ལིའོ་ཧྲེང་གཡུལ་འགྱེད་དྲན་གསོ་ཁང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-01-22 15:40ལ་འགྲུབ།

ལིའོ་ཧྲེང་གཡུལ་འགྱེད་དྲན་གསོ་ཁང་།

ལིའོ་ཧྲེང་གཡུལ་འགྱེད་དྲན་གསོ་ཁང་།
ལེའོ་ཧྲེང་གཡུལ་འགྱེད་དྲན་གསོ་ཁང་ནི་ལེའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་ལིང་ཧུ་ཆུས་སུ་གནས་ཤིང་། སྤྱི་ལོ1959ལོའི་ཟླ1པོར་བཙུགས་པ་དང་། དེ་ནི་ལོ་རྒྱུས་ཞིབ་འཇུག་དང་། རིག་གནས་བརྒྱུད་སྤེལ། སྒྱུ་རྩལ་དངོས་མང་སྟོན་ཚོགས། ཡུལ་སྐོར་སྤྲོ་གསེང་སོགས་ནུས་པ་གཞི་གཅིག་ཏུ་འདུས་པའི་དམག་དོན་བརྗོད་དོན་གཙོ་བོའི་སྤྱི་གླིང་ཆེ་གྲས་ཤིག།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
辽沈战役纪念馆
ཕྱི་ཡིག་གི་མིང་།
Liaoshen Campaign Memorial
ས་བཟུང་རྒྱ་ཁྱོན།
188000 m²
རིགས་དབྱེ།
དམག་དོན་ལོ་རྒྱུས་ཀྱི་བརྗོད་བྱ་གཙོ་བོའི་སྤྱི་གླིང་།
སྒོ་འབྱེད་དུས་ཚོད།
གཟའ་འཁོར་རའི་གཟའ་མིག་དམར་ནས་གཟའ་ཉི་མའི་ཆུ་ཚོད9:00--16:30
པ་སེ་རིན་གོང་།
རིན་མེད།
གནས་ཡུལ།
ལའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་ལིང་ཧུ་ཆུས་པེ་ཅིང་ལམ་ལྔ་བའི་ཨང1པོ།
བཙུགས་ལོ།
སྤྱི་ལོ1959ལོའི་ཟླ1པོ།
འཛུགས་སྐྲུན་རྒྱ་ཁྱོན།
8600 m²
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ།
ཁོངས་གཏོགས་གྲོང་ཁྱེར།
ལའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར།
མཛེས་ལྗོངས་ཁུལ་གཙོ་བོ།
རྒྱལ་ཁའི་སྒོ་དང་དྲན་གསོའི་མཆོད་རྟེན་སོགས།
ཡུལ་སྐོར་དུས་འཚམ།
དུས་བཞི།
ཡུལ་སྐོར་དུས་ཚོད།
དུས་ཚོད2
1 ངོ་སྤྲོད།

ལེའོ་ཧྲེང་གཡུལ་འགྱེད་དྲན་གསོ་ཁང་ནི་ལེའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་ལིང་ཧུ་ཆུས་སུ་གནས་ཤིང་། སྤྱི་ལོ1959ལོའི་ཟླ1པོར་བཙུགས་པ་དང་། དེ་ནི་ལོ་རྒྱུས་ཞིབ་འཇུག་དང་། རིག་གནས་བརྒྱུད་སྤེལ། སྒྱུ་རྩལ་དངོས་མང་སྟོན་ཚོགས། ཡུལ་སྐོར་སྤྲོ་གསེང་སོགས་ནུས་པ་གཞི་གཅིག་ཏུ་འདུས་པའི་དམག་དོན་བརྗོད་དོན་གཙོ་བོའི་སྤྱི་གླིང་ཆེ་གྲས་ཤིག་ཡིན་ལ། དེ་ནི་སྔོན་མར་ལེའོ་ཉིང་ཞིང་ཆེན་ཏི་ཀྲི་དངོས་མང་བཤམས་སྟོན་ཁང་གི་གྲབས་འཛུགས་ཁྲུའུ་ཡི་ཅིན་ཀྲོའུ་དོན་གཅོད་ཁྲུའུ་དང་ཅིན་ཀྲོའུ་ལོ་རྒྱུས་རིག་དངོས་བཤམས་སྟོན་ཁང་ཡིན་པ་དང་། ཅིན་ཀྲོའུ་གྲོང་ཁུལ་རྙིང་པའི་ཀུའུ་ཐ་འདབས་ཀྱི་ཏ་ཀོང་ཅི་དགོན་པའི་གནའ་བོའི་འཛུགས་སྐྲུན་ནང་ཡོད་པ་དང་། ཅིན་ཀྲོའུ་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་གི་སྒོ་རའི་ནང་ཡོད།

