མེ་འགོག་ཁྲའོ་རོགས་དྲན་གསོ་ཁང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-01-22 15:44ལ་འགྲུབ།

མེ་འགོག་ཁྲའོ་རོགས་དྲན་གསོ་ཁང་།

མེ་འགོག་ཁྲའོ་རོགས་དྲན་གསོ་ཁང་།
མེ་འགོག་ཁྲའོ་རོགས་དྲན་གསོ་ཁང་ནི་ཀྲུང་གོས་བསྐྲུན་ནས་སྒོ་འབྱེད་པའི་ཀྲུང་གོའི་མི་དམངས་མེ་འགོ་ཁྲའོ་རོགས་ཀྱི་དམག་འཁྲུག་དང་མེ་འགོག་ཁྲའོ་རོགས་ལོ་རྒྱུས་ཕྱོགས་ཡོངས་ནས་མཚོན་པའི་ཆེད་དོན་དྲན་གསོ་ཁང་ཞིག་ཡིན་ཞིང་། དྲན་གསོ་ཁང་དེ་ལེའོ་ཉིང་ཞིང་ཆེན་ཏན་ཏུང་གྲོང་ཁྱེར་ཡ་ལུའུ་གཙང་པོའི་འགྲམ་གྱི་དབྱིན་ཧྭ་རི་བོའི་སྟེང་དུ་གནས་པ་དང་། སྤྱི་ལོ1958ལོའི་ཟླ10བར་བཙུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
抗美援朝纪念馆
ཕྱི་ཡིག་གི་མིང་།
Memorial Hall of the War to Resist US Aggression and Aid Korea
གནས་ཡུལ།
ལའོ་ཉིང་ཞིང་ཆེན་ཏན་ཏུང་གྲོང་ཁྱེར་ཀྲེན་ཞིང་ཆུས།
སྒོ་འབྱེད་དུས་ཚོད།
ཆུ་ཚོད9:00-16:00
ཡུལ་ལྗོངས་རིམ་པ།
རྒྱལ་ཁབ་ཀྱིAAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ།
པ་སེ་རིན་གོང་།
རིན་མེད།
ས་བཟུང་རྒྱ་ཁྱོན།
182000 m²
ཡུལ་སྐོར་དུས་ཚོད།
ཆུ་ཚོད1-2བར།
ཡུལ་སྐོར་དུས་འཚམ།
དཔྱིད་ཀའི་ཟླ4-5བ།
དྲན་གསོ་ཁང་གི་འགོ་འཛིན།
ལིའུ་ཅིང་།
དྲན་གསོ་ཁང་གི་འགོ་འཛིན་གཞོན་པ།
ཀྲང་ཞའོ་དབྱིན།
1 ​ངོ་སྤྲོད།

མེ་འགོག་ཁྲའོ་རོགས་དྲན་གསོ་ཁང་ནི་ཀྲུང་གོས་བསྐྲུན་ནས་སྒོ་འབྱེད་པའི་ཀྲུང་གོའི་མི་དམངས་མེ་འགོ་ཁྲའོ་རོགས་ཀྱི་དམག་འཁྲུག་དང་མེ་འགོག་ཁྲའོ་རོགས་ལོ་རྒྱུས་ཕྱོགས་ཡོངས་ནས་མཚོན་པའི་ཆེད་དོན་དྲན་གསོ་ཁང་ཞིག་ཡིན་ཞིང་། དྲན་གསོ་ཁང་དེ་ལེའོ་ཉིང་ཞིང་ཆེན་ཏན་ཏུང་གྲོང་ཁྱེར་ཡ་ལུའུ་གཙང་པོའི་འགྲམ་གྱི་དབྱིན་ཧྭ་རི་བོའི་སྟེང་དུ་གནས་པ་དང་། སྤྱི་ལོ1958ལོའི་ཟླ10བར་བཙུགས། སྤྱི་ལོ1993ལོའི་ཟླ7པའི་ཚེས27ཉིན་དངོས་སུ་སྒོ་ཕྱེ་བ། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི18.2ཟིན་པ་དང་། དྲན་གསོ་ཁང་དང་། དྲན་གསོའི་མཆོད་རྟེན་། ཡུལ་ལྗོངས་རི་མོ་ཁང་། རྒྱལ་སྲུང་སློབ་གསོ་གླིང་བཅས་ལས་གྲུབ་པ་དང་། ཉར་ཚགས་བྱས་པའི་རིག་དངོས་ཁྲི2ལྷག་ཙམ་ཡོད།

2 ལོ་རྒྱུས་འཕེལ་རིམ།

དེ་ནི་སྔོན་མར་སྤྱི་ལོ1953ལོའི་ཟླ8པར་བཙུགས་པའི་ལིའོ་ཏུང་ཞིང་ཆེན་གྱི་ཏི་ཀྲི་དངོས་མང་བཤམས་སྟོན་ཁང་གི་གྲ་སྒྲིག་ཁང་ཡིན།

