ཝུན་ཀུའོ་ཏུང།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2021-01-26 14:02ལ་འགྲུབ།

ཝུན་ཀུའོ་ཏུང།

ཝུན་ཀུའོ་ཏུང།
སྤྱི་ལོ1969ལོའི་ཟླ8པར་མཚོ་སྔོན་ཧུང་ཀྲོང་རྫོང་དུ་སྐྱེས། སྤྱི་ལོ1987ལོར་བྱ་བར་ཞུགས་ཤིང་སྤྱི་ལོ1995ལོའི་ཟླ8པར་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་དང་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་ཏང་གུང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད། སྤྱི་ལོ2021ལོའི་ཟླ1པོར། ཝུན་ཀུའོ་ཏུང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་འཛིན་བཟུང་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
文国栋
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
མཚོ་སྔོན་ཧུང་ཀྲོང་རྫོང་།
སྐྱེས་ལོ།
སྤྱི་ལོ1969ལོའི་ཟླ8པ།
མཐར་ཕྱིན་སློབ་གྲྭ།
ཀྲུང་དབྱང་ཏང་གི་སློབ་གྲྭ།
1 ངོ་སྤྲོད་མདོར་བསྡུས།

སྤྱི་ལོ1969ལོའི་ཟླ8པར་མཚོ་སྔོན་ཧུང་ཀྲོང་རྫོང་དུ་སྐྱེས། སྤྱི་ལོ1987ལོར་བྱ་བར་ཞུགས་ཤིང་སྤྱི་ལོ1995ལོའི་ཟླ8པར་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། 

ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་དང་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་ཏང་གུང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།  

སྤྱི་ལོ2021ལོའི་ཟླ1པོར། ཝུན་ཀུའོ་ཏུང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་འཛིན་བཟུང་བྱས། 

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1987ལོའི་ཟླ7པརམཚོ་སྔོན་ཞིང་ཆེན་ཧུང་ཀྲོང་རྫོང་ཧྲེང་ཞིན་གྲོང་གི་ཧྲེང་ནན་སློབ་ཆུང་དང་འབྲིང་རིམ་སློབ་གྲྭ་དགེ་རྒན་གྱི་འགན་བཞེས།

སྤྱི་ལོ1989ལོའི་ཟླ7པར་མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་གི་རྒྱང་སྒྲོག་བརྙན་འཕྲིན་ཅུའི་གཞུང་སྒྲུབ་ཁང་གི་དྲུང་ཡིག་དང་རླུང་འཕྲིན་གསར་འགོད་པའི་འགན་བཞེས།

སྤྱི་ལོ1991ལོའི་ཟླ3པར་མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་ཨུའི་གཞུང་སྒྲུབ་ཁང་གི་དྲུང་ཡིག་གི་འགན་བཞེས།

སྤྱི་ལོ1991ལོའི་ཟླ11པར་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཆའི་ཨུ་ཡོན་གཞུང་སྒྲུབ་ཁང་གི་དྲུང་ཡིག་གི་འགན་བཞེས།

སྤྱི་ལོ1993ལོའི་ཟླ9པ་ནས་སྤྱི་ལོ1996ལོའི་ཟླ4པའི་བར། མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཆའི་ཨུ་ཡོན་གཞུང་སྒྲུབ་ཁང་གི་དྲུང་ཡིག་ཁོ་ཀྲང་གཞོན་པ་དང་ཁོ་ཀྲང་གི་འགན་བཞེས། (སྤྱི་ལོ1993ལོའི་ཟླ8པ་ནས་སྤྱི་ལོ1995ལོའི་ཟླ12པའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཡིག་སྤྲིངས་སློབ་གླིང་གི་དཔལ་འབྱོར་དོ་དམ་ཆེད་ལས་སློབ་སྦྱོང་བྱས།)