2 འཛུགས་སྐྲུན་བརྒྱུད་རིམ།

སྤྱི་ལོ1963ལོའི་ཟླ10བར་གཞི་རྩའི་ཆ་ནས་བཤམས་སྟོན་ལེགས་འགྲུབ་བྱུང་བ་མ་ཟད་སྒོ་འབྱེད་བྱས། “རིག་གནས་གསར་བརྗེ་ཆེན་པོའི”དུས་འགོར་གཞུང་ཚབ་ཁང་གི་སྒོ་མི་རྒྱག་ཐབས་མེད་བྱུང་། “དགུ་གཅིག་གསུམ་དོན་རྐྱེན”གྱི་རྗེས་སུ་ཕྱིར་འཐེན་བྱས།

སྤྱི་ལོ1978ལོར་བསྐྱར་གསོ་བྱས་པ་དང་། འགྲེམས་སྟོན་བཟོ་བཅོས་བརྒྱབ་རྗེས་ཡང་བསྐྱར་སྒོ་ཕྱེ་བ་རེད། ལོ་དེའི་ཟླ10བར་དམག་སྤྱི་ཡེ་ཅན་ཡིང་གིས་དྲན་གསོ་ཁང་གི་མིང་བྲིས་ཤིང་། བྱ་བ་ཚང་མ་རྒྱུན་ལྡན་གྱི་ལམ་དུ་ཞུགས།

སྤྱི་ལོ1985ལོའི་ཟླ4བར་ཀྲུང་དབྱང་གིས་གཞུང་ཚབ་ཁང་གསར་པ་འཛུགས་རྒྱུའི་མཆན་བཀོད་བཀའ་ལན་གནང་། འགྲེམས་ཁང་གསར་པའི་འདེམས་ཡུལ་དེ་གྲོང་ཁྱེར་ལྟེ་བའི་ལིའོ་ཧྲེང་གཡུལ་འགྱེད་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཐ་བྱང་གི་གཞོགས་སུ་གནས་ཡོད།

སྤྱི་ལོ1988ལོའི་ཟླ10བའི་ཚེས31ཉིན་སྒོ་ཕྱེ།

སྤྱི་ལོ2001ལོར་ལིའོ་ཉིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལིའོ་ཧྲེང་གཡུལ་འགྱེད་དྲན་གསོ་ཁང་ལ་ཕྱོགས་ཡོངས་ནས་བསྒྱུར་བཀོད་ཀྱི་བྱ་བ་སྒྲུབ་རྒྱུའི་ཐག་བཅད།

སྤྱི་ལོ2004ལོའི་ཟླ11པའི་ཚེས2ཉིན་ལེགས་འགྲུབ་བྱུང་བ་མ་ཟད་ཡང་བསྐྱར་ཕྱི་ཕྱོགས་ལ་སྒོ་འབྱེད།

སྤྱི་ལོ2008ལོའི་ཟླ2པའི་ཚེས29ཉིན་ལིའོ་ཧྲེང་གཡུལ་འགྱེད་དྲན་གསོ་ཁང་དངོས་སུ་རིན་མེད་པར་སྒོ་ཕྱེ་བ་རེད།

སྤྱི་ལོ2008ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་དྲན་གསོ་ཁང་གིས་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་རིན་མེད་ངང་སྒོ་ཕྱེ་བ་རེད།

སྤྱི་ལོ2016ལོའི་ཟླ12པར《རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་གྱི་རྩེར་སོན་མཛེས་ལྗོངས་ཁུལ་གྱི་མིང་ཐོའི》ནང་ཚུད།