སྤྱི་ལོ1954ལོར་ཨན་ཏུང་གྲོང་ཁྱེར་གྱི་ལོ་རྒྱུས་རིག་དངོས་བཤམས་སྟོན་ཁང་དུ་བསྒྱུར།

སྤྱི་ལོ1957ལོར།“མེ་འགོག་ཁྲའོ་རོགས་དྲན་གསོའི”ཆེད་ཁང་གསར་བསྐྲུན་བྱས།

སྤྱི་ལོ1960ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། ཀྲུང་གོ་མི་དམངས་ཨ་རིར་རྒོལ་ཅིང་ཁོ་རེ་ཡ་བྱང་མར་རོགས་སྐྱོར་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་ཀུའོ་མོ་རུའོ་ཡིས་ཕྱག་བྲིས་གནང་བའི“མེ་འགོག་ཁྲའོ་རོགས་དྲན་གསོ་ཁང”གི་མིང་བྲིས།

སྤྱི་ལོ1965ལོའི་ཟླ1པོའི་ཚེས20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་དེ་ཨན་ཏུང་གྲོང་ཁྱེར་གྱི་མིང་ལ་ཏན་ཏུང་མེ་འགོག་ཁྲའོ་རོགས་དྲན་གསོ་ཁང་ཞེས་བསྒྱུར།

སྤྱི་ལོ1972ལོར་ཏན་ཏུང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་ཏན་ཏུང་མེ་འགོག་ཁྲའོ་རོགས་དྲན་གསོ་ཁང་སླར་གསོ་བྱ་རྒྱུའི་ཐག་བཅད།

སྤྱི་ལོ1993ལོའི་ཟླ7པའི་ཚེས25ཉིན་ མེ་འགོག་ཁྲའོ་རོགས་དྲན་གསོ་ཁང་དངོས་སུ་སྒོ་ཕྱེ།

སྤྱི་ལོ2004ལོའི་ཟླ5བའི་ཚེས1ཉིན་དྲན་གསོ་ཁང་ཡང་བསྐྱར་ཕྱི་ཕྱོགས་སུ་སྒོ་ཕྱེ།

སྤྱི་ལོ2014ལོའི་ཟླ6པའི་ཚེས3ཉིན་ཀྲུང་དབྱང་གིས་མེ་འགོག་ཁྲའོ་རོགས་དྲན་གསོ་ཁང་བསྐྱར་སྐྲུན་བྱ་རྒྱུར་མོས་མཐུན་བྱ་རྒྱུའི་མཆན་བཀོད་བཀའ་ལན་གནང་།

3 འཛུགས་སྐྲུན་བཀོད་སྒྲིག

མེ་འགོག་ཁྲའོ་རོགས་དྲན་གསོ་ཁང་གི་ས་བཟུང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ182475ཡོད་པ་དང་། དྲན་གསོའི་མཆོད་རྟེན་དང་བཤམས་སྟོན་ཁང་། ཡུལ་ལྗོངས་རི་མོ་ཁང་། རྒྱལ་སྲུང་སློབ་གསོ་གླིང་བཅས་ཁག་བཞི་ལས་གྲུབ་ཡོད།

4 ཀྲུང་ཁྲའོ་མི་དམངས་མཛའ་གྲོགས་ཁང་།

ཀྲུང་གོ་དང་ཁྲའོ་ཞན་མི་དམངས་མཛའ་གྲོགས་ཁང་དུ་འགྲེམས་ཁང་ཞིག་བཙུགས་པ་དང་། འགྲེམས་སྒམ་བསྒྲིགས་ཡོད་པ་ནི་ཁྲའོ་ཞན་མི་དམངས་ཀྱིས་ཕུལ་བའི་དར་ཆ་ཡིན་པ་དང་། དང་བླངས་དམག་གིས་ཁྲའོ་ཞན་དམག་འཁྲུག་རྗེས་འཛུགས་སྐྲུན་སྐབ་སུ་སྤྱད་མྱོང་བའི་ལག་ཆ། ཁྲའོ་ཞན་མི་དམངས་ཀྱིས་དང་བླངས་དམག་ལ་སྤྲད་པའི་གྱོན་ཆས་དང་དྲན་གསོའི་དངོས་པོ་སོགས་ཡིན།

