ཀྲེང་ཁྲེང་ཀུང་དྲན་གསོ་ཁང་།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-01-20 16:47ལ་འགྲུབ།

ཀྲེང་ཁྲེང་ཀུང་དྲན་གསོ་ཁང་།

ཀྲེང་ཁྲེང་ཀུང་དྲན་གསོ་ཁང་།
ཞ་མོན་གྱི་ཀྲེང་ཁྲེང་ཀུང་དྲན་གསོ་ཁང་ནི་སྤྱི་ལོ1962ལོར་བཙུགས་པ་ཡིན། དེ་ནི་རླབས་ཆེན་གྱི་མི་རིགས་དཔའ་བོ་ཀྲེང་ཁྲེང་ཀུང་ཐའེ་ཝན་དུ་ཕྱིར་ལོག་ནས་ལོ་འཁོར300འགོར་བར་དྲན་གསོ་ཞུ་ཆེད་བཙུགས་པ་ཞིག་ཡིན། ཀྲེང་ཁྲེང་ཀུང་དྲན་གསོ་ཁང་ནི་རི་ཀོང་ཡན་མཛེས་ལྗོངས་ཁུལ་དུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
郑成功纪念馆
ཕྱི་ཡིག་གི་མིང་།
Memorial Hall of Zheng Chenggong
རྒྱབ་ཁབ།
ཀྲུང་གོ
བཙུགས་ལོ།
སྤྱི་ལོ1962ལོ།
གནས་ཡུལ།
ཞ་མོན་གྲོང་ཁྱེར་སི་མིན་ཆུས་ཡུང་ཁྲོན་ལམ་གྱི་ཨང73པར་གནས།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1.3ཡོད།
ཁོངས་གཏོགས་གྲོང་ཁྱེར།
ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར།
1 གཞི་རྩའི་གནས་ཚུལ།

སྤྱི་ལོ1962ལོའི་ཟླ2པའི་ཚེས1ཉིན་ཀྲེང་ཁྲེང་ཀུང་ཐའེ་ཝན་ནས་ལོ་སུམ་བརྒྱ་འགོར་བའི་དྲན་གསོ་ཁང་དེ་མཛེས་བཟོ་བྱས་ནས་སྒོ་ཕྱེ་བ་ཡིན། ཀྲེན་ཁྲེང་ཀུང་ནི་རང་རྒྱལ་གྱི་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་དུས་འགོར་སྐད་གྲགས་ཆོད་པའི་མི་རིགས་ཀྱི་དཔའ་བོ་ཞིག་ཡིན། དྲན་གསོ་ཁང་དེ་ཁག་བདུན་ལ་ཕྱེ་ནས་རིག་དངོས་དང་དཔྱད་གཞི། འདྲ་པར། འཇིམ་བརྐོས། དཔེ་དབྱིབས་བཅས་སྣ་ཁ་སུམ་བརྒྱ་ལྷག་ཙམ་འགྲེམས་སྟོན་བྱས་ནས་ཀྲེན་ཁྲེང་ཀུང་གི་སྐུ་ཚེ་ཧྲིལ་པོའི་བྱས་རྗེས་བརྒྱུད་རིམ་ལྡན་པའི་ངང་མཚོན་པར་བྱས་ཡོད་ཅིང་། རྟེན་རྫས་བཤམས་མཛོད་ཁང་དང་འབྲེལ་བའི་ཀྲེང་ཁྲེང་ཀུང་ལ་ཐོབ་པའི་གྲུབ་འབྲས་ལོ་རྒྱུས་རིག་དངོས400ལྷག་ཙམ་འགྲེམས་སྟོན་བྱས་པ་དང་འབྲེལ་སྒྲ་དང་འོད། གློག་བཅས་ཀྱི་ལག་རྩལ་ལ་བརྟེན་ནས་གཟུགས་བརྙན་གསོན་ཉམས་ལྡན་ལ། བརྒྱུད་རིམ་ལྡན་པ་བཅས་ཀྱི་སྒོ་ནས་ཀྲེན་ཁྲེང་ཀུང་གི་མཛད་རྗེས་དང་དེ་བཞིན་མི་རིགས་རང་བཙན་བརྩོན་ལེན་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་། མི་རིགས་ཀྱི་ལ་རྒྱ་བཅས་སྲུང་སྐྱོང་བྱ་ཆེད་དཔའ་ངར་ཆེན་པོས་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་ལམ་བུ་བསྟན།