སྤྱི་ལོ1996ལོའི་ཟླ4པར་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུའི་གཞུང་སྒྲུབ་ཁང་གི་ཁའོ་རིམ་པའི་དྲུང་ཡིག་གི་འགན་བཞེས།

སྤྱི་ལོ1996ལོའི་ཟླ7པར་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུའི་གཞུང་སྒྲུབ་ཁང་ལྟ་སྐུལ་ཞིབ་བཤེར་མི་སྣའི་འགན་བཞེས།(རྫོང་རིམ་གཞོན་པ།)

སྤྱི་ལོ1998ལོའི་ཟླ8པར་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ2002ལོའི་ཟླ12པར་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་དང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ2001ལོའི་ཟླ6པར་མཚོ་སྔོན་ཞིང་ཆེན་མིན་ཡོན་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།(སྤྱི་ལོ1999ལོའི་ཟླ9པ་ནས་སྤྱི་ལོ2002ལོའི་ཟླ7པའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཡིག་སྤྲིངས་གླིང་གི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭའི་དཔལ་འབྱོར་དོ་དམ་ཆེད་ལས་སུ་སློབ་སྦྱོང་བྱས།)

2003ལོའི་ཟླ4པར་མཚོ་སྔོན་ཞིང་ཆེན་མིན་ཡོན་རྫོང་ཨུའུ་ཧྲུའུ་ཅི་དང་དམངས་ཆེན་རྒྱུན་ལས་ཨུ་ཡོན་གྱི་ཀྲུའུ་རེན་གྱི་འགན་བཞེས། (སྤྱི་ལོ2004ལོའི་ཟླ3པ་ནས་སྤྱི་ལོ2004ལོའི་ཟླ7པར་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྫོང་ཨུའི་ཧྲུའུ་ཅིའི་ཟབ་སྦྱོང་འཛིན་གྲྭར་ཞུགས།)

སྤྱི་ལོ2005ལོའི་ཟླ9པར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་གི་འགན་བཞེས།(སྤྱི་ལོ2004ལོའི་ཟླ9པ་ནས་སྤྱི་ལོ2006ལོའི་ཟླ7པར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་གླིང་གི་འགོ་ཁྲིད་ལས་བྱེད་པའི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཁྲིམས་ལུགས་རིག་པའི་ཆེད་ལས་སློབ་སྦྱོང་བྱས། སྤྱི་ལོ2008ལོའི་ཟླ3པ་ནས་སྤྱི་ལོ2009ལོའི་ཟླ1པོའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་ན་གཞོན་འཛིན་གྲྭར་སློབ་སྦྱོང་བྱས།)

སྤྱི་ལོ2009ལོའི་ཟླ4པར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་དང་ཁུལ་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ2010ལོའི་ཟླ4པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2012ལོའི་ཟླ3པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2012ལོའི་ཟླ8པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ(ཐིང་རིམ་པ)དང་སྲིད་ཁྲིམས་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ2པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2015ལོའི་ཟླ7པར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི། ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་ཏང་གུང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།  

སྤྱི་ལོ2020ལོའི་ཟླ7པར་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་འགོ་གཙོ་གཞོན་པ་དང་མཚོ་ནུས་ཁུལ་ཨུའི་ཧྲུའུ་ཅི། ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་ཏང་གུང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་དང་། སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན།

3 བསྐོ་འཐེན་གནས་ཚུལ།

སྤྱི་ལོ2016ལོའི་ཟླ10པར། ཀྲུང་གུང་མཚོ་ནུབ་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཝུན་ཀུའོ་ཏུང་ལགས་མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅིར་བདམས།

4 སྒྲིག་འགལ་བརྟག་དཔྱད།

སྤྱི་ལོ2020ལོའི་ཟླ9པའི་ཚེས6ཉིན་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་ལྟར་ན།མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་འགོ་གཙོ་གཞོན་པ་དང་།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི།ཚྭ་འདམ་གཤོང་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཝུན་ཀུའོ་ཏུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་ནས་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱས་པ་རེད།

