དབྱང་ཅིང་ཡུའུ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-01-22 15:46ལ་འགྲུབ།

དབྱང་ཅིང་ཡུའུ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ།

དབྱང་ཅིང་ཡུའུ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ།
དབྱང་ཅིན་ཡུའུ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ནི་ཅི་ལིན་ཞིང་ཆེན་ཐུང་ཧྭ་གྲོང་ཁྱེར་ཧུན་ཅང་གཙང་པོའི་ཤར་ངོགས་ཀྱི་ཅིན་ཡུའུ་ཧྲན་དུ་གནས་ཤིང་། སྤྱི་ལོ1954ལོར་བཙུགས་པ་དང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི2ཡོད། དེར་རླབས་ཆེན་གྱི་རི་འགོག་དམག་དཔོན་དབྱང་ཅིང་ཡུའུ་ཡི་སྐུ་གདུང་གནས་ཡོད་པ་དང་། བང་སོའི་སྐྱེད་ཚལ་ནི་གཡུ་རྩིའི་མི་རིགས་རྣམ་པའི་འཛུགས་སྐྲུན་དངོས་པོ་ལྔ་ལས་གྲུབ་པ་དང་། མདུན་ངོས་ཀྱི་འཛུགས་སྐྲུན་གཙོ་བོ་ནི་གདུང་ཁང་དང་བང་སོ་ཁང་ཡིན་པ། གཞོགས་གཉིས་ཀྱི་ལྷ་ཁང་བཞི་ནི་བཤམས་སྟོན་ཁང་དུ་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杨靖宇烈士陵园
གནས་ཡུལ།
ཅི་ལིན་ཞིང་ཆེན་ཐུང་ཧྭ་གྲོང་ཁྱེར་ཅིང་ཡུའུ་ལམ།
ས་བཟུང་རྒྱ་ཁྱོན།
སྨི་གྲུ་བཞི་མ་ཁྲི2ཡོད།
པེ་སེ་རིན་གོང་།
རིན་མེད།
སྒོ་འབྱེད་ལོ།
སྤྱི་ལོ1958ལོ།
1 ​ངོ་སྤྲོད།

དབྱང་ཅིན་ཡུའུ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ནི་ཅི་ལིན་ཞིང་ཆེན་ཐུང་ཧྭ་གྲོང་ཁྱེར་ཧུན་ཅང་གཙང་པོའི་ཤར་ངོགས་ཀྱི་ཅིན་ཡུའུ་ཧྲན་དུ་གནས་ཤིང་། སྤྱི་ལོ1954ལོར་བཙུགས་པ་དང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི2ཡོད། དེར་རླབས་ཆེན་གྱི་རི་འགོག་དམག་དཔོན་དབྱང་ཅིང་ཡུའུ་ཡི་སྐུ་གདུང་གནས་ཡོད་པ་དང་། བང་སོའི་སྐྱེད་ཚལ་ནི་གཡུ་རྩིའི་མི་རིགས་རྣམ་པའི་འཛུགས་སྐྲུན་དངོས་པོ་ལྔ་ལས་གྲུབ་པ་དང་། མདུན་ངོས་ཀྱི་འཛུགས་སྐྲུན་གཙོ་བོ་ནི་གདུང་ཁང་དང་བང་སོ་ཁང་ཡིན་པ། གཞོགས་གཉིས་ཀྱི་ལྷ་ཁང་བཞི་ནི་བཤམས་སྟོན་ཁང་དུ་བྱས་ཡོད།

དབྱང་ཅིང་ཡུའུ་བང་སོའི་སྐྱེད་ཚལ་ཁང་ལ་སྔ་རྗེས་སུ་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱིས“རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི”དང་། “རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་བརྒྱ” ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རྒྱལ་ཁབ་དམངས་སྲིད་པུའུ། མི་དོན་པུའུ། རིག་གནས་པུའུ་བཅས་ཀྱིས“རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི”བཅས་སུ་བདམས། སྤྱི་ལོ2016ལོའི་ཟླ12པར《རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མིང་གཞུང》ནང་ཚུད།

2 མི་སྣ་ངོ་སྤྲོད།

དབྱང་ཅིན་ཡུའུ་ནི་ཕུལ་དུ་བྱུང་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ་དང་རླབས་ཆེ་བའི་འཇའ་འགོག་མི་རིགས་ཀྱི་དཔའ་བོ་ཞིག་ཡིན། སྤྱི་ལོ1929ལོར་ཀྲུང་དབྱང་གི་མངགས་གཏོང་ལྟར་བྱང་ཤར་དུ་འཇའ་འགོག་འཐབ་རྩོད་ལ་འགོ་ཁྲིད་བྱེད་པར་ཡོང་ཞིང་། བྱང་ཤར་འཇའ་འགོག་མཉམ་འབྲེལ་དམག་གི་དམག་སྡེ་དང་པོའི་སྤྱི་ཁྱབ་དམག་སྤྱི་དང་ཆབ་སྲིད་ཨུ་ཡོན་གྱི་འགན་གཅིག་ལྕོགས་སུ་བཞེས། སྤྱི་ལོ1940ལོའི་ཟླ2པའི་ཚེས23ཉིན་ཁོང་གིས་དམག་དཔུང་ཁྲིད་དེ་དགྲ་བོར་དམག་འཐབ་བྱེད་སྐབས་དཔའ་ཉམས་ལྡན་པའི་ངང་རང་སྲོག་བློས་བཏང་བ་དང་། སྐབས་དེར་དགུང་ལོ35ཡིན།