5 དཔེ་བཟང་དཔའ་བོའི་དྲན་གསོ་ཁང་།

དཔེ་བཟང་དཔའ་བོའི་ཁང་གི་གྱང་ངོས་སུ་ མེ་འགོག་ཁྲའོ་རོགས་ཁྲོད་གྱི་དམིགས་བསལ་དཔའ་བོ་གཉིས་དང་། རིམ་པ་དང་པོའི་དཔའ་བོ་ལྔ་བཅུ་དང་དེ་བཞིན་ཀྲུང་གོའི་ཞིང་ཆེན་ཁག་གིས་མེ་འགོག་ཁྲའོ་རོགས་ཁྲོད་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོའི་མིང་ཐོ་བཀལ་ཡོད་པ་དང་ཆབས་ཅིག་ད་དུང་རིམ་པ་དང་པོའི་དཔེ་བཟང་གི་རྫ་ཆས་ཉུང་ཙམ་བཤམས་ཡོད།


6 དྲན་གསོ་ཁང་།

མེ་འགོག་ཁྲའོ་རོགས་དྲན་གསོ་ཁང་གསར་བའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི2.38ཡོད་པ་དང་། “མེ་ཨ་འགོག་ཁྲའོ་རོགས་དང་ཁྱིམ་སྲུང་རྒྱལ་སྐྱོབ”གཞི་རྩའི་བཤམས་སྟོན་བརྗོད་བྱ་གཙོ་བོར་བྱས་ནས་གོ་རིམ་ཚོམས་ཆེན་དང་། མེ་འགོག་ཁྲའོ་རོགས་དམག་འཐབ་ཚོམས་ཆེན། མེ་འགོག་ཁྲའོ་རོགས་ལས་འགུལ་ཚོམས་ཆེན། ཀྲུང་ཁྲའོ་མི་དམངས་མཛའ་གྲོགས་ཐིང་། ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་ཚོམས་ཆེན། དྲན་གསོའི་ཚོམས་ཆེན་བཅས་ཁག6ལ་དབྱེ་ཡོད།

7 གཟི་བརྗིད་མཚན་སྙན།

མེ་འགོག་ཁྲའོ་རོགས་དྲན་གསོ་ཁང་ལ“རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི”བརྒྱ་དང་།  “རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི” “རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་གྱི་དཔེ་མཚོན་མཛེས་ལྗོངས་ཁུལ་བརྒྱ” “ལིའོ་ཉིང་ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི”བཅས་ཀྱི་མིང་བཏགས་ཡོད། ཞིང་ཆེན་རྒྱལ་སྲུང་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་སྔ་གཞུག་ཏུ་སྤྱི་ལོ1998ལོའི་ཟླ12པ་དང་སྤྱི་ལོ2004ལོའི་ཟླ4བར་ལིའོ་ཉིང་ཞིང་ཆེན་གྱི་རྒྱལ་སྲུང་སློབ་གསོའི་རྟེན་གཞི་ཞེས་མིང་བཏགས་པ་དང་། ཞིང་ཆེན་སྲིད་གཞུང་གིས་སྤྱི་ལོ2007ལོའི་ཟླ4བར་ཡང་བསྐྱར་ལིའོ་ཉིང་ཞིང་ཆེན་གྱི་རྒྱལ་སྲུང་སློབ་གསོའི་རྟེན་གཞི་ཞེས་མིང་བཏགས།

སྤྱི་ལོ2017ལོའི་ཟླ12པར་སློབ་གསོ་པུའི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞི་དང་སྒར་སའི་མིང་ཐོའི་ནང་ཚུད།

8 མེ་འགོག་ཁྲའོ་རོགས།

མེ་འགོག་ཁྲའོ་རོགས་ཅེས་པ་ནི་དུས་རབས20པའི་ལོ་རབས50པའི་དུས་འགོར་ལངས་པའི་ཁྲའོ་ཞན་དམག་འཁྲུག་གི་ཆ་ཤས་ཤིག་ཡིན་ཞིང་། ཀྲུང་གོ་མི་དམངས་དམག་འཁྲུག་ནང་ཞུགས་པའི་དུས་རིམ་ཁོ་ནར་ཟེར་བ་དང་། ཀྲུང་གོ་མི་དམངས་ཀྱིས་ཁྲའོ་ཞན་མི་དམངས་ལ་རོགས་སྐྱོར་བྱས་ཏེ་ཨ་རིའི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་མང་ཚོགས་རང་བཞིན་གྱི་ལས་འགུལ་ཡང་ཚུད་ཡོད། 