སྤྱི་ལོ2020ལོའི་ཟླ12པའི་ཚེས31ཉིན་བར་རྒྱལ་ཡོངས་ཀྱི་སྨན་དོན་ལས་དོན་པར་རིན་མེད་ངང་སྒོ་ཕྱེ་བ་རེད།

3 འཛུགས་སྐྲུན་གཙོ་བོ།
3_1 རྗེས་དྲན་མཆོད་རྟེན།

ལིའོ་ཧྲེང་གཡུལ་འགྱེད་གསར་བརྗེའི་སྔོན་གཤེགས་དཔའ་བོའི་རྗེས་དྲན་མཆོད་རྟེན་ནི་ལིའོ་ཧྲེང་གཡུལ་འགྱེད་སྔོན་གཤེགས་དཔའ་བོའི་བང་སོའི་གླིང་གི་དཀྱིལ་འཁོར་གྱི་བྱང་སྣེ་དང་ལིའོ་ཧྲེན་གཡུལ་འགྱེད་དྲན་གསོ་ཁང་གི་ལྷོ་ངོས་སུ་གནས་ཡོད་པ་དང་། དེ་ནི་ ལིའོ་ཧྲེང་གཡུལ་འགྱེད་ནང་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་ཆེད་བསྐྲུན་པ་ཞིག་རེད།


3_2 དམག་དཔུང་རྡོ་རིང་།

ལེའོ་ཧྲེང་གཡུལ་འགྱེད་དྲན་གསོ་ཁང་གི་དམག་དཔོན་ཀྲུའུ་རུའེ་ཡི་འདྲ་རྐོས་དེ་ནི་སྤྱི་ལོ1991ལོའི་ཟླ11པའི་ཚེས2ཉིན་བཞེངས་པ་དང་། ལིའོ་ཧྲེང་གཡུལ་འགྱེད་ཀྱི་དྲན་གསོའི་མཆོད་རྟེན་གྱི་ནུབ་ངོས་སྨི60ཡི་སར་གནས་པ་དང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ95ཟིན་ཡོད། དམག་དཔོན་ཀྲུའུ་རུའེ་ནི་བྱང་ཤར་མི་དམངས་བཅིངས་འགྲོལ་དམག་གི་སྒྱོགས་དམག་གི་དམག་སྤྱི་ཡིན་ཞིང་། སྤྱི་ལོ1948ལོར་ལིའོ་ཧྲེང་གཡུལ་འགྱེད་ཀྱིས་དབྱི་རྫོང་ལ་ཕར་རྒོལ་བྱེད་པའི་དམག་འཐབ་ཁྲོད་རང་སྲོག་བློས་བཏང་བ་དང་། བཅིངས་འགྲོལ་དམག་འཁྲུག་སྐབས་སུ་རང་སྲོག་བློས་བཏང་བའི་དམག་དཔོན་མཐོ་ཤོས་ཤིག་ཡིན།

3_3 སྔོན་གཤེགས་དཔའ་བོའི་བང་སོ།

སྔོན་གཤེགས་དཔའ་བོའི་བང་སོ་དེ་ནི་ལེའོ་ཧྲེང་གཡུལ་འགྱེད་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་མཆོད་རྟེན་གྱི་ཤར་ངོས་སྨི60ཡི་སར་གནས་པ་དང་། ནུབ་ངོས་སུ་ལིང་ཧྲི་དབྱིན་བང་སོ་དང་ཤར་ཕྱོགས་སུ་ཀྲང་ཧྲི་དབྱིའི་བང་སོ་ཡོད། ལིང་ཧྲི་དབྱིན་དང་ཀྲང་ཧྲི་དབྱི་ནི་ལིའོ་ཧྲེང་གཡུལ་འགྱེད་ནང་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོ་གྲགས་ཅན་གཉིས་ཡིན།