3 འཛུགས་སྐྲུན་ལོ་རྒྱུས།

སྤྱི་ལོ1954ལོར་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་དང་རྗེས་རབས་པར་སློབ་གསོ་གཏོང་ཆེད། ཏང་དང་སྲིད་གཞུང་གིས་འཇའ་འགོག་མཉམ་འབྲེལ་བྱ་འགུལ་ལྟེ་གནས་ཐུང་ཧྭ་གྲོང་ཁྱེར་དུ་དབྱང་ཅིན་ཡུའུ་བང་སོའི་སྐྱེད་ཚལ་འཛུགས་རྒྱུའི་ཐག་བཅད།

སྤྱི་ལོ1954ལོའི་ཟླ7པར་ལས་མགོ་བརྩམས་ནས་བཟོ་སྐྲུན་བྱས།

སྤྱི་ལོ1957ལོའི་ཟླ9བར་ལེགས་འགྲུབ་བྱུང་བ་དང་། ལོ་གསུམ་དང་ཟླ་གཉིས་ཀྱི་དུས་ཚོད་སྤྱད་དེ་ཕོ་བྲང་ལྟ་བུའི་བང་སོའི་སྐྱེད་ཚལ་ཞིག་འཛུགས་སྐྲུན་བྱས།

4 གནས་ཡུལ།

དབྱང་ཅིང་ཡུའུ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ནི་ནི་ཅི་ལིན་ཞིང་ཆེན་ཐུང་ཧྭ་གྲོང་ཁྱེར་ཧུན་ཅང་གཙང་པོའི་ཤར་ངོགས་ཀྱི་ཅིན་ཡུའུ་ཧྲན་དུ་གནས་ཡོད།

5 གཟི་བརྗིད་མཚན་སྙན།

སྤྱི་ལོ1961ལོའི་ཟླ4བར་ཅི་ལིན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་སྟེ། དབྱང་ཅིང་ཡུའུ་བང་སོའི་སྐྱེད་ཚལ་ཞིང་ཆེན་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་བདམས།

སྤྱི་ལོ1986ལོའི་ཟླ11པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་སྟེ། དབྱང་ཅིང་ཡུའུ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་རྒྱལ་ཁབ་ཀྱི་གཙོ་གནད་སྔོན་གཤེགས་དཔའ་བོའི་དྲན་གསོའི་འཛུགས་སྐྲུན་སྲུང་སྐྱོང་སྡེ་ཚན་དུ་བདམས།

སྤྱི་ལོ1996ལོའི་ཟླ11པའི་ཚེས1ཉིན་སློབ་ཨུ་དང་དམངས་སྲིད་པུའུ། རིག་གནས་པུའུ། རྒྱལ་ཁབ་རིག་དངོས་ཅུའུ། གུང་གཞོན་ཚོགས་པའི་ཀྲུང་དབྱང་། བཅིངས་འགྲོལ་དམག་ཆབ་སྲིད་པུའུ་བཅས་ཀྱིས་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞེས་མིང་བཏགས།

སྤྱི་ལོ1997ལོའི་ཟླ6པར་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་ཞེས་མིང་བཏགས། 


སྤྱི་ལོ2010ལོར་དབྱང་ཅིང་ཡུའུ་བང་སོའི་སྐྱེད་ཚལ་དང་བྱང་ཤར་འཇའ་འགོག་མཉམ་འབྲེལ་དྲན་གསོ་ཁང་དེ་ཀྲུང་དབྱང་སྒྲིག་ཨུ་ལྟ་ཞིབ་པུའུ་ཡིས་རྒྱལ་ཡོངས་ཀྱི་སྲིད་གཙང་སློབ་གསོའི་རྟེན་གཞི་ཁག་དང་པོའི་མིང་བཏགས།

སྤྱི་ལོ2014ལོར་རྒྱལ་ཁབ་རིམ་པའི་འཇའ་འགོག་དམག་འཁྲུག་གི་དྲན་གསོའི་སྒྲིག་བཀོད་དང་གནའ་ཤུལ་གྱི་མིང་གཞུང་ཁག་དང་པོའི་ནང་བཅུག


དཔྱད་གཞིའི་ཡིག་ཆ།