ཧྥུའུ་ཧྲུན་ལེ་ཧྥུན་དྲན་གསོ་ཁང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-01-22 15:44ལ་འགྲུབ།

ཧྥུའུ་ཧྲུན་ལེ་ཧྥུན་དྲན་གསོ་ཁང་།

ཧྥུའུ་ཧྲུན་ལེ་ཧྥུན་དྲན་གསོ་ཁང་།
ཧྥུའུ་ཧྲུན་ལེ་ཧྥུན་དྲན་གསོ་ཁང་ནི་སྤྱི་ལོ1964ལོའི་ཟླ8པའི་ཚེས15ཉིན་བཙུགས་པ་དང་། སྤྱི་ལོ1965ལོའི་ཟླ8པའི་ཚེས15ཉིན་དངོས་སུ་སྒོ་ཕྱེ་བ་ཡིན། སྤྱི་ལོ1962ལོའི་ཟླ8པའི་ཚེས15ཉིན་རླབས་ཆེན་གྱི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ་ལེ་ཧྥུན་ཧྥུའུ་ཧྲུན་དུ་གཞུང་དོན་གྱི་ཆེད་དུ་རང་སྲོག་ཤོར་བ་དེར་དྲན་གསོའི་ཆེད་དུ་བཙུགས་པ་ཞིག་ཡིན་པ་དང་། ཧྥུའུ་ཧྲུན་གྲོང་ཁྱེར་ཝང་ཧྭ་ཆུས་དང་ཧུ་ཕིང་ལམ(ཤར་རྒྱུད)ཨང61པར་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
抚顺市雷锋纪念馆
མི་སྣ།
ལེ་ཧྥུན།
གནས་ཡུལ།
ཧྥུའུ་ཧྲུན་གྲོང་ཁྱེར་ཝང་ཧྭ་ཆུས་ཧུ་ཕིང་ལམ།
སྦྲག་སྲིད་ཨང་རྟགས།
1130
1 ངོ་སྤྲོད།

ཧྥུའུ་ཧྲུན་ལེ་ཧྥུན་དྲན་གསོ་ཁང་ནི་སྤྱི་ལོ1964ལོའི་ཟླ8པའི་ཚེས15ཉིན་བཙུགས་པ་དང་། སྤྱི་ལོ1965ལོའི་ཟླ8པའི་ཚེས15ཉིན་དངོས་སུ་སྒོ་ཕྱེ་བ་ཡིན། སྤྱི་ལོ1962ལོའི་ཟླ8པའི་ཚེས15ཉིན་རླབས་ཆེན་གྱི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ་ལེ་ཧྥུན་ཧྥུའུ་ཧྲུན་དུ་གཞུང་དོན་གྱི་ཆེད་དུ་རང་སྲོག་ཤོར་བ་དང་། ཧྥུའུ་ཧྲུན་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པའི་ཆ་ནས་ཁོང་གི་སྐུ་གདུང་སྐབས་དེར་ཧྥུའུ་ཧྲུན་གྲོང་ཁྱེར་ཞིན་ཧྥུའུ་ཆུས་ཀེ་པུའི་སྔོན་གཤེགས་དཔའ་བོའི་སྤྱི་བའི་བང་སོར་དུར་འཇུག་བྱས་ཡོད། སྤྱི་ལོ1963ལོའི་ཟླ11པར་ཀྲུང་གུང་ཧྥུའུ་ཧྲུན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་ལེ་ཧྥུན་འཚོ་བཞུགས་སྐབས་ཀྱི་དམག་དཔུང་སྡོད་སའི་ཝང་ཧྭ་ཆུས་སུ་ལེ་ཧྥུན་དྲན་གསོ་ཁང་བསྐྲུན་པ་མ་ཟད། ལེ་ཧྥུན་གི་སྐུ་གདུང་ས་ཆ་དེར་གནས་སྤོས།

2 གནས་ཡུལ།

ཧྥུའུ་ཧྲུན་གྲོང་ཁྱེར་ལེ་ཧྥུན་དྲན་གསོ་ཁང་ནི་ཧྥུའུ་ཧྲུན་གྲོང་ཁྱེར་ཝང་ཧྭ་ཆུས་དང་ཧུ་ཕིང་ལམ(ཤར་རྒྱུད)ཨང61པར་གནས་ཤིང་། སྦྲག་སྲིད་ཨང་རྟགས1130ཡིན།

