ཞིང་དབྱང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-03-03 17:04ལ་འགྲུབ།

ཞིང་དབྱང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།

ཞིང་དབྱང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།
ཞིང་དབྱང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1954ལོའི་ཟླ5པར་བཙུགས་པ་དང་། སྤྱི་ལོ1994ལོའི་ཟླ8པར་ཞིང་དབྱང་རྫོང་གྲོང་ཁྱེར་དུ་ཕྱིར་འཐེན་བྱས་ཤིང་། མིང་ལ་ཞིང་དབྱང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ཞེས་བཏགས་པ་དང་། ཁྲིམས་ཁང་དེ་རུ་ལས་བྱེད་པ་དང་ཉེན་རྟོག་པ་ཁྱོན186ཡོད་པ་དང་དངོས་གཞིའི་ཚན་ཁག་ཡན་གྱི་བསླབ་གནས་ཀྱིས་སྤྱིའི་མི་གྲངས་ཀྱི70.1%བཟུང་ཡོད་ལ། དེའི་ནང་དུ་ཞིབ་འཇུག་སློབ་མ5ཡོད་པ་དེས་སྤྱིའི་མི་གྲངས་ཀྱི2.7%བཟུང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
荥阳市人民法院       http://xysfy.hncourt.org/
སྦྲག་སྲིད་ཨང་རྟགས།
450100
གནས་ཡུལ།
ཞིན་ཙེ་ལམ་ཆེན་དང་ཁང་ཐའེ་ལམ་ཆེན་གཉིས་ཀྱི་སྣོལ་མཚམས་སུ་གནས།
བཙུགས་ལོ།
1954--5
འབྲེལ་གཏུགས་ཁ་པར་ཨང་གྲངས།
0371-64629085
མི་གྲངས།
མི186
1 ངོ་སྤྲོད་མདོར་བསྡུས།

ཞིང་དབྱང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1954ལོའི་ཟླ5པར་བཙུགས་པ་དང་ད་ཆ་གྲོང་ཁྱེར་ཤར་ཁུལ་གྱི་ཞིན་ཙེ་ལམ་ཆེན་དང་ཁང་ཐའེ་ལྕགས་ལམ་གྱི་སྣོལ་མཚམས་སུ་གནས་ཡོད་ཅིང་། ཁྲིམས་ཁང་དེ་རུ་ལས་བྱེད་པ་དང་ཉེན་རྟོག་པ་ཁྱོན186ཡོད་པ་དང་དངོས་གཞིའི་ཚན་ཁག་ཡན་གྱི་བསླབ་གནས་ཀྱིས་སྤྱིའི་མི་གྲངས་ཀྱི70.1%བཟུང་ཡོད་ལ། དེའི་ནང་ཞིབ་འཇུག་སློབ་མ་མི5ཡོད་པ་དེས་སྤྱིའི་མི་གྲངས་ཀྱི2.7%བཟུང་ཡོད། ཁྲིམས་ཁང་གི་དཔུང་སྡེར་ཤེས་ཡོན་ཅན་དང་ན་གཞོན་ཅན། ཆེད་ལས་ཅན་བཅས་ཀྱི་ཁྱད་ཆོས་མངོན་ཡོད། 

2 ལས་ཁུངས་སྒྲིག་བཀོད།

ཞིང་དབྱང་གྲོང་ཁྱེར་གྱི་མི་དམངས་ཁྲིམས་ཁང་ལ་ད་ལྟ་གཞུང་ལས་ཁང་དང་། ཆབ་སྲིད་ཁྲུའུ། མི་དོན་ཁོའོ་དང་དྲིལ་བསྒྲགས་སློབ་གསོ་ཁོའོ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཁང། ཁྲིམས་འཛིན་ཉེན་རྟོག་རུ་ཁག ཁྲིམས་འཛིན་ལག་རྩལ་ཁོའོ། སྲིད་འཛིན་སྒྲིག་ཆས་ཁོའོ། ལས་ཁུངས་ཀྱི་ཏང་ཨུ་དང་། ཞིབ་འཇུག་ཁང་དང་། འདྲི་གཅོད་དོ་དམ་གཞུང་ལས་ཁང་། ཆ་འཕྲིན་དྲ་སྦྲེལ་ལྟེ་གནས། ཁྲིམས་ར་དང་པོ། གྱོད་ཐོ་བཀོད་པའི་ཁྲིམས་ར་གཉིས་པ། གཏུག་བཤེར་ཞབས་ཞུ་ལྟེ་གནས། ཉེས་དོན་འདྲི་གཅོད་ཁྲིམས་ར། ལོ་ན་མ་སོན་པའི་སྐྱེ་བོའི་གྱོད་དོན་ཕྱོགས་བསྡུས་འདྲི་གཅོད་ཁྲིམས་ར། དམངས་དོན་འདྲི་གཅོད་ཀྱི་ཁྲིམས་ར་དང་པོ། ཁྲེང་ཀོན་ལྟེ་གནས་ཀྱི་མི་དམངས་ཁྲིམས་ར་དང་། ཚུའེ་མིའོ་ལྟེ་བའི་མི་དམངས་ཁྲིམས་ར། ཆའོ་ལོའུ་ལྟེ་བའི་མི་དམངས་ཁྲིམས་ར། སི་ཧྲུའེ་ལྟེ་བའི་མི་དམངས་ཁྲིམས་ར། ཀོང་ཝུའུ་མི་དམངས་ཁྲིམས་ར། འགྲིམ་འགྲུལ་ཁྲིམས་ར། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། སྲིད་འཛིན་འདྲི་གཅོད་ཁྲིམས་ར། འདྲི་གཅོད་ལྟ་སྐུལ་ཁྲིམས་ར། ལག་བསྟར་ཅུའུ་བཅས་ཁྱོན་སྡེ་ཚན34བཙུགས་ཡོད། 

