བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-01-22 15:45ལ་འགྲུབ།

བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་།

བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་།
བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་ནི་ཧེ་ལུང་ཅང་ཞིང་ཆེན་ཧ་ཨེར་པིན་གྲོང་ཁྱེར་ནན་ཀང་ཆུས་དབྱི་མན་ལམ་གྱི་ཨང་རྟགས241པར་གནས་ཤིང་། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སོ་བདུན་པར(སྤྱི་ལོ1948ལོ)ཟླ10བའི་ཚེས10ཉིན་བཙུགས་པ་དང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བཙུགས་པའི་ཡུན་གཏན་རང་བཞིན་གྱི་དྲན་གསོ་ཁང་དང་པོ་དེ་ཡིན་པ་དང་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ6700ཟིན་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ14000ཟིན་པ། འགྲེམས་སྟོན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ8060ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
东北烈士纪念馆
གནས་ཡུལ།
ཧེ་ལུང་ཅང་ཞིང་ཆེན་ནན་ཀང་ཆུས་དབྱི་མན་ལམ་ཨང241པ།
རྒྱ་ཁྱོན།
14000 m²
ཁོངས་གཏོགས་གྲོང་ཁྱེར།
ཧེ་ལུང་ཅང་ཞིང་ཆེན་ཧ་ཨེར་པིན་གྲོང་ཁྱེར།
སྒོ་འབྱེད་དུས་ཚོད།
ཆུ་ཚོད9:00~16:30བར་ཡིན།
པ་སེ་རིན་གོང་།
རིན་མེད།
བཙུགས་ལོ།
སྤྱི་ལོ1948ལོའི་ཟླ10བའི་ཚེས10ཉིན།
ངོ་བོ།
ཀྲུང་གོའི་གསར་བརྗེ་དྲན་གསོ་ཁང་།
1 ངོ་སྤྲོད།

བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་ནི་ཧེ་ལུང་ཅང་ཞིང་ཆེན་ཧ་ཨེར་པིན་གྲོང་ཁྱེར་ནན་ཀང་ཆུས་དབྱི་མན་ལམ་གྱི་ཨང་རྟགས241པར་གནས་ཤིང་། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སོ་བདུན་པར(སྤྱི་ལོ1948ལོ)ཟླ10བའི་ཚེས10ཉིན་བཙུགས་པ་དང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བཙུགས་པའི་ཡུན་གཏན་རང་བཞིན་གྱི་དྲན་གསོ་ཁང་དང་པོ་དེ་ཡིན་པ་དང་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ6700ཟིན་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ14000ཟིན་པ། འགྲེམས་སྟོན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ8060ཟིན་ཡོད།

བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དངོས་མང་བཤམས་སྟོན་ཁང་དང་། རྒྱལ་ཁབ་རིམ་པའི་འཇའ་འགོག་དམག་འཁྲུག་གི་དྲན་གསོའི་སྒྲིག་བཀོད། རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི། རྒྱལ་ཁབ་ཀྱི་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་རྟེན་གཞི། རྒྱལ་ཡོངས་ཀྱི་སྲིད་དོན་གཙང་སྐྱོང་གི་རིག་གནས་སློབ་གསོའི་རྟེན་གཞི། རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་གྱི་རྩེར་སོན་མཛེས་ལྗོངས་ཁུལ་བཅས་ཡིན།

བྱང་ཤར་གྱི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དེ་བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དང་། བྱང་ཤར་འཇའ་འགོག་མཉམ་འབྲེལ་དངོས་མང་བཤམས་སྟོན་ཁང་། ཀྲུང་གུང་ཧེ་ལུང་ཅང་ལོ་རྒྱུས་དྲན་གསོ་ཁང་བཅས་སྒྲིག་འཛུགས་ཐོ་འགོད་སྙན་སེང་འགྲེམས་ཁང་གསུམ་དང་ཧ་ཨེར་པིན་ཉེན་རྟོག་ཐིང་གི་གནས་རྙིང་བཤམས་སྟོན་ཁང་གཅིག་ཏུ་དབྱེ་ཡོད་པ། སྤྱི་ལོ2017ལོ་བར་བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་ཁྲི1.1ལྷག་ཙམ་ཡོད་པ་དང་། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས82དང་རྒྱལ་ཁབ་ཀྱི་རིམ་པ་གསུམ་པ་ཡན་གྱི་རིག་དངོས་རྩ་ཆེན7000ལྷག་ཙམ་ཡོད།

2 ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོ)བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དེ་བྱང་ཤར་དམིགས་བསལ་ཁུལ་གྱི་དཔེ་མཛོད་ཁང་བྱས་ནས་བཟོ་སྐྲུན་བྱེད་འགོ་བརྩམས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉི་ཤུ་པའི(སྤྱི་ལོ1931ལོ)ལོ་སྟོད་དུ་བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་ལེགས་འགྲུབ་བྱུང་།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སོ་བདུན་པའི(སྤྱི་ལོ1948ལོ)ཟླ10ཚེས10ཉིན་བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དངོས་སུ་སྒོ་ཕྱེ།