3 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1979ལོའི་ཟླ9བའི་ཚེས5ཉིན་ལིའོ་ཉིང་ཞིང་ཆེན་གསར་བརྗེ་ཨུ་ཡོན་ལྷན་ཁང་གིས་ལེ་ཧྥུན་གྱི་བང་སོ་དང་ལེ་ཧྥུན་དྲན་གསོའི་རྡོ་རིང་གཉིས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་གཉིས་པ་ཁྱབ་བསྒྲགས་བྱས།

སྤྱི་ལོ1986ལོའི་ཟླ10བའི་ཚེས15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལེ་ཧྥུན་དྲན་གསོ་ཁང་དེ་རྒྱལ་ཡོངས་ཀྱི་སྔོན་གཤེགས་དཔའ་བོ་གཙོ་བོ་ཁག་དང་པོར་དྲན་གསོ་ཞུ་བའི་འཛུགས་སྐྲུན་དངོས་པོ་སྲུང་སྐྱོང་སྡེ་ཚན་དུ་ཆོག་མཆན་བཀོད།

སྤྱི་ལོ2017ལོའི་ཟླ12པར་སློབ་གསོ་པུའི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞི་དང་སྒར་སའི་མིང་ཐོའི་ནང་ཚུད།

སྤྱི་ལོ2019ལོའི་ཟླ2པའི་ཚེས27ཉིན་རྒྱལ་ཡོངས་ཀྱི་ལེ་ཧྥུན་རིག་གནས་བྱེད་སྒོའི་དཔེ་སྟོན་ས་ཚིགས་ཁག་ལྔ་པའི་མིང་ཐོར་བདམས།

4 ཉར་ཚགས་དངོས་རྫས།

ལེ་ཧྥུན་དྲན་གསོ་ཁང་གི་ཉར་ཚགས་དངོས་རྫས་ནི་གཙོ་བོ་ལེ་ཧྥུན་འཚོ་བཞུགས་སྐབས་ཀྱི་བློ་མཐུན་དང་། ཕ་ཡུལ་གཅིག་པ། འབྲེལ་ཡོད་ཚན་པ་བཅས་ནས་འཚོལ་བསྡུ་བྱས་པའི་པར་དང་འབྲེལ་ཡོད་དཔྱད་གཞི། ལེ་ཧྥུན་འཚོ་བཞུགས་སྐབས་སྤྱོད་མྱོང་བའི་དངོས་རྫས་སམ་འདྲ་བཟོས་དངོས་རྫས་དང་དེ་བཞིན་ལེ་ཧྥུན་འཚོ་བཞུགས་སྐབས་སྙན་ཞུ་བྱས་པའི་སྒྲ་ཕབ་སྤྱིན་ཤོག་བཅས་ཡིན། དངོས་པོ400ལྷག་ཙམ་བཤམས་ཡོད་པ་ཕུད། ད་དུང་ཉར་ཚགས་དངོས་རྫས་ཀྱི་དཔྱད་གཞི180ལྷག་ཙམ་ཡོད། དྲན་གསོ་ཁང་གིས་དེ་སྔ《ལེ་ཧྥུན་དྲན་གསོ་ཁང་གི་ངོ་སྤྲོད་མདོར་བསྡུས་དང》དང《ལེ་ཧྥུན》《ལེ་ཧྥུན་ཉིན་ཐོའིསྙན་ངག་དང་རྩོམ་ཡིག་གསར་བསྒྲིགས 》《ལེ་ཧྥུན་གྱི་པར་དེབ》《ལེ་ཧྥུན་གྱི་གསུང་རྩོམ་ཕྱོགས་བསྒྲིགས》《ལེ་ཧྥུན་གྱི་ལོ་རེའི་དབྱངས་དེབ》《ལེ་ཧྥུན་ཕྱིར་དྲན》སོགས་དཔེ་སྐྲུན་བྱས་ཡོད།

5 གཟི་བརྗིད་མཚན་སྙན།

སྤྱི་ལོ2009ལོའི་ཟླ1པོར་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་གནང་བའི“རྒྱལ་ཡོངས་ཀྱི་དཔལ་ཡོན་སྡེ་ཚན་ཁག་གཉིས་པའི”གཟི་བརྗིད་མཚན་སྙན་ཐོབ། 