3 ཁྲིམས་ཁང་འཛུགས་སྐྲུན། 

ཧོ་ནན་ཞིང་ཆེན་ཞིང་དབྱང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཁང་གི་སྙིང་སྟོབས་སྐྱེད་སྲིང་དང་། ཁྲིམས་འཛིན་འདུ་ཤེས་གསར་བརྗེ། ལས་རིགས་ཀྱི་ཀུན་སྤྱོད་ལ་ཤུགས་སྣོན་བཅས་བྱ་རྒྱུ་ཤུགས་རྒྱག་སར་བྱས་ནས་རིག་གནས་འཛུགས་སྐྱོང་དེ་ཁྲིམས་ཁང་གི་ལས་དོན་ཁག་ཁྲོད་མཉམ་འདྲེས་ཐུབ་པ་བྱས་ཡོད་ཅིང་། ལམ་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ལ་བརྟེན་ནས“ཁ་ཕྱོགས་གསལ་བ”ཡོང་བར་བྱས་ཏེ། ཞིན་དབྱང་ཁྲིམས་ཁང་གིས་སྤྱི་པའི་དོ་དམ་བྱེད་སྟངས་ལ་དཔེ་བལྟས་ནས་ལམ་སྲོལ་བཙུགས་ཤིང་ལམ་ལུགས་འཛུགས་སྐྱོང་ལ་དམ་འཛིན་ཤུགས་ཆེན་བྱས་པ་དང་། གཏུག་བཤེར་བཅའ་ཁྲིམས་ཆེན་པོ་གསུམ་དང་གོང་རིམ་ཁྲིམས་ཁང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ལམ་ལུགས40ལྷག་ཙམ་སྡེབ་སྒྲིག་དང་གདམ་གསེས་བྱས་པ་ལྟར། བྱ་བ་གང་ཞིག་སྒྲུབ་པ། སུས་སྒྲུབ་པ། ཇི་ལྟར་སྒྲུབ་པ། བྱ་བ་ལེགས་པོ་སྒྲུབ་པ་བཅས་ཀྱི་ཐད་ལ་བཤད་ཚུལ་ཡོད་པའི་བླང་བྱ་ཞིག་ཡིན་ལ། ཁྲིམས་ཁང་གི་ལས་དོན་ཁག་དང་ལས་གནས་ཁག་ལ་གཞི་རྩའི་བླང་བྱ་དང་། བརྗོད་དོན་གཙོ་བོའི་ནང་དོན། ལག་བསྟར་གཞི་འཛིན་ས་བཅས་ཁ་གསལ་བཟོས་པ་དང་། འགན་འཁྲིའི་དབང་ཚད་དང་བཀོལ་སྤྱོད་བྱེད་ཐབས། གོ་རིམ་བཅས་ཚད་ལྡན་དུ་བཏང་།

4 གཟི་བརྗིད་མཚན་སྙན། 

ལས་ཀའི་གྲུབ་འབྲས་ཅུང་མངོན་གསལ་ཡིན་པས་ཉེ་བའི་ལོ་ཤས་རིང་ཐུན་མོང་གི་བྱས་རྗེས་རིམ་པ་གཉིས་པ་ཐེངས1དང་། ཐུན་མོང་གི་བྱས་རྗེས་རིམ་པ་གསུམ་པ་ཐེངས1 མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་མི་ཐེངས1 མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས4བཅས་ལ་གཟེངས་བསྟོད་བྱས་ཡོད་པ་དང་། སྔ་རྗེས་སུ“བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་སྔོན་ཐོན་ཚན་པ”དང“ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་སྔོན་ཐོན་ཚན་པ” “གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གི་སྔོན་ཐོན་ཚན་པ” “ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི་ལས་དོན་གྱི་སྔོན་ཐོན་ཚན་པ” “གྲོང་ཁྱེར་ཡོངས་ཀྱི་གྱོད་གཞི་དཔྱད་བཤེར་ལས་དོན་གྱི་སྔོན་ཐོན་ཚན་པ” “དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་སྔོན་ཐོན་ཚན་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཁྲིམས་ཁང་། ཞིང་དབྱང་། གྲོང་ཁྱེར།