3_4 སྔོན་གཤེགས་དཔའ་བོའི་གྱང་།

ལིའོ་ཧྲེང་གཡུལ་འགྱེད་དྲན་གསོ་ཁང་གི་སྔོན་གཤེགས་དཔའ་བོའི་མིང་གཞུང་གི་གྱང་དེ་ལིའོ་ཧྲེང་གཡུལ་འགྱེད་དྲན་གསོའི་མཆོད་རྟེན་གྱི་ལྷོ་ངོས་གཞོགས་གཉིས་སུ་གནས་ཡོད་པ་དང་། རྡོ་རིང་གཙོ་བོ་བྱང་ཤར་བཅིངས་འགྲོལ་དམག་འཁྲུག་ཁྲོད་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོའི་མཚན་སྙན་བརྐོས་ཡོད།

3_5 ནང་གི་སྒྲིག་བཀོད།

ལིའོ་ཧྲེང་གཡུལ་འགྱེད་དྲན་གསོ་ཁང་དུ་ཚོགས་ཁང་དང་། དམག་འཐབ་ལོ་རྒྱུས་ཁང་། མདུན་ཁང་། སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་། མཛེས་ལྗོངས་རི་མོ་ཁང་བཅས་ཆེད་དོན་ཁང་བཞི་ཡོད། 

3_6 སྒྲིག་བཀོད་ཁྱད་ཆོས།

རིམ་པ་དང་པོར་ཚོགས་ཁང་དང་དམག་འཐབ་ལོ་རྒྱུས་ཁང་ཡིན་པ་དང་རིམ་པ་རྗེས་མ་ནི་མདུན་ཁང་། རིམ་པ་གཉིས་པ་ནི་སྔོན་གཤེགས་དཔའ་བོའི་ཁང་ཡིན་པ་དང་། མཐར་དུང་འཁྱིལ་རྣམ་པའི་གྱེན་ལམ་བརྒྱུད་དེ་ཡུལ་ལྗོངས་རི་མོ་ཁང་དུ་གྱུར་ཡོད། འགྲེམས་སྟོན་ཧྲིལ་པོའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4912.92དང་། འགྲེམས་སྟོན་གྱི་རིང་ཚད་ལ་སྨི768.92(གླེང་གཞི་ཚུད་མེད)འགྲེམས་རྫས1460ལྷག་ཙམ་ཡོད།

4 རྒྱལ་ཁའི་སྒོ།

ལིའོ་ཧྲེང་གཡུལ་འགྱེད་དྲན་གསོ་ཁང་གི་རྒྱལ་ཁའི་སྒོ་མོ་ནི་བཟོ་སྐྲུན་རྐྱང་པ་གསུམ་གྱིས་གྲུབ་པ་དང་། ས་བཟུང་བའི་ཤར་ནུབ་ཀྱི་རིང་ཚད་ལ་སྨི77དང་། ལྷོ་བྱང་གི་ཞེང་ཚད་ལ་སྨི42ཡོད། མདུན་གྱི་ཁང་པ་གཉིས་དང་ཤར་ངོས་ཀྱི་མཐོ་ཚད་ལ་སྨི11 ནུབ་ངོས་ཀྱི་མཐོ་ཚད་ལ་སྨི9 བྱང་ངོས་ཀྱི་བཟོ་བཀོད་རྐྱང་པའི་མཐོ་ཤོས་ལ་སྨི16དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2400བཅས་ཡིན།


5 གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ12པར་སློབ་གསོ་པུའི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞི་དང་སྒར་སའི་མིང་ཐོའི་ནང་ཚུད།

སྤྱི་ལོ2020ལོའི་ཟླ12པར་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་དངོས་མང་བཤམས་སྟོན་ཁང་ཁག་བཞི་པའི་མིང་ཐོའི་ནང་ཚུད།

6 འགྲེམ་སྟོན་དངོས་རྫས།

1 དམག་དཔོན་ལིའུ་ཡ་ལོའུ་ཡིས་བཅིངས་འགྲོལ་དམག་འཁྲུག་ཁྲོད་སྤྱོད་པའི་མདེའུའི་ཁུག་མ།


ལིའུ་ཡ་ལོའུ་ནི་བྱང་ཤར་དམག་ཁུལ་གྱི་དྲག་ཇུས་དམག་དཔོན་དང་བྱང་ཤར་བྱེས་འཐབ་དམག་སྡེའི་དྲག་ཇུས་དམག་དཔོན་ཡིན། རྒྱང་ཤེལ་འདི་ནི་ཁོས་བཅིངས་འགྲོལ་དམག་འཁྲུག་སྐབས་སུ་བཀོལ་སྤྱོད་བྱས་པ་ཡིན

