ཟུར་བརྒྱད་ཐོག་ཁང་།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-01-20 14:59ལ་འགྲུབ།

ཟུར་བརྒྱད་ཐོག་ཁང་།

ཟུར་བརྒྱད་ཐོག་ཁང་།
ཅང་ཞི་ཞིང་ཆེན་ཉིན་ཀང་རྫོང་གི་ཤར་ལྷོའི་སྤྱི་ལེ16མཚམས་ཀྱི་མའོ་ཕིན་སྡེ་བའི་ཞེ་ཧྲི་ཚའེ་སྤྱི་པའི་མཆོད་ཁང་གི་རྒྱབ་ཏུ་སོ་ཕག་གིས་གྲུབ་པའི་ཁང་མིག་གཉིས་ཡོད་ཅིང་།ཐོག་ཁང་གི་ཐོག་ཏུ་ཟུར་བརྒྱད་ཅན་གྱི་སྐར་ཁུང་ཞིག་ཡོད་པས་ས་དེ་གའི་མང་ཚོགས་ཀྱིས་དེར་ཟུར་བརྒྱད་ཐོག་ཁང་ཞེས་འབོད་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
八角楼
རྒྱབ་ཁབ།
ཀྲུང་གོ
ཁོངས་གཏོགས་གྲོང་ཁྱེར།
ཅང་ཞི་ཞིང་ཆེན་ཅི་ཨན་གྲོང་ཁྱེར།
1 ངོ་སྤྲོད་མདོར་བསྡུས།

སྤྱི་ལོ1927ལོའི་ཟླ10པ་ནས་སྤྱི་ལོ1929ལོའི་ཟླ2པའི་བར། ཅིང་ཀང་རི་བོར་འཐབ་རྩོད་བྱེད་པའི་སྐབས་སུ། མའོ་ཙེ་ཏུང་རྒྱུན་དུ་ཟུར་བརྒྱད་ཐོག་ཁང་དུ་བསྡད་ནས་གཞུང་ལས་སྒྲུབ་པ་ཡིན། ཟུར་བརྒྱད་ཐོག་ཁང་གི་སྣུམ་སྒྲོན་འོག མའོ་ཙེ་ཏུང་གིས《ཀྲུང་གོའི་དམར་པོའི་སྲིད་དབང་ཚུགས་ཐུབ་པའི་རྒྱུ་མཚན་ཅི་ཡིན》དང《ཅིང་ཀང་རི་བོའི་འཐབ་རྩོད》ཅེས་པ་གཉིས་ཀྱིས་ཅིང་ཀང་རི་བོའི་གསར་བརྗེའི་གནས་ཁུལ་གྱི་འཐབ་རྩོད་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་། ཀྲུང་གོའི་གསར་བརྗེ་འཕེལ་རྒྱས་ཀྱི་ཆོས་ཉིད་གསལ་བཤད། དམར་པོའི་སྲིད་དབང་གནས་ཐུབ་པ་དང་འཕེལ་རྒྱས་འགྲོ་བའི་གཞི་རྩའི་ཆ་རྐྱེན་བཅས་གསལ་བཤད་བྱས་ཏེ“བཟོ་ཞིང་གིས་དྲག་ཤུགས་ལ་བརྟེན་ནས་བཅད་བཟུང་བྱེད་པའི”འོད་སྟོང་འཕྲོ་བའི་བསམ་བློ་བཏོན། ཟུར་བརྒྱད་ཐོག་ཁང་གི་གློག་འོད་ཀྱིས་མུན་ནག་གི་མཚན་མོར་ཀྲུང་གོའི་གསར་བརྗེར་རྒྱལ་ཁ་ཐོབ་པའི་ལམ་བུ་གསལ་བར་བྱས། ད་ལྟ་ཁང་བའི་ནང་དུ་མའོ་ཙེ་ཏུང་གིས་བཀོལ་མྱོང་བའི་སྣག་ཚ་དབུར་གཞོང་དང་། སྨྱུག་མདོང་ལྕགས་སྒྲོན། སྣུམ་སྒྲོན་སོགས་ཡོད། ས་ཞིང་གསར་བརྗེའི་དམག་འཁྲུག་ཁང་དུ་སྟབས་བདེ་ལ་བབ་ཆགས་པའི་སྣུམ་སྒྲོན་ཆུང་ཆུང་ཞིག་བཤམས་ཡོད་ལ། དེ་ནི་དེ་སྔ་དམར་དམག་གིས་ཅིང་ཀང་རི་བོར་སྡོད་སྐབས་བཀོལ་བའི་སྒྲོན་མེའི་ནང་གི་གཅིག་ཡིན།

2 ལོ་རྒྱུས་བསྐྱར་མངོན།

སྤྱི་ལོ1927ལོའི་ཟླ10བར། མའོ་ཙེ་ཏུང་གིས་སྟོན་བསྡུའི་འོས་ལངས་དམག་དཔུང་ཁྲིད་དེ་ཅིང་ཀང་རི་བོར་སླེབས་ཤིང་། གནས་དེར་གྲོང་གསེབ་ཀྱི་གསར་བརྗེའི་གནས་ཁུལ་དང་པོ་གསར་འཛུགས་བྱས་ཏེ། “བཟོ་ཞིང་གི་དྲག་ཤུགས་ཀྱིས་བཅད་བཟུང་བྱེད་པའི”མེ་ལྕེ་སྒྲོན།