སྤྱི་ལོ2017ལོའི་ཟླ12པར་སློབ་གསོ་པུའི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞི་དང་སྒར་སའི་མིང་ཐོའི་ནང་ཚུད།

སྤྱི་ལོ2019ལོའི་ཟླ2པའི་ཚེས27ཉིན་རྒྱལ་ཡོངས་ཀྱི་ལེ་ཧྥུན་རིག་གནས་བྱེད་སྒོའི་དཔེ་སྟོན་ས་ཚིགས་ཁག་ལྔ་པའི་མིང་ཐོར་བདམས།

སྤྱི་ལོ2020ལོའི་ཟླ12པར་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་དངོས་མང་བཤམས་སྟོན་ཁང་ཁག་བཞི་བའི་མིང་ཐོའི་ནང་ཚུད།

6 སྒོ་འབྱེད་དུས་ཚོད།

རེའི་གཟའ་མིག་དམར་ནས་གཟའ་ཉི་མའི་སྔ་དྲོའི་ཆུ་ཚོད9:00—16:00བར་ཡིན།

7 མི་སྣ་ངོ་སྤྲོད།

ལེ་ཧྥུན་ནི་འཇར་འགོག་དམག་འཁྲུག་གི་སྐབས་སུ་སྐུ་འཁྲུངས་པ་དང་། མི་ཚེ་གང་བོར་གཞན་ཕན་དོན་དུ་གཉེར་ཅིང་། ཐ་ན་རང་ཉིད་ཀྱི་ཚེ་སྲོག་ཀྱང་གཞན་དོན་དུ་བསྔོས་པ་རེད་དེ། སྤྱི་ལོ1963ལོའི་ཟླ་གསུམ་པའི་ཚེས་ལྔ་ཉིན། མའོ་ཙེ་ཏུང་སྐུ་དངོས་ནས་དཔེ་བཟང་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་སྐུལ་མ་མཛད། ཁོང་ཉིད་འཇར་འགོག་དམག་འཁྲུག་གི་སྐབས་སུ་སྐུ་འཁྲུངས་པ་དང་། སྐབས་དེར་མི་དམངས་མང་ཚོགས་ཀྱི་འཚོ་བ་ཧ་ཅང་གི་དཀའ་ཁག་གི་གནས་བབ་ལ་ཁེལ་ཡོད། ཁོང་གིས་རང་ཉིད་ཀྱི་ཉིན་ཐོ་ཞིག་ཏུ་འདི་ལྟར་བྲིས་ཡོད་དེ། ངའི་ཁྱིམ་ཚང་དབུལ་ཞིང་ཕོངས་པོ་ཡིན་པ་དང་། ཕ་མ་གཉིས་དང་ཕུ་བོ། ནུ་བོ་བཅས་མི་རིགས་ཀྱི་དགྲ་བོ་དང་གྲལ་རིམ་གྱི་དགྲ་བོའི་ལག་ནས་ཚེ་སྲོག་ཤོར་ཏེ། ཤ་འཁོན་འདི་ནི་ངས་མི་ཚེ་གང་བོར་བརྗེད་ཐབས་མེད་ཅེས་པའོ། ། ལའེ་ཧྥུན་ལོ་ན་བདུན་ཙམ་ལ་སོན་དུས་དྭ་ཕྲུག་ཏུ་གྱུར་ཅིང་། ཁྱིམ་མཚེས་ཚང་གིས་ཁོང་ཉིད་སྙོར་སྐྱོང་བྱས། ཉིན་ཞིག ཁོང་གིས་སྦྲུལ་དབྱིབས་རི་མོའི་སྟེང་དུ་འབུད་ཤིང་འཐུ་བ་དེ་ས་བདག་རྒད་མོས་མཐོང་སྟེང་། སྡིགས་མི་ཅི་འདོད་དུ་བོར་བ་ལྟ་ཅི། ཐ་ན་འབུད་ཤིང་ཚང་མའང་ས་བདག་ཚང་དུ་ཁུར་དུ་བཅུག