུར་རྒྱུ་དང་། དོ་དམ་ལས་ཁུངས་དང་དེའི་ཁོངས་སུ་གཏོགས་པའི་སྡེ་ཚན་གྱི་འགྲོ་གྲོན་འགན་འཁུར་རྒྱུ།  ལས་ཁུངས་དང་ཁོངས་གཏོགས་སྡེ་ཚན་གྱི་གཞུང་དབང་རྒྱུ་ནོར་དོ་དམ་དང་། སྔོན་རྩིས་དང་ངེས་རྩིས། ནོར་དོན་དོ་དམ། རྩིས་བཤེར་བཅས་ཀྱི་ལས་ཀ་བྱེད་པར་འགན་འཁུར་དགོས། 

2_7 གཞུང་དཔང་ཁང་། 

གྲོང་ཁྱེར་ཡོངས་ཀྱི་གཞུང་དཔང་ལས་ཀར་དོ་དམ་དང་མཛུབ་ཁྲིད་བྱེད་པར་འགན་འཁུར་རྒྱུ་དང་།  གཞུང་དཔང་ལས་ཀའི་འཆར་འགོད་དང་དོ་དམ་ལམ་ལུགས་ཞིབ་འཇུག་གིས་བཟོ་རྒྱུ་དང་འབྲེལ་ལག་ལེན་བསྟར་རྒྱུའི་སྒྲིག་འཛུགས་ཀྱང་བྱ་རྒྱུ། གཞུང་དཔང་བའི་ཐོབ་ཐང་རྒྱུགས་ལེན་དང་ལོ་བཤེར་ཐོ་འགོད་ཀྱི་ལས་ཀ་བྱེད་པར་འགན་འཁུར་རྒྱུ། གཞུང་དཔང་བའི་ལས་སྒོའི་སྦྱོང་བརྡར་དང་སྤེལ་རེས་བྱེད་པར་འགན་འཁུར་རྒྱུ་དང་། གཞུང་དཔང་བའི་ལག་ཁྱེར་གྱི་སྤུས་ཀར་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུ། 

3 མངག་གཏོང་སྒྲིག་གཞི།

ཞིན་སྨི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཁྲེང་ཀོན་ཁྲིམས་འཛིན་ཁང་། 

ཞིན་སྨི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡོན་ཀྲོང་ཁྲིམས་འཛིན་ཁང་། 

ཞིན་སྨི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཉིའུ་ཏེན་ཁྲིམས་འཛིན་ཁང་། 

ཞིན་སྨི་གྲོང་ཁྱེར་གྱི་ཁྲིམས་འཛིན་ཅུ་ཏ་ཁུའེ་ཁྲིམས་འཛིན་ཁང་།

ཞིན་སྨི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ལིའུ་ཀྲའེ་ཁྲིམས་འཛིན་ཁང་། 

ཞིན་སྨི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་པའེ་ཀྲའེ་ཁྲིམས་འཛིན་ཁང་། 

ཞིན་སྨི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཆུས་ལིའང་ཁྲིམས་འཛིན་ཁང་། 

ཞིན་སྨི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡུའེ་ཚུན་ཁྲིམས་འཛིན་ཁང་། 

ཞིན་སྨི་གྲོང་ཁྱེར་གྱི་ཁྲིམས་འཛིན་ཅུའུ་སྨི་ཚུན་ཁྲིམས་འཛིན་ཁང་། 

ཞིན་སྨི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཕིན་མུ་ཁྲིམས་འཛིན་ཁང་། 

ཞིན་སྨི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཞིན་ཧྭ་ལམ་ཁྲིམས་འཛིན་ཁང་། 

ཞིན་སྨི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཆིང་ཕིན་སྲང་ལམ་ཁྲིམས་འཛིན་ཁང་། 

དཔྱད་གཞིའི་ཡིག་ཆ།