གཅིག གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་བདེ་སྐྱོང་གི་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་ཁྲིམས་འགལ་ཉེས་གསོག་གི་སྤྱོད་ངན་མི་ཡོང་བའི་སྔོན་འགོག་དང་བཀག་འགོག མྱུལ་ཞིབ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་བདེ་སྐྱོང་སྒྲིག་ལམ་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་བདེ་སྐྱོང་སྒྲིག་ལམ་ལ་གནོད་སྐྱོན་གཏོང་བའི་སྤྱོད་ངན་བཀག་འགོག་བྱ་རྒྱུ།
གཉིས། མང་ཚོགས་ཀྱི་རང་བཞིན་ལྡན་པའི་དོན་རྐྱེན་ཁྲིམས་ལྟར་ཐག་གཅོད་དང་། འདུ་ཚོགས་དང་ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་བྱེད་སྒོར་དོ་དམ་བྱ་རྒྱུ་དང་། སྤྱི་ཚོགས་ཀྱི་ཆབ་སྲིད་བརྟན་ལྷིང་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གྱོད་གཞིར་ཁྲིམས་ལྟར་མྱུལ་ཞིབ་ལས་དོན་སྤེལ་དགོས།
གསུམ། མངའ་ཁོངས་ཕྱི་ནང་གི་འཇིགས་སྐུལ་པའི་གཏོར་བཤིག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་རྒྱུ་དང་། འཇིགས་སྐུལ་གྱི་བྱ་སྤྱོད་དམ་འཇིགས་སྐུལ་གྱི་ངང་ཚུལ་བཟོ་མཁན་ཁྲིམས་འགལ་བར་ཁྲིམས་གཅོད་ནན་མོ་བྱ་དགོས།
བཞི། གྱོད་དོན་དང་དོན་རྐྱེན་གལ་ཆེན་མྱུལ་ཞིབ་དང་ཐག་གཅོད་བྱེད་པར་ཁྲིམས་ལྟར་སྒྲིག་འཛུགས་དང་མཐུན་སྦྱོར་བཅས་བྱ་དགོས།
ལྔ། དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་དང་འགོག་ཟོན་བྱ་དགོས།
དྲུག གྲོང་ཁྱེར་ཡོངས་ཀྱི་དུག་འགོག་ལས་དོན་གྱི་འགན་འཁུར་རྒྱུ།
བདུན། འགྲིམ་འགྲུལ་དང་མེ་གསོད། ཉེན་ཆེའི་དངོས་རྫས། དམིགས་བསལ་ལས་རིགས་བཅས་དང་། ཐེམ་ཐོ་དང་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་ལས་དོན། ཕྱི་རྒྱལ་བ་བཅས་ཀྱིས་ཡུལ་སྐོར་བྱེད་པའི་འབྲེལ་ཡོད་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུ།
བརྒྱད། རྩིས་འཁོར་དྲ་རྒྱའི་མ་ལག་གི་བདེ་འཇགས་ལྟ་ཞིབ་ལ་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱ་དགོས།
དགུ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་དཔུང་སྡེའི་དོ་དམ་དང་སློབ་གསོའི་ལས་དོན་གྱི་འགན་འཁུར་རྒྱུ་དང་། སྤྱི་བདེ་ལས་ཁུངས་དང་སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པའི་ཁྲིམས་འཛིན་བྱེད་སྒོར་མཛུབ་ཁྲིད་དང་ལྟ་སྐུལ། ཞིབ་བཤེར་བཅས་བྱ་དགོས།
བཅུ། གྲོང་ཁྱེར་གྱི་ཉེན་རྟོག་དྲག་དཔུང་དང་མེ་གསོད་མེ་འགོག་དམག་དཔུང་གི་ལས་ཀར་ཁྲིད་སྟོན་དང་མཐུན་སྦྱོར་བྱ་རྒྱུ།
བཅུ་གཅིག རྒྱལ་ཁབ་ཀྱི་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། ཁེ་ལསསྡེ་ཚན། གཙོ་གནད་བཟོ་སྐྲུན། བྱེད་སྒོ་གལ་ཆེན་བཅས་ཀྱི་བདེ་འཇགས་སྲུང་སྐྱོང་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པ་དང་། གཞི་རིམ་གྱི་བདེ་འཇགས་སྲུང་སྐྱོང་རྩ་འཛུགས་ཀྱིས་མཉམ་འགོག་མཉམ་བཅོས་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱ་དགོས།
བཅུ་གཉིས། གྲོང་ཁྱེར་སྲིད་གཞུང་གིས་བསྒྲུབ་རྒྱུར་སྤྲད་པའི་བྱ་བ་གཞན་དག་བསྒྲུབ་རྒྱུ།