2 ཁྲེང་ཡོན་མའོ་ལ་ཐ་ཧྲན་དམག་འཁྲུག་ཁྲོད་མའོ་ཙེ་ཏུང་གི་གནང་བའི་གཟེངས་རྟགས་།

ཁྲེང་ཡོན་མའོ་ནི་ཙུང4པའི་ཐོན28པའི་ལེན2པའི་སློབ་སྟོན་པ་ཡིན་པ་དང་། ཁྲེང་ཡོན་མའོ་ཡིས་བྱས་རྗེས་ཆེན་པོ9བཞག་མྱོང་། སྤྱི་ལོ1950ལོར་རྒྱལ་ཡོངས་འཐབ་འཛིང་དཔའ་བོའི་འཐུས་མིའི་ཚོགས་འདུར་ཞུགས་པ་དང་། ལེའུ་འདི་རང་ཉིད་ཀྱིས་ཉར་ཚགས་བྱས་ཤིང་། སྤྱི་ལོ1958ལོའི་ཟླ12པར་ལ་ལིའོ་ཧྲེང་གཡུལ་འགྱེད་དྲན་གསོ་ཁང་ལ་སྤྲད།

3 སུའུ་དམག་གིས་ཀྲོའུ་པའོ་ཀྲུང་ལ་གནང་བའི་དར་དམར་གྱི་གཟེངས་རྟགས།

ཀྲོའུ་པའོ་ཀྲུང་ནི་བྱང་ཤར་འཇའ་འགོག་མཉམ་འབྲེལ་དམག་གི་འབུམ་དཔོན་དང་། རྐང་དམག་གཉིས་པའི་སྤྱི་ཁྱབ་བཀོད་འདོམས་པ་ཡིན། ཕྱིར་སུའུ་ལེན་དུ་སོང་ནས་རྒྱལ་སྤྱིའི་ལུའི་དཔོན་གྱི་འགན་ཁུར། ཀྲུང་སུའུ་མཐའ་མཚམས་སུ་འཇའ་འགོག་འཐབ་རྩོད་བྱེད་སྐབས་སུའུ་དམག་གིས་དར་དམར་གྱི་གཟེངས་རྟགས་འདི་གནང་བ་ཡིན

4 སྔོན་གཤེགས་དཔའ་བོ་ཀྲང་ཧྲའོ་ཁུས་སྤྱད་པའི་པར་ཆས།

ཀྲང་ཧྲའོ་ཁུ་ནི་བྱང་ཤར་གློག་བརྙན་བཟོ་གྲྭའི་པར་ལེན་པ་ཕུལ་དུ་བྱུང་བ་ཞིག་ཡིན་པ་དང་། སྤྱི་ལོ1948ལོའི་ཟླ9བར་བྱང་ཤར་བྱེས་འཐབ་དམག་སྡེའི་རྗེས་སུ་འབྲངས་ནས་པེ་ཉིང་ལམ་རྒྱུད་ལ་དཔུང་འཇུག་བྱས་ཤིང་། དབྱི་རྫོང་གི་འཐབ་འཛིང་ལེགས་འགྲུབ་བྱུང་རྗེས་ཅིན་ཀྲོའུ་རུ་མདུན་སྐྱོད་བྱེད་པའི་ལམ་བར་དུ་སྟབས་མ་ལེགས་པར་མདེའུ་ཕོག་ནས་རང་སྲོག་ཤོར། ཁོང་གིས་པར་ཆས་འདི་སྤྱད་དེ་བཅིངས་འགྲོལ་འཐབ་འཛིང་གི་ཁྱབ་རྒྱ་ཆེ་བ་མང་པོ་པར་ལེན་བྱས་པ་མ་ཟད། དངོས་མཚོན་གློག་བརྙན《དམངས་གཙོའི་བྱང་ཤར》ཞེས་པ་པར་ལེན་བྱེད་པར་ཞུགས་ནས་རང་དམག་གིས་བྱང་ཤར་བཅིངས་འགྲོལ་གཏོང་བའི་ལས་དོན་དྲིལ་བསྒྲགས་དང་། སྐུལ་ལྕག ཟིན་ཐོར་འགོད་པར་བྱས་རྗེས་ཆེན་པོ་བཞག་ཡོད། སྤྱི་ལོ1959ལོའི་ཟླ8པར་ཁོང་གི་སྐུ་ཟླ་དབྱང་ཡུན་གྱིས་ལིའོ་ཧྲེང་གཡུལ་འགྱེད་དྲན་གསོ་ཁང་ལ་སྤྲད།