ས་བདག་རྒད་མོའི་ཁོའི་ལག་གི་ཟོར་བ་ཕྲོགས་པ་ན། ལའེ་ཧྥུན་གྱིས་ཟོར་བ་ཕྱིར་ལེན་རྩིས་བྱས་ཚེ། ས་བདག་རྒད་མོ་དེས་ཁོང་གི་ལག་པའི་ཕྱི་ལྟག་ཏུ་ཐེངས་གསུམ་བསྣུན་ཏེ། ཁྲག་དམར་ཙར་ཙར་དུ་བཞུར། སྤྱི་ལོ1950ལོར། ཁོང་ཉིད་བྱིས་པའི་ཚོགས་གཙོར་བསྐོས་ཤིང་། ས་ཞིང་བཅོས་བསྒྱུར་དུ་ཞུགས། ལོ་དེའི་དབྱར་ཁར། ཡུལ་ཚོ་སྲིད་གཞུང་དང་ཏང་ཨུ་ཡན་ལག་ཚོགས་པས་ཁོང་ཉིད་ཟབ་སྦྱོང་དུ་མངགས་པ་དང་། ཕྱིས་སུ་གུང་གཞོན་ཚོགས་པར་ཞུགས། ཁོང་ཉིད་ནངས་སྔ་ལངས་དང་དགུང་འཕྱི་ཉལ་བྱས་ཏེ་སློབ་སྦྱོང་ལ་བསྟུན་པ་ལྷག་མེད་བསྐྱེད་ཅིང་སློབ་སྦྱོང་གི་གྲུབ་འབྲས་ཀྱང་ཤིན་ཏུ་བཟང་། ལའེ་ཧྥུན་ནི་སློབ་གྲྭ་དེའི་གུང་གཞོན་ཚོགས་པར་ཞུགས་མཁན་དང་པོའི་གྲས་རེད། ཁོང་གིས་བྲང་ཐད་ཀྱི་སྐེ་དཀྲིས་དམར་པོར་བལྟས་ཏེ། འདི་ནི་གསར་བརྗེ་དཔའ་བོ་དག་གི་ཁྲག་དམར་གྱིས་གྲུབ་པ་ཞིག་རེད་ཅེས་སྙམ་ཞིང་། སྔོན་བྱུང་དཔའ་བོ་དག་གིས་རང་ཉིད་ཀྱི་ཚེ་སྲོག་འབེན་དུ་བཞག་ནས་ད་གཟོད་བདེ་སྐྱིད་ཀྱི་འཚོ་བ་འདི་འདྲ་བསུས་པ་རེད་ལ། ང་ནི་ཀྲུང་གོ་གསར་བའི་ན་གཞོན་རུ་མི་ཞིག་ཡིན་པའི་ཆ་ནས། ངེས་པར་དུ་སྔོན་བྱུང་དཔའ་བོ་དག་གི་སྙིང་སྟོབས་རྒྱུན་འཛིན་གྱིས་རང་ཉིད་ཀྱི་ལག་ལེན་དངོས་ལ་བརྟེན་ནས་སྐེ་དཀྲིས་དམར་པོ་འདི་སྔར་བས་བཀྲག་མདངས་ལྡན་པར་བྱ་དགོས་པའི་འདུན་མ་བརྟན་པོ་བཅངས། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གྲལ་དུ་ཞུགས་རྗེས། ལའེ་ཧྥུན་གྱིས་ལུས་ངག་ཡིད་གསུམ་མི་དམངས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ལས་དོན་དུ་བསྔོས་པ་དང་། ཐེངས་དུ་མར་དགའ་རྟགས་དང་གཟིགས་བཟོས་སྣ་ཚོགས་ཐོབ་པར་གྱུར། སྤྱི་ལོ1960ལོའི་ཟླ་བཅུ་གཅིག་པར། ཁོང་ཉིད་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས་པར་མ་ཟད། ཧྥུ་ཧྲོན་གྲོང་ཁྱེར་གྱི་མི་དམངས་འཐུས་མིར་བསྐོས། སྤྱི་ལོ1962ལོའི་ཟླ་བརྒྱད་པར། ཁོང་ཉིད་གཞུང་དོན་དུ་སྐུ་གཤེགས།


དཔྱད་གཞིའི་ཡིག་ཆ།