ཀུང་དབྱི་གྲོང་ཁྱེར་སྤྱི་བདེ་ཅུའུ།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-03-03 17:04ལ་འགྲུབ།

ཀུང་དབྱི་གྲོང་ཁྱེར་སྤྱི་བདེ་ཅུའུ།

ཀུང་དབྱི་གྲོང་ཁྱེར་སྤྱི་བདེ་ཅུའུ།
ཀུང་དབྱི་གྲོང་ཁྱེར་སྤྱི་བདེ་ཅུའུ་ནི་ཀུང་དབྱི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་མངའ་འོག་ཏུ་བཙུགས་པའི་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ལས་དོན་གཙོ་གཉེར་བྱེད་མཁན་གྱི་འགན་ནུས་སྡེ་ཚན་ཞིག་ཡིན་ཞིང་། ཀུང་དབྱི་གྲོང་ཁྱེར་སྤྱི་བདེ་ཅུའུ་ལ་གྲོང་ཁྱེར་སྲིད་གཞུང་དང་ཧོ་ནན་ཞིང་ཆེན་སྤྱི་བདེ་ཐིང་གཉིས་ཀས་འགོ་ཁྲིད་བྱེད་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巩义市公安局
དབྱིན་ཡིག་གི་མིང་།
Gongyi municipal public security bureau
གནས་ཡུལ།
ཀུང་དབྱི་གྲོང་ཁྱེར།
1 ​འགན་འཁྲི་གཙོ་བོ།

(གཅིག)གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་དང་ཆབ་སྲིད། བདེ་སྐྱོང་གི་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱ་རྒྱུ་དང་། ཁྲིམས་འགལ་ཉེས་གསོག་གི་སྤྱོད་ངན་མི་ཡོང་བའི་སྔོན་འགོག་དང་།བཀག་འགོག མྱུལ་ཞིབ་བཅས་བྱས་ནས་སྤྱི་ཚོགས་ཀྱི་བདེ་སྐྱོང་སྒྲིག་ལམ་སྲུང་སྐྱོང་དང་སྤྱི་ཚོགས་ཀྱི་བདེ་སྐྱོང་སྒྲིག་ལམ་ལ་གནོད་སྐྱོན་གཏོང་བའི་སྤྱོད་ངན་བཀག་འགོག་བྱ་རྒྱུ། 

(གཉིས)མང་ཚོགས་ཀྱི་རང་བཞིན་ལྡན་པའི་དོན་རྐྱེན་ཁྲིམས་ལྟར་ཐག་གཅོད་དང་། འདུ་ཚོགས་དང་ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་བྱེད་སྒོར་དོ་དམ། སྤྱི་ཚོགས་ཀྱི་ཆབ་སྲིད་བརྟན་ལྷིང་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གྱོད་གཞིར་ཁྲིམས་ལྟར་མྱུལ་ཞིབ་བཅས་བྱ་རྒྱུ། 

(གསུམ)མངའ་ཁོངས་ཕྱི་ནང་གི་འཇིགས་སྐུལ་པའི་གཏོར་བཤིག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུ་དང་། འཇིགས་སྐུལ་གྱི་བྱ་སྤྱོད་དང་འཇིགས་སྐུལ་གྱི་རྣམ་པ་ལྡན་པའི་ཁྲིམས་འགལ་ཅན་ལ་ཁྲིམས་ཆད་ནན་གཅོད་བྱ་རྒྱུ། 

(བཞི)གྱོད་དོན་གལ་ཆེན་དང་དོན་རྐྱེན་གལ་ཆེན་ཁྲིམས་ལྟར་མྱུལ་ཞིབ་དང་ཐག་གཅོད་བྱེད་པར་སྒྲིག་འཛུགས་དང་མཐུན་སྦྱོར་བཅས་བྱ་རྒྱུ་དང་། དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་དང་འགོག་ཟོན་བྱ་དགོས། 

(ལྔ)གྲོང་ཁྱེར་ཡོངས་ཀྱི་དུག་འགོག་ལས་དོན་དང་སྨད་འཚོང་འཆལ་རྒྱུག་བྱེད་མཁན་ལ་བསྡུ་ཉར་སློབ་གསོའི་ལས་དོན་གྱི་འགན་འཁུར་རྒྱུ། 

(དྲུག)འགྲིམ་འགྲུལ་དང་མེ་གསོད། ཉེན་ཆེའི་དངོས་རྫས། དམིགས་བསལ་ལས་རིགས། ཐེམ་ཐོ། རྒྱལ་མཚམས་ནས་འགྲོ་འོང་བཅས་ཀྱི་ལས་དོན་དང་། ཕྱི་རྒྱལ་བ་ཐོ་འགོད་དང་ཡུལ་སྐོར་དུ་སྐྱོད་པ་དང་འབྲེལ་བ་ཡོད་པའི་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུ། 

(བདུན)རྩིས་འཁོར་གྱི་དྲ་སྦྲེལ་མ་ལག་གི་བདེ་འཇགས་ལྟ་ཞིབ་ལ་ཁྲིམས་ལྟར་ལྟ་སྐུལ་དང་དོ་དམ་བྱ་རྒྱུ། 

(བརྒྱད)གྲོང་ཁྱེར་ཡོངས་ཀྱི་ཉེན་རྟོག་དྲག་དཔུང་དང་མེ་གསོད་མེ་འགོག་དམག་དཔུང་གི་ལས་ཀ་མཐུན་སྦྱོར་བྱ་རྒྱུ། 

(དགུ)རྒྱལ་ཁབ་གཞུང་གི་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། ཁེ་ལས་སྡེ་ཚན། བཟོ་སྐྲུན་གཙོ་གནད། བྱེད་སྒོ་གལ་ཆེན་བཅས་ཀྱི་བདེ་སྲུང་ལས་དོན་ལ་ཁྲིད་སྟོན་དང་ལྟ་སྐུལ་བྱ་ར

(བཅུ)གཞི་རིམ་གྱི་བདེ་སྲུང་རྩ་འཛུགས་ཀྱིས་མང་ཚོགས་དང་མཉམ་འགོག་མཉམ་བཅོས་བྱེད་པའི་ལས་དོན་སྤེལ་བར་ཁྲིད་སྟོན་བྱ་དགོས།

2 གཟི་བརྗིད་མཚན་སྙན།

སྤྱི་ལོ2020ལོའི་ཟླ6པར་ཀུང་དབྱི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས“སྤྱི་ལོ2019ལོའི་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་ལས་དོན་གྱི་སྔོན་ཐོན་ཚན་པར”བདམས། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

གཞི་རིམ། བདེ་སྲུང་། ལྟ་སྐུལ།