5 གོ་གནས་འཐེན་པ།

སྤྱི་ལོ2020ལོའི་ཟླ9པའི་ཚེས19ཉིན་མཚོ་ནུབ་ཁུལ་གྱིས་ཁུལ་ཡོངས་ཀྱི་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་མཚོ་ནུབ་ཨུའི་འགོ་ཁྲིད་གཙོ་བོ་བསྐོ་འཐེན་བྱ་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཨུའི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཨུས་ཝུན་ཀུའོ་ཏུང་གི་ཀྲུང་གུང་མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་དང་མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཤོང་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིའི་གོ་གནས་མེད་པར་བཟོ་རྒྱུ་གཏན་འབེབས་བྱས་པ་མ་ཟད་འབྲེལ་ཡོད་ཀྱི་ལས་འགན་གཞན་དག་ཞིང་ཨུའི་གཏན་འབེབས་ལྟར་མེད་པར་བཟོས། ཟླ9པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཅིག་པ་གྲོལ་ཞིང་། ཚོགས་འདུའི་སྟེང་ཝུན་ཀུའོ་ཏུང་གི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་འགོ་གཙོ་གཞོན་པའི་གོ་གནས་འཐེན་རྒྱུར་གཏན་འབེབས་བྱས།

6 འཐུས་མའི་གོ་གནས་བླངས་པ།

སྤྱི་ལོ2020ལོའི་ཟླ9པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ནས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཝུན་ཀུའོ་ཏུང་གིས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིའི་གོ་གནས་དགོངས་ཞུ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་འཐུས་མིའི་སྐོར་གྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཝུན་ཀུའོ་ཏུང་གི་འཐུས་མིའི་ཐོབ་ཐང་སྤྱོད་མཚམས་བཞག

7 ཕྱོགས་གཉིས་ཆད་གཅོད།

སྤྱི་ལོ2021ལོའི་ཟླ1པོར་ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་ཞིང་ཆེན་འགོ་གཙོ་གཞོན་པ། མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི། ཚྭ་འདམ་གཤོངས་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཝུན་ཀུའོ་ཏུང་གི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་ལ་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་བརྟག་དཔྱད་བྱས།

ཞིབ་བཤེར་བྱས་པ་བརྒྱུད་ཝུན་ཀུའོ་ཏུང་གིས་ཏང་གི་ཕུགས་བསམ་དང་དད་སེམས་ཀྱི་དམིགས་ཡུལ་ཤོར་བ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་ཁྲལ་སེལ་སླ་བཅོས་དང་དང་ཐ་ན“རྡོ་སོལ་ལ་བརྟེན་ནས་འཚོ་བ་གཉེར་པ”དང་ཁྲིམས་འགལ་སྒེར་གཉེར་ཁེ་ལས་ཀྱི་བདག་པོ་དང་ཁེ་ཕན་བརྗེ་རེས་བྱས་ཏེ་ཁྲིམས་འགལ་ངང་རྡོ་སོལ་སྔོག་འདོན་བྱེད་པའི་“འགེབས་སྲུང”བྱས་པས་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་མངའ་ཁོངས་ཀྱི་མུ་ལི་གཏེར་ཁུལ་དུ་ཁྲིམས་འགལ་ངང་རྡོ་སོལ་སྔོག་འདོན་བྱེད་པའི་གནད་དོན་དེ་ལེགས་སྒྲིག་བྱས་ཀྱང་བཅོས་སྒྲིག་མ་བྱས་པ་དང་བཀག་སྡོམ་བྱས་ཀྱང་མཚམས་མ་ཆད་པ་རེད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་མ་བསྒྲུབ་པར་ས་གནས་དེ་གའི་ཆབ་སྲིད་སྣོད་བཅུད་ལ་གཏོར་བཤིག་ཚབས་ཆེན་བཏང་སྟེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཞག་ནས་སྒེར་གཉེར་ཁེ་ལས་ཀྱི་བདག་པོས་གསོལ་སྟོན་བཤམས་པ་ཐེངས་མང་དང་ལེན་བྱས་པ་དང་འབྲེལ་སྒྲིག་འགལ་ངང་འབུལ་རྟེན་དངུལ་བླངས་པ། རྩ་འཛུགས་ཀྱིས་ཁ་བརྡ་དང་ཡིག་ཐོག་འདྲི་རྩད་བྱེད་སྐབས་གནད་དོན་ཇི་མ་ཇི་བཞིན་གསལ་བཤད་མི་བྱེད་པ། དམིགས་བསལ་གྱི་འབྲེལ་བ་ཡོད་པའི་མི་ལ་རོགས་རམ་བྱས་ནས་ལས་གྲྭ་ལེན་པ་དང་དབང་ཆ་དང་འདོད་སྲེད་ཉོ་ཚོང་བྱེད་པ། ལས་གནས་ཐོག་གི་སྟབས་བདེ་དང་བསྟུན་ནས་ཁྲིམས་འགལ་གྱིས་རྡོ་སོལ་སྔོག་འདོན་དང་ལས་གྲྭའི་རྣམ་གྲངས་སྒྲུབ་འགན་ལེན་པ་སོགས་ཀྱི་ཐད་མི་གཞན་ལ་ཁེ་ཕན་གཉེར་བ་མ་ཟད། ཁྲིམས་འགལ་གྱིས་རྒྱུ་དངོས་འབོར་ཆེན་བླངས་ཡོད།

