ཞིན་སྨི་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-03-01 14:40ལ་འགྲུབ།

ཞིན་སྨི་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།

ཞིན་སྨི་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།
ཞིན་སྨི་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1952ལོར་བཙུགས་ཤིང་། ད་ལྟ་ཞིན་སྨི་གྲོང་ཁྱེར་དུ་ཡོད་ཅིང་ཁྲིམས་ཁང་དེར་མི32དང་། རབ་འབྱམས་པ17 དངོས་གཞིའི་ཚན་ཁག་གི་སློབ་མ171་བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新密市人民法院       http://xmsfy.hncourt.org/
སྦྲག་སྲིད་ཨང་རྟགས།
452370
གནས་ཡུལ།
ཀྲེང་ཀྲོའུ་གྲོང་ཁྱེར་ཞིན་སྨི་གྲོང་ཁྱེར་ནུབ་ཀྱི་ལམ་ཆེན།
འབྲེལ་གཏུགས་ཁ་པར་ཨང་གྲངས།
0371-69898111
བཙུགས་ལོ།
སྤྱི་ལོ1952ལོར།
མི་གྲངས།
མི232
1 ངོ་སྤྲོད་མདོར་བསྡུས།

ཞིན་སྨི་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1952ལོར་བཙུགས་ཤིང་། ད་ལྟའི་སྡོད་གནས་ནི་ཞིན་མེ་གྲོང་ཁྱེར་དུ་ཡོད་ལ་ཁྲིམས་ཁང་དེར་མི་32དང་རབ་འབྱམས་པ17 དངོས་གཞིའི་ཚན་ཁག་གི་མི171 དངོས་གཞིའི་ཚན་ཁག་ཡན་གྱི་བསླབ་གནས་ཀྱིས་སྤྱིའི་མི་གྲངས་ཀྱི81.5%བཅས་ཟིན།

2 ལས་ཁུངས་སྒྲིག་བཀོད།

ཞིན་སྨི་གྲོང་ཁྱེར་གྱི་མི་དམངས་ཁྲིམས་ཁང་ལ་ད་ལྟ་གཞུང་ལས་ཁང་དང་། ཆབ་སྲིད་ཁྲུའུ། མི་དོན་ཁོའོ་དང་། དྲིལ་བསྒྲགས་སློབ་གསོ་ཁའོ་དང་ཕྱོགས་བསྡུས་ཁའོ། གྱོད་ཐོ་བཀོད་པའི་ཡིག་སྐུར་ངོ་བཅར་ཅུའུ། གྱོད་དོན་ཐོ་འགོད་ཁྲིམས་ར་དང་པོ་དང་། གྱོད་ཐོ་བཀོད་པའི་ཁྲིམས་ར་གཉིས་པ། གཏུག་བཤེར་ཞབས་ཞུ་ལྟེ་གནས། ཉེས་དོན་འདྲི་གཅོད་ཁྲིམས་ར། ལོ་ན་མ་སོན་པའི་སྐྱེ་བོའི་གྱོད་དོན་ཕྱོགས་བསྡུས་འདྲི་གཅོད་ཁྲིམས་ར། དམངས་དོན་འདྲི་གཅོད་ཁྲིམས་ར། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། སྲིད་འཛིན་འདྲི་གཅོད་ཁྲིམས་ར། འདྲི་གཅོད་ལྟ་སྐུལ་ཁྲིམས་ར། ལག་བསྟར་ཁང་དང་པོ། ལག་བསྟར་ཁང་གཉིས་པ། ལག་བསྟར་ཁང་གསུམ་པ། ཕྱོགས་བསྡུས་ཁང་བཅས་འདུས་ཤིང་། ཁྲིམས་འཛིན་ཉེན་རྟོག་ཁང་། ལག་རྩལ་དོ་དམ་ཁག སྲིད་འཛིན་སྒྲིག་ཆས་ཁང་། འདྲི་གཅོད་དོ་དམ་གཞུང་ལས་ཁང་། ལྟ་ཞིབ་ཁང་།ཞིབ་འཇུག་ཁང་། ལས་ཁུངས་ཏང་ཨུ། བཟོ་ཚོགས་སོགས་སྡེ་ཁག18ཡོད། 

3 ཁྲིམས་ཁང་འཛུགས་སྐྲུན།

ཉེ་ལམ་ལོ་ཤས་རིང་ཁྲིམས་ཁང་གིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། “ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཁྲིམས་འཛིན་བྱེད་པའི་”ལས་ཀའི་བརྗོད་བྱ་གཙོ་བོ་མཐའ་འཁྱོངས་བྱས་ཤིང་། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དམ་འཛིན་བྱེད་སར་བྱེད་པ་དང་། ལས་རྗེས་དཔྱད་ཞིབ་དང་སྔོན་གཏོད་ལེགས་བརྩོན་ལ་སྤྱི་འདོམས་བྱེད་པ། འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ། དཔུང་ཁག་སྟོབས་ཆེར་གཏོང་བ་དང་བྱང་ཚད་མཐོ་རུ་གཏོང་བ། གཟུགས་བརྙན་གཏོད་པ། འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས། ལག་བསྟར། ཡིག་བསྐུར་ངོ་གཏུག གཏུག་བཤེར་ཞབས་ཞུ། མང་ཚོགས་བློ་ཡིད་ཚིམ་ཚད་སོགས་ལས་དོན་ཁག་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་དགོས། 

4 གཟི་བརྗིད་མཚན་སྙན།

སྔ་རྗེས་སུ་རྒྱལ་ཡོངས་ཁྲིམས་ཁང་ཁོངས་གཏོགས་ཀྱི“གྱོད་གཞི་ཐོ་འགོད་དང་ཡིག་སྐུར་ངོ་བཅར་གྱི”ལས་དོན་གྱི་སྔོན་ཐོན་ཚན་པ་དང་། སྐབས་གཉིས་བསྟུད་མར་ཧོ་ནན་ཞིང་ཆེན་རིམ་པའི་དཔལ་ཡོན་ཚན་པ། ཀྲེང་ཀྲོའུ་གྲོང་ཁྱེར་སྲིད་ཁྲིམས་ལས་དོན་གྱི་སྔོན་ཐོན་ཚན་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་སྔོན་ཐོན་ཚན་པ་བཅས་སུ་བདམས་པར་ཀྲེང་ཀྲོའུ་གྲོང་ཁྱེར་སྒྲིག་ཨུས་སྲིད་གཙང་འཛུགས་སྐྱོང་གི་དཔེ་སྟོན་རྟེན་གཞི་ཞེས་མིང་བཏགས་པ་དང་། ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་གི་དཔྱད་ཞིབ་ཁྲོད་ཞིན་སྨི་ཁྲིམས་ཁང་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང163གི་མདུན་གྲལ་དུ་གནས་པ་དང་ལོ་གཉིས་བསྟུད་མར་ཧོ་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“སྔོན་ཐོན་ཚན་པའི”མཚན་སྙན་ཐོབ་པ་དང་འབྲེལ“ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གཏུག་བཤེར་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་དཔེ་སྟོན་ཚན་པ”དང་། “ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་གི་སྔོན་ཐོན་ཚན་པ” “ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཁྲིམས་ཁང”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ།

དཔྱད་གཞིའི་ཡིག་ཆ།