སྔོན་གཤེགས་དཔའ་བོའི་བང་སོ་ཁང་།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-01-20 15:01ལ་འགྲུབ།

སྔོན་གཤེགས་དཔའ་བོའི་བང་སོ་ཁང་།

སྔོན་གཤེགས་དཔའ་བོའི་བང་སོ་ཁང་།
སྔོན་གཤེགས་དཔའ་བོའི་བང་སོ་ཁང་ནི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་སྒྲིག་བཀོད་ཀྱི་གྲས་ཤིག་ཡིན། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་སྒྲིག་བཀོད་ཅེས་པ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁོངས་ནང་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་ཆེད་ཆེད་མངགས་སྒོས་བསྐྲུན་པའི་སྔོན་གཤེགས་དཔའ་བོའི་བང་སོ་དང་། དྲན་གསོ་ཁང་། དྲན་གསོའི་རྡོ་རིང་། དྲན་གསོའི་མཆོད་རྟེན། དྲན་གསོའི་སྐུ་བརྙན་བཅས་ཡིན་ལ། སྔོན་གཤེགས་དཔའ་བོའི་གདུང་ཐལ་ཁང་། སྔོན་གཤེགས་དཔའ་བོའི་བང་སོ་སོགས་ཀྱི་སྒྲིག་བཀོད་ལ་ཟེར་བ་མ་ཟད། སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་དེ་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པ། ཁུལ་བཙུགས་གྲོང་ཁྱེར་རིམ་པ། རྫོང་རིམ་པ་བཅས་རིམ་པ་བཞིར་ཕྱེ་བ་དེ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
烈士陵园
རྒྱབ་ཁབ།
ཀྲུང་གོ
རྣམ་པ།
སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ།
1 ​གཞི་གྲངས།  

སྤྱི་ལོ2016ལོའི་ཟླ9པའི་བར་རྒྱལ་ཡོངས་སུ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་སྒྲིག་བཀོད་སྲུང་སྐྱོང་ཚན་པ4200ལྷག་ཙམ་ཡོད་པ་དང་ལོ་ལྟར་རིམ་ཁག་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། དཔུང་སྡེ། སློབ་གྲྭ་སོགས་རྩ་འཛུགས་ཀྱི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་བྱེད་སྒོ་ཐེངས་ཁྲི10ལྷག་ཙམ་དང་མང་ཚོགས་མི་ཐེངས་དུང་ཕྱུར1.5ལྷག་ཙམ་གྱིས་མཆོད་འབུལ་བྱེད་པ་དེ་ནི་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གསར་བརྗེའི་སྲོལ་རྒྱུན་བརྒྱུད་སྤེལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བའི་སྲོག་ཤིང་སྐྱེད་སྲིང་བྱེད་པ་བཅས་ཀྱི་བྱེད་སྒོ་སྤེལ་ཡུལ་གལ་ཆེན་ཞིག་ཡིན།

2 གསར་འགྱུར།

སྤྱི་ལོ2020ལོའི་ཟླ3པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམག་མིའི་ལས་དོན་པུའུ་ཡི་གཞུང་དོན་ཐིང་གིས་ཉེ་ཆར《རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་འོག་གི་ཆིང་མིང་དུས་ཆེན་གྱི་སྔོན་གཤེགས་དཔའ་བོའི་མཆོད་འབུལ་ལས་དོན་གོ་རིམ་ལྡན་པའི་ངང་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ནས་ས་གནས་ཁག་གིས་གསར་དུ་བདམས་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་ཆིང་མིང་དུས་ཆེན་གྱི་རིང་ལ་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུའི་བཀོད་སྒྲིག་བྱས། བརྡ་ཐོའི་ནང་ས་གནས་ཁག་གིས་ས་ཁུལ་གྱི་དབྱེ་བ་དང་ཧེ་བག་ཅན་གྱི་དོ་དམ་ལག་བསྟར་བྱས་ནས་ས་ཁུལ་ལས་བརྒལ་བའི་མཆོད་འབུལ་བྱེད་སྒོ་དོ་དམ་ཚོད་འཛིན་ནན་པོ་བྱས་ཏེ་གཞི་ཁྱོན་ཆེ་བའི་ཚོགས་སྤྱིའི་རང་བཞིན་གྱི་མཆོད་འབུལ་བྱ་རྒྱུ་སྔོན་འགོག་བྱེད་དགོས་ཞེས་བསྟན་ཡོད། སྔོན་གཤེགས་དཔའ་བོའི་བང་སོར་ཆིང་མིང་དུས་ཆེན་གྱི་ཉིན་དེར་སྔོན་གཤེགས་དཔའ་བོའི་བང་སོ་ཚང་མར་མེ་ཏོག་ཕུལ་བ་དང་བང་སོའི་རྡོ་རིང་ཕྱིས་ཏེ་སྔོན་གཤེགས་དཔའ་བོའི་ཁྱིམ་མིར་མཆོད་འབུལ་བྱེད་པ་དང་འབྲེལ་སྨྱན་སྦྱོར་གསར་པའི་ལས་སྟེགས་བརྒྱུད་དྲ་ཐོག་ནས་ཐད་གཏོང་དྲིལ་བསྒྲགས་བྱ་རྒྱུའི་ལྕག་སྐུལ་བྱས།


དཔྱད་གཞིའི་ཡིག་ཆ།