སྤྱི་ལོ1928ལོའི་ཟླ4པའི་ཟླ་མཇུག་ཏུ། ཀྲུའུ་ཏེ་དང་ཁྲེན་དབྱི་ཡིས་ནན་ཁྲང་འོས་ལངས་ཀྱི་སྣེ་ཁྲིད་ནས་རང་སོར་བཞག་པའི་དམག་དཔུང་དང་ཧུའུ་ནན་ལྷོ་ཁུལ་གྱི་ཞིང་པའི་དམག་དཔུང་རྣམས། ཉིན་ཀང་ལུང་གྲོང་ཁྱེར་དུ་མའོ་ཙེ་ཏུང་གིས་འགོ་ཁྲིད་པའི་བཟོ་ཞིང་གསར་བརྗེ་དམག་དང་དཔུང་འཛོམས་བྱུང་ནས། ཀྲུང་གོའི་བཟོ་ཞིང་གསར་བརྗེ་དམག་གི་འབུམ་དཔུང4བ་བཙུགས། ཀྲུའུ་ཏེ་ཡིས་འབུམ་དཔོན་གྱི་འགན་བཞེས། མའོ་ཙེ་ཏུང་གིས་ཏང་གི་སྐུ་ཚབ་དང་དམག་ཨུའི་ཧྲུའུ་ཅིའི་འགན་བཞེས། ལོ་དེའི་ཟླ12པར་ཕེང་ཏེ་ཧོའེ་ཡིས་ཕིང་ཅང་འོས་ལངས་དམག་དཔུང་གིས་གྲུབ་པའི་དམར་དམག་ཅུན་ལྔ་བ་དང་དམར་དམག་ཅུན་བཞི་པ་གཉིས་ཉིན་ཀང་རྫོང་དུ་དཔུང་འཛོམས་བྱས་ནས། ཅིང་ཀང་རི་བོའི་གསར་བརྗེའི་སྟོབས་ཤུགས་སྔར་བས་ཇེ་ཆེར་གྱུར།

ཅིང་ཀང་རི་བོའི་གསར་བརྗེའི་གནས་ཁུལ་རྒྱ་བསྐྱེད་པ་དེའང་གོ་མིན་ཏང་གི་དབང་འཛིན་པས་སྐྲག་པར་བྱས་ཏེ། དུས་ཡུན་རིང་པོའི་གསར་བརྗེའི་དམག་འཁྲུག་རྒྱག་པའི་ཆེད་དུ། མའོ་ཙེ་ཏུང་གིས་ཞིབ་རྩིས་རྒྱབ་ནས་དམར་དམག་ལ་འབྲུ་སྣུམ་གྲོན་ཆུང་བྱེད་དགོས་པའི་སློབ་གསོ་བཏང་།

མའོ་ཙེ་ཏུང་གིས་རང་དཔེ་གཞན་སྟོན་བྱས་ཏེ། ཉིན་རྒྱུན་ནམ་གུང་བར་དུ་བྱ་བ་བསྒྲུབ་པ་ཡིན་མོད། འོན་ཀྱང་གློག་སྡོང་རྐང་གཅིག་གིས་ལས་སྒྲུབ་ཐུབ་པ་ཡིན་ན་གློག་སྡོང་རྐང་གཉིས་གཏན་ནས་བཀོལ་སྤྱོད་མི་བྱེད་པ་འདི་ལྟ་བུའི་སྣུམ་སྒྲོན་གྱི་འོད་མདངས་ཞན་པའི་འོག་ཏུ། མའོ་ཙེ་ཏུང་གིས་སྔ་གཞུག་ཏུ《ཀྲུང་གོའི་དམར་པོའི་སྲིད་དབང་ཚུགས་ཐུབ་པའི་རྒྱུ་མཚན་ཅི་ཡིན》 དང《ཅིང་ཀང་རི་བོའི་འཐབ་རྩོད》སོགས་རྩོམ་ཡིག་གྲགས་ཅན་གྱིས་གཞུང་ལུགས་དང་ལག་ལེན་གྱི་ཕྱོགས་ནས་ཅིང་ཀང་རི་བོའི་གསར་བརྗེའི་འཐབ་རྩོད་ཀྱི་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་ཏེ།“བཟོ་ཞིང་གི་དྲག་ཤུགས་ཀྱིས་བཅད་བཟུང་བྱེད་པའི”འོད་སྟོང་འབར་བའི་བསམ་བློ་རྒྱས་བཤད་བྱས།

ཧ་ཅང་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་དུ། སྣུམ་སྒྲོན་འདིས་མའོ་ཙེ་ཏུང་ལ་འདུག་རོགས་བྱས་ཡོད་ཅིང་།  ཀྲུང་གོའི་གསར་བརྗེ་ཡིས་གྲོང་གསེབ་གྱིས་གྲོང་ཁྱེར་གྱི་མཐའ་བསྐོར་བ་དང་། མཐའ་མཇུག་གྲོང་ཁྱེར་དབང་དུ་སྒྱུར་བའི་ཡང་དག་པའི་གསར་བརྗེའི་ལམ་བུ་ཅིག་པུ་དེ་བསྟན། དེ་བས། ཅིང་ཀང་རི་བོའི་སྣུམ་སྒྲོན་དེ་གསར་བརྗེ་ཡི་གློག་སྒྲོན་དུ་གྱུར་བ་དང་། དེས་མུན་ནག་གི་མཚན་མོའི་ཁྲོད་དུ་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག དྲག་པོའི་སྒོ་ནས་གོ་མིན་ཏང་གི་ལོག་སྤྱོད་དབང་སྒྱུར་ལ་ངོ་རྒོལ་དང་། གཏིང་ཟབ་པའི་སྒོ་ནས་ས་ཞིང་གསར་བརྗེ་སྤེལ་བ་ཡིན།


དཔྱད་གཞིའི་ཡིག་ཆ།