སྤྱི་ལོ1977ལོར་འཇའ་འགོག་དམག་འཁྲུག་སྐབས་ཀྱི་བྱང་ཤར་སྔོན་གཤེགས་དཔའ་བོའི་བྱས་རྗེས་བཤམས་སྟོན་བྱས་པ་དང་། འཇའ་འགོག་སྔོན་གཤེགས་དཔའ་བོ73འགྲེམས་སྟོན་བྱས་ཡོད།

སྤྱི་ལོ2009ལོར་ཧེ་ལུང་ཅང་ཞིང་ཆེན་གསར་བརྗེའི་དངོས་མང་བཤམས་སྟོན་ཁང་དེ་བྱང་ཤར་འཇའ་འགོག་མཉམ་འབྲེལ་རྟེན་རྫས་བཤམས་མཛོད་ཁང་དུ་མིང་བསྒྱུར།

སྤྱི་ལོ2015ལོའི་ཟླ8པར་བྱང་ཤར་འཇའ་འགོག་མཉམ་འབྲེལ་རྟེན་དངོས་མང་བཤམས་སྟོན་ཁང་སྤྱི་ཚོགས་ལ་ཕྱོགས་ནས་སྒོ་ཕྱེ།

3 ཉར་ཚགས་རིག་དངོས།

སྤྱི་ལོ2017ལོར་བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་ཁྲི1.1ལྷག་ཙམ་ཡོད་པའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས82དང་། རྒྱལ་ཁབ་ཀྱི་རིམ་པ་གསུམ་པ་ཡན་གྱི་རྩ་ཆེའི་རིག་དངོས7000ལྷག་ཙམ་ཡོད།

4 སྒྲིག་གཞིའི་སྒྲིག་འགོད།
4_1 ལས་ཐོག་འགོ་ཁྲིད།

དྲན་གསོ་ཁང་གི་འགོ་འཛིན། ལིའུ་ཆང་མིན།

དྲན་གསོ་ཁང་གི་འགོ་འཛིན་གཞོན་པ། ཝང་ཏུང་དང་ཡུའུ་ཝུན་ཧྲེང་།

ཧྲུའུ་ཅི་གཞོན་པ། ཝུན་ཏེ་ཧྥེང་།

5 སྡེ་ཁག་སྒྲིག་འགོད།

བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་གཞུང་ལས་ཁང་དང་། མི་དོན་དོ་དམ་པུའུ། ནོར་དོན་དོ་དམ་པུའུ། སྤྱི་དམངས་ཞབས་ཞུ་པུའུ། རྩོམ་སྒྲིག་ཞིབ་འཇུག་པུའུ། བཤམས་སྟོན་འགྲེམས་སྟོན་པུའུ། འཚོལ་བསྡུ་དོ་དམ་པུའུ། ཚད་ལྡན་ཡིག་ཆ་ཆ་འཕྲིན་པུའུ། རིག་གནས་གསར་གཏོད་ཐོན་རྫས་པུའུ། སྲིད་འཛིན་འགན་སྲུང་པུའུ། བདེ་འཇགས་སྲུང་སྐྱོབ་པུའུ་བཅས་བཙུགས་ཡོད།

6 གཟི་བརྗིད་མཚན་སྙན།

སྤྱི་ལོ1995ལོར་བྱང་ཤར་དྲན་གསོ་ཁང་དེ་རྒྱལ་ཁབ་རིག་དངོས་ཅུའུ་ཡིས“རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར”བདམས།

སྤྱི་ལོ1996ལོར་བྱང་ཤར་དྲན་གསོ་ཁང་ལ་རྒྱལ་ཁབ་ཀྱི་པུའུ་ཨུའི་དྲུག་གིས་མཉམ་འབྲེལ་སྟེང་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་བརྒྱའི་མིང་བཏགས།

སྤྱི་ལོ1997ལོར་བྱང་ཤར་དྲན་གསོ་ཁང་ལ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞིའི་མཚན་སྙན་སྤྲད།

སྤྱི་ལོ2014ལོའི་ཟླ8པའི་ཚེས24ཉིན་བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དེ་རྒྱལ་ཁབ་རིམ་པའི་འཇའ་འགོག་དམག་འཁྲུག་གི་དྲན་གསོའི་སྒྲིག་བཀོད་དང་གནའ་ཤུལ་གྱི་མིང་གཞུང་ཁག་དང་པོའི་ནང་བཅུག།

སྤྱི་ལོ2017ལོའི་ཟླ1པོར་བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང《རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་གྱི་རྩེར་སོན་མཛེས་ལྗོངས་ཁུལ་གྱི་མིང་གཞུང》ནང་ཚུད།

སྤྱི་ལོ2017ལོའི་ཟླ12པའི་ཚེས16ཉིན་བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དེ་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་གི་ལག་ལེན་སློབ་གསོའི་རྟེན་གཞི་ཁག་དང་པོར་གྱུར།

7 ​གནས་ཡུལ།

བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དེ་ཧ་ཨེར་པིན་གྲོང་ཁྱེར་ནན་ཀང་ཆུས་དབྱི་མན་ཁྲོམ་གཞུང་གི་སྒོ་རྟགས་ཨང241པར་གནས་ཡོད།


དཔྱད་གཞིའི་ཡིག་ཆ།