ཁུང་ཙིའི་བཞུགས་གནས་རྙིང་བ།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-01-20 16:47ལ་འགྲུབ།

ཁུང་ཙིའི་བཞུགས་གནས་རྙིང་བ།

ཁུང་ཙིའི་བཞུགས་གནས་རྙིང་བ།
ཁུང་ཙིའི་བཞུགས་གནས་རྙིང་བ་ནི་ཧྲན་ཏུང་ཞིང་ཆེན་ཆུས་ཧྥུའུ་གྲོང་ཁྱེར་དུ་གནས་པ་དང་རྒྱ་ཁྱོན་མུའུ200ཟིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
孔子故居
ཕྱི་ཡིག་གི་མིང་།
The former residence of Confucius
རྒྱབ་ཁབ།
ཀྲུང་གོ
གནས་ཡུལ།
ཧྲན་ཏུང་ཞིང་ཆེན་ཆུས་ཧྥུའུ་གྲོང་ཁྱེར།
རེ་ཞུ་དུས་ཚོད།
སྤྱི་ལོ1994ལོ།
1 ངོ་སྤྲོད་མདོར་བསྡུས།

སྤྱི་ལོ1994ལོར་གཟུགས་འདས་ཤུལ་བཞག་རིག་གནས་ཁྲོད་རེ་ཞུ་བྱས། དེ་གར་ཀྲུང་གོའི་ད་ཡོད་ཀྱི་ཆ་ཚང་ཤོས་ཀྱི་གནའ་བོའི་སྐྲུན་དངོས་ཀྱི་གྲས་ཤིག་ཡིན་པའི་ཁུང་ཙི་ལྷ་ཁང་དང“གནམ་འོག་གི་ཁྱིམ་ཚང་ཨང་དང་པོ”ཞེས་འབོད་པའི་ཁུང་ཙི་ལས་ཁུངས། འཛམ་གླིང་ཐོག་དུས་ཡུན་རིང་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཁྱིམ་རྒྱུད་དུར་སའི་ཁུང་ཙི་ནགས་ཚལ་བཅས་ཡོད་པས་མི་རབས་ནས་མི་རབས་བར་གྱི་མཁས་དབང་ཚོའི་རིག་གཞུང་དང་མཆོད་འབུལ་བྱ་ཡུལ་ཞིག་ཡིན།

ཁུང་ཙི་ལྷ་ཁང་གི་རྒྱ་ཁྱོན་ལ་མུའུ200ལྷག་ཡོད་པ་དང་། ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི1ལྷག་ཙམ་ཡོད་ལ་རྒྱ་མི་རྣམས་ཀྱིས་དུས་རྒྱུན་མཆོད་འབུལ་བྱེད་སའི་ལྷ་ཁང་ཞིག་ཀྱང་ཡིན། ཏ་ཁྲེང་ལྷ་ཁང་དང་པེ་ཅིན་གནའ་བོའི་ཕོ་བྲང་སྟེ་ཐའེ་ཧོ་ལྷ་ཁང་། ཐེན་ཧྲུའུ་ལྷ་ཁང་བཅས་ནི་ཤར་ཕྱོགས་ཀྱི་ལྷ་ཁང་ཆེན་མོ་གསུམ་ཡིན་ཞིང་། ཁུང་ཚང་གིས་ས་ཆ་མུའུ180ཙམ་བཟུང་བ་དེ་ནི་ཁུང་ཙེ་ཕ་རྒྱུད་ཀྱི་ཁྲང་སུན་སྡོད་སའི་གཞིས་སྒར་ཡིན་པ་དང་། ཀྲུང་གོར་དུས་ཡུན་རིང་ཤོས་དང་ཉར་ཚགས་ཆ་ཚང་ཤོས་ཀྱི་སྒེར་གྱི་ཡིག་ཆའི་ཡིག་ཚགས་ཁྲི30ཙམ་ཡོད། སྤྱི་ལོ1994ལོར་ཁུང་ཙི་ལྷ་ཁང་དང་། ཁུང་ཙི་ལས་ཁུངས། ཁུང་ལིན་བཅས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲས་སུ་བཞག ཁུང་ཙེ་ཡི་ཕ་ཡུལ་དུ་ད་ལྟ་རིག་དངོས་མཛེས་ལྗོངས་ཁུལ103ཙམ་བཙུགས་ཡོད།

2 རིག་དངོས་རྗེས་ཤུལ།

རྒྱལ་ཡོངས་ཀྱི“ཀྲུང་ཧྭའི་འཇོན་མིའི་བཞུགས་གནས་ཨང་དང་པོ་འབྲི་མཁན”དང་། རི་མོ་བ་མཁས་ཅན་སྐུ་ཞབས་མཐེ་བོང་གི《ཁུང་ཙིའི་ཕ་ཡུལ》ཞེས་སྐད་གྲགས་ཆེ་ཤོས་ཀྱི་རི་མོ་མཁས་ཅན་དང་བཅས་པས་ཁུང་ཙིའི་ཕ་ཡུལ་གྱི་མཛེས་རྩལ་བརྩམས་ཆོས་མང་པོ་མཚོན།


དཔྱད་གཞིའི་ཡིག་ཆ།