5 ཀྲའོ་ཞིང་ཡོན་གྱིས་བཅིངས་འགྲོལ་དམག་འཁྲུག་སྐབས་སུ་སྤྱད་པའི་ཕྱོགས་སྟོན་འཁོར་ལོའི་དཔྱད་ཆས།

ཕྱོགས་སྟོན་འཁོར་ལོའི་དཔྱད་ཆས་འདི་ནི་ཙུང3པའི་ཐོན20པའི་རུ་དཔོན་ཀྲའོ་ཞིང་ཡོན་གྱིས་ཅིན་ཀྲོའུ་རུ་དམག་འཐབ་བྱེད་སྐབས་སྤྱོད་མྱོང་བ་ཞིག་ཡིན། སྤྱི་ལོ1948ལོའི་ཟླ10བར་ཀྲའོ་ཞིང་ཡོན་གྱིས་རུ་ཤོག་དང་པོའི་སྣེ་ཁྲིད་དེ་ཅིན་པེའི་དགྲ་བོའི་འགོག་སྲུང་འཛིང་རགས་དང་ཆུ་རྫིང་ལ་རྒོལ་རྡུང་བྱས། ཆུ་ཚོད་བརྒྱད་ཀྱི་དམར་འཛིང་བྱས་ཏེ་དགྲ་བོའི་ཕར་རྒོལ་ཐེངས30ལྷག་ཕྱིར་བཟློག་བྱས་མཐར་ཆུ་རྫིང་བླངས་པ་རེད། དམག་འཁྲུག་གི་རྗེས་སུ་རུ་ཤོག་དེར་ཧྲི་ཤོག་གི་གཟེངས་བསྟོད་ཐོབ་པ་དང་། ཀྲའོ་ཞིང་ཡོན་གྱིས་བྱས་རྗེས་ཆེན་པོ་ཐེངས་དྲུག་བཞག་པ་དང་དམིགས་བསལ་གྱི་བྱས་རྗེས་ཐེངས་གཉིས་བཞག་མྱོང་། སྤྱི་ལོ1950ལོར་རྒྱལ་ཡོངས་དཔའ་བོའི་འཐུས་མིའི་གྲོས་ཚོགས་ལ་ཞུགས་པ་དང་། སྤྱི་ལོ1963ལོའི་ཟླ9བར་ཁོས་ཕྱོགས་སྟོན་འཕྲུལ་ཆས་དེ་ལིའོ་ཧྲེང་གཡུལ་འགྱེད་དྲན་གསོ་ཁང་ལ་སྤྲད།

7 ལིའོ་ཧྲེང་གཡུལ་འགྱེད།

ལིའོ་ཧྲེན་གཡུལ་འགྱེད་ནི་ཀྲུང་གོའི་ཉེ་རབས་ལོ་རྒྱུས་བཅིངས་འགྲོལ་དམག་འཁྲུག་གི“གཡུལ་འགྱེད་ཆེན་པོ་གསུམ”གྱི་གྲས་ཤིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ལིའོ་ཧྲེན་གཡུལ་འགྱེད་ཅེས་འབོད་པ་དང་། ལིའོ་ཞི་མཉམ་རུབ་དམག་འཐབ་ཅེས་གྲགས། 

སྤྱི་ལོ1948ལོའི་སྟོན་ཁར། དགྲ་དང་རང་རེའི་སྟོབས་ཤུགས་ཐད་འགྱུར་ལྡོག་ཆེན་པོ་བྱུང་། ཀྲུང་གུང་ཀྲུང་དབྱང་གིས་ཐག་གཅོད་རང་བཞིན་གྱི་དམག་འཐབ་བྱེད་པའི་དུས་སུ་སླེབས་བྱུང་སྙམ་ནས། གཅིག་རྗེས་གཉིས་མཐུད་དུ་གཡུལ་འགྱེད་ཆེན་པོ་གསུམ་སྤེལ་ཅིང་། ལིའོ་ཧྲེང་གཡུལ་འགྱེད་ནི་དེའི་ནང་གི་གཅིག་ཡིན།