སྤྱི་ལོ1950ལོའི་ཟླ7པའི་ཚེས10ཉིན། “ཀྲུང་གོ་མི་དམངས་ཀྱིས་ཨ་མེ་རི་ཁས་ཐའེ་ཝན་ལ་བཙན་འཛུལ་བྱེད་པའི་ལས་འགུལ་ཨུ་ཡོན་ལྷན་ཁང”བཙུགས་པ་དང་། ཟླ10པར་ཀྲུང་གོ་མི་དམངས་ཁྲའོ་ཞན་དུ་དམག་རྒྱག་པར་བསྐྱོད་དེ་ཕུའུ་ཁྲའོ་དམག་འཁྲུག་འགོ་ཚུགས་པ་རེད། ཧན་ཁྲའོ་དམག་འཁྲུག་ཁྲོད་བཅིངས་འགྲོལ་དམག་གི་དམག་ཡོངས་དང་ཀྲུང་གོའི་རྒྱལ་ཡོངས་མི་དམངས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་དང་སུའུ་ལེན་གྱིས་གཙོས་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞོགས་འདེགས་བྱས་ཡོད། ལོ་དེའི་ཟླ7པར། ཕྱོགས་གཉིས་ཀྱིས《ཁྲའོ་ཞན་གྱི་དམག་མཚམས་འཇོག་པའི་ཆོད་ཡིག》བཞག་པ་ནས་བཟུང་། ཁྲི་ལོར་ཚང་མ་ཀྲུང་གོར་ཕྱིར་འཐེན་བྱས་ཡོད། ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་ནི་ཧན་རྒྱལ་རབས་ཀྱི་དྲན་གསོའི་ཉིན་མོ་ཡིན། 

9 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1950ལོའི་ཟླ6ཚེས25ཉིན་ཁོ་རེ་ཡ་བྱང་མའི་དམག་འཁྲུག་ལངས་ཤིང་ཀྲུང་གུང་ཀྲུང་དབྱང་དང་མའོ་ཙེ་ཏུང་ཀྲུའུ་ཞིས་ཀྲུང་གོ་མི་དམངས་ཀྱི་འདོད་བློ་དང་ཁོ་རེ་ཡ་བྱང་མ་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རེ་བ་ལྟར་ཨ་མེ་རི་ཁར་ངོ་རྒོལ་དང་ཁོ་རེ་ཡ་བྱང་མར་རོགས་སྐྱོར་བྱེད་པའི་ཐབས་ཇུས་འཐེན་པ་རེད། ཀྲུང་གོ་མི་དམངས་དང་བླངས་དམག་གིས་མྱུར་དུ་ཨ་རིར་ངོ་རྒོལ་གྱི་གྲ་སྒྲིག་བྱས་ཏེ། སྤྱི་ལོ1950ལོའི་ཟླ10ཚེས19ཉིན་ཀྲུང་གོ་མི་དམངས་དང་བླངས་དམག་གིས་སི་ལེན་ཡོན་དང་ཆབ་སྲིད་ཨུ་ཡོན་ཕེང་ཏེ་ཧོའི་སྣེ་ཁྲིད་འོག་ཁོ་རེ་ཡ་བྱང་མར་སོང་སྟེ། ཁོ་རེ་ཡ་བྱང་མ་མི་དམངས་དང་མཉམ་དུ་ཨ་རི་བཙན་འཛུལ་པར་ལོ་ངོ2དང་ཟླ9ཡི་རིང་ལ་ངོ་རྒོལ་འཐབ་འཁྲུག་བརྒྱབ་པ་རེད། 

9_1 དུས་རིམ་དང་པོ། 

འཐབ་འཁྲུག་དེར་དུས་རིམ་གཉིས་སུ་བགོས་ན་དུས་རིམ་དང་པོ་ནི་སྤྱི་ལོ1950ལོའི་ཟླ10ཚེས25ནས1951ལོའི་ཟླ6ཚེས10ཉིན་བར་ཀྲུང་དང་ཁོ་རེ་ཡ་མི་དམངས་དམག་དཔུང་གིས་འཐབ་འཁྲུག་ཐེངས5ལ་བརྒྱབ་པར་ཨ་མེ་རི་ཁ་གཙོ་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་དམག་གིས་འགོག་སྲུང་འཐབ་ཇུས་འཐེན་པ་དང་དམག་འཁྲུག་མཚམས་འཇོག་པར་གྲོས་མོལ་བྱེད་པའི་རེ་བ་བཏོན་པ་རེད། 

9_2  དུས་རིམ་གཉིས་པ། 

དུས་རིམ་གཉིས་པ་ནི་སྤྱི་ལོ1951ལོའི་ཟླ6པ་ནས་སྤྱི་ལོ1953ལོའི་ཟླ7ཚེས27ཉིན་བར་ཀྲུང་གོ་དང་ཁོ་རེ་ཡ་མི་དམངས་དམག་མིས་དཔའ་ངར་ཆེན་པོས་དགྲ་བོར་ངོ་རྒོལ་བྱས་པར་ཨ་རི་ཕྱོགས་ནས་འཐབ་འཁྲུག་མཚམས་འཇོག་པའི་ཆོད་ཡིག་སྟེང་མིང་རྟགས་བཀོད་པ་རེད། 

དཔྱད་གཞིའི་ཡིག་ཆ།