ཝུན་ཀུའོ་ཏུང་གིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས་བཅས་ལ་འགལ་ཏེ་ལས་ཐོག་ཁྲིམས་འགལ་ཚབས་ཆེན་བྱས་པ་མ་ཟད། ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་པ་ཡོད་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་རང་ཚོད་མི་ཟིན་པར་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཞག་ཡོད་པས་ཐག་གཅོད་ནན་པོ་བྱེད་དགོས་ཞེས་བསྟན་པ་རེད།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་གུང་ཀྲུང་དབྱང་ལ་ཆོག་མཆན་འགོད་རྒྱུར་སྙན་སེང་ཞུས་ཏེ་རྒྱལ་ཁབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཝུན་ཀུའོ་ཏུང་ཏང་ལས་ཕྱིར་འཕུད་རྒྱུ་དང་། གཞུང་གི་ལས་གནས་ནས་ཕྱིར་འཕུད་རྒྱུ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མིའི་ཐོབ་ཐང་ལེན་རྒྱུ། སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། ཉེས་གསོག་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱས་ཏེ་རྩིས་སྤྲོད་བྱ་རྒྱུ། འབྲེལ་ཡོད་རྒྱུ་དངོས་མཉམ་དུ་རྩིས་སྤྲོད་བྱ་རྒྱུ་བཅས་གཏན་འབེབས་བྱས།

8 ཁྲིམས་ལྟར་འཛིན་བཟུང་།

སྤྱི་ལོ2021ལོའི་ཟླ1པོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་ཞིངཅེན་འགོ་གཙོ་གཞོན། མཚོ་ནུབ་ཀྲོའུ་ཨུའི་ཧྲུའུ་ཅི།ཚྭ ་འདམ་གཤོངས་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཝུན་ཀུའོ་ཏུང་ལ་ལྐོག་རྔན་བླངས་པའི་གྱོད་གཞི་དེ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་མཇུག་སྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་ལེན་པའི་དོགས་ཡོད་ཀྱི་ཐོག་ནས་ཝུན་ཀུའོ་ཏུང་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱསལ། གྱོད་དོན་འདི་ད་དུང་མུ་མཐུད་དུ་སྒྲུབ་བཞིན་པའི་སྒང་ཡིན།


དཔྱད་གཞིའི་ཡིག་ཆ།