8 ལོ་རྒྱུས་འཕེལ་རིམ།

ལིའོ་ཧྲེང་གཡུལ་འགྱེད་ནི་སྤྱི་ལོ1948ལོའི་ཟླ9ཚེས12ནས་ཟླ11ཚེས2ཉིན་བར་ཀྲུང་གོ་མི་དམངས་བྱང་ཤར་བཅིངས་འགྲོལ་དམག་གིས་ལིའོ་ཉིན་ནུབ་ཁུལ་དང་ཧྲིན་དཔུང་། ཁྲང་ཁྲོན་ས་ཁུལ་གྱི་གོ་མིན་ཏང་དམག་ལ་འཐབ་ཇུས་རང་བཞིན་ལྡན་པའི་ཕར་རྒོལ་བྱས། ལིན་པིའོ་དང་ལུའོ་རུང་ཧོན་གཉིས་ཀྱིས་འགོ་འཛིན་པའི་བྱང་ཤར་བཅིངས་འགྲོལ་དམག་གིས་ཧྲི་ཤོག53དང་དམག་མི་ཁྲི70ལྷག་བསྡུས་བསྡུས་ཏེ་སྤྱི་ལོ1948ལོའི་ཟླ9ཚེས12ཉིན་ལིའོ་ཧྲེན་དམག་འཁྲུག་བརྒྱབ་ཅིང་དམག་འཁྲུག་དེར་དུས་རིམ་གསུམ་མཆིས། དུས་རིམ་དང་པོ་ནི་ཅིན་ཀྲོའུ་འཕྲོག་ཅིང་བྱང་ཤར་གོ་མིན་ཏང་དམག་གི་འགྲོ་ལམ་བཅད་པ་སྟེ་བྱང་ཤར་བཅིངས་འགྲོལ་དམག་གིས་ཟླ10ཚེས16ཉིན་གྱི་མཚན་མོར་ཅིན་ཀྲོའུ་བླངས་ཤིང་། གོ་མིན་ཏང་གི་དམག་མི་ཧྲན་ཧའེ་འགག་སྒོ་ནས་ཕྱིར་བཤོལ་བྱེད་པའི་འགྲོ་ལམ་བཅད། ཚེས17ཉིན་ཁྲང་ཁྲོན་བཅིངས་འགྲོལ་བྱས། དུས་རིམ་གཉིས་པ་ནི་ཟླ10པའི་ཚེས26གི་མཚན་མོར་བཅིངས་འགྲོལ་དམག་གིས་ལིའོ་ཡའོ་ཞང་གི་དམག་དཔུང་དུམ་བུ་སོ་སོར་བཅད་ནས་ཚར་བཅད་ཅིང་ཚེས28ཉིན་བར་དགྲ་བོ་ཁྲི10ལྷག་བསད། ཐོན་དཔོན་ལིའོ་ཡའོ་ཞང་སོགས་དམག་དཔོན་བཟུང་། དུས་རིམ་གསུམ་པ་ནི་ཧྲེན་དབྱང་བཟུང་ནས་བྱང་ཤར་གྱི་མངའ་ཁོངས་ཡོངས་རྫོགས་བཅིངས་འགྲོལ་བྱས། ལིའོ་ཧྲེན་དམག་འཁྲུག་དེ་བསྡོམས་པས་ཉིན52ལ་རྒྱུན་བསྲིངས་ཤིང་། གུང་ཁྲན་ཏང་གིས་གོ་མིན་ཏང་གི་དམག་མི་ཁྲི47ལྷག་བསད་པ་རེད། དེར་རྒྱལ་ཁ་ཐོབ་པ་དེས་གོ་གུང་གཉིས་ཀྱི་དམག་ཤུགས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་རེད། 


དཔྱད་གཞིའི་ཡིག་ཆ།