དྲན་གསོ་ཁང་དང་མཐའ་འཁོར་གྱི་རྒྱ་ཁྱོན་གྱིས་སྨི་གྲུ་བཞི་མ13000ཟིན་ཞིང་། དེའི་ཁྲོད་ཐོག་ཁང་གཙོ་བོའི་འགྲེམས་ཁང་གིས་སྨི་གྲུ་བཞི་མ2200ཟིན་ལ། དཔྱད་ཡིག་ཞིབ་འཇུག་ཁང་གིས་སྨི་གྲུ་བཞི་མ500བཅས་ཟིན་ཡོད་པ་དང་། འགྲེམས་བྱང་ནི་སྐུ་ཞབས་ཀུའོ་མོ་རུའོ་ཡིས་དངོས་སུ་ཕྱག་བྲིས་མཛད་དེ་བྲིས་པ་ཡིན།

དྲན་གསོ་ཁང་ནི་རི་བོ་དང་རྒྱ་མཚོར་ཁ་ཕྱོགས་པ་དང་ཉེ་འཁོར་དུ་ནགས་ཚལ་དང་རྩི་ཤིང་གིས་ཁེངས་ཤིང་མེ་ཏོག་ཅི་དགར་བཞད། གནའ་བོའི་ཝུའུ་ཐུང་ཤིང་སྡོང་དང་། ཏ་ལ་ཤིང་གི་ཡལ་ག་གཡང་ཊི་ལྟར་ཀྲོང་ངེར་ལངས་པས་ཀྲེང་ཁྲེང་ཀུང་གི་དྲན་གསོ་ཁང་གིས་མི་རྣམས་ལ་གུས་བཀུར་དང་ཡིད་སྨོན་འཆོར་བའི་རྣམ་པ་ཞིག་མངོན་པར་བྱེད།

2 ནུབ་ཕྱོགས་ཀྱི་དཔྱད་གཞི།

ཧོ་ལན་གྱི་མཁས་པ་ཀའོ་ལུའུ་ཏེ་ཡིས་བརྟག་དཔྱད་བྱས་པ་ལྟར་ན། དཔེ་དེབ་འདི་ནི་ཐའེ་ཝན་དུ་བཅའ་སྡོད་བྱས་པའི་ཧོ་ལན་གྱི་དམག་དཔོན་གྱིས་བྲིས་པའི་དེབ་ཅིག་ཡིན་ལ། ཐའེ་ཝན“བོར་བརླག་ཏུ་སོང་བ”ལས་ཧོ་ལན་དབང་འཛིན་ལས་ཁུངས་ཀྱིས་ཚེ་གང་བཙོན་འཇུག་གི་ཉེས་ཆད་ཕོག་པའི་མི་སེར་སྤེལ་མཁན་ཕམ་ཉེས་བྱུང་ཚུལ་གྱི་ཟིན་ཐོར་བཀོད་ཡོད་ཅིང་། ཀྲེང་ཁྲེང་ཀུང་གི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་སྣང་ཆུང་བྱེད་མི་རུང་བའི་ནུབ་ཕྱོགས་ཀྱི་དཔྱད་ཡིག་ཅིག་ཏུ་གྱུར་ཡོད།

3 བཤམས་སྟོན་ཚོམས་ཆེན།

བརྗིད་ཉམས་ལྡན་པའི་བཤམས་སྟོན་ཚོམས་ཆེན་ནང་དུ་མི་རྣམས་ཀྱིས་ཀྲེང་ཁྲེང་ཀུང་གི་གཟུགས་པོ་ཡོངས་ཀྱི་སྐུ་བརྙན་ཞིག་མཐོང་ཐུབ། དམག་དཔོན་འདིས་ལུས་ལ་དམག་གོས་གྱོན་ཞིང་། ལག་ཏུ་རལ་གྲི་འཕྱར་ལ། མགོ་བོ་ཡར་བཏེགས་ནས་གོམ་པ་སྤོ་བ་དང་། དཔའ་ཉམས་ལྡན་པ་བཅས་ཀྱིས་མི་རྣམས་ཀྱིས་གུས་བཀུར་ཞུ་འོས་པ་ཞིག་ཏུ་འདུག འཇིམ་བརྙན་གྱི་གཡས་གཡོན་གཉིས་སུ་ཁོང་གིས་དེ་སྔ་བེད་སྤྱད་པའི་ཟངས་ཀྱི་མེ་སྒྱོགས་དང་། ལྕགས་ཀྱི་མེ་སྒྱོགས། དམག་གྲུའི་བཟོ་དབྱིབས་བཅས་བཞག་ཡོད། ཀྲེན་ཁྲེང་ཀུང་གི་སྐུ་བརྙན་དེ་གྲུ་གཟིངས་ཐོག་གི་བཀོད་འདོམས་སྟེགས་བུའི་ཐོག་རྔམ་བརྗིད་ལྡན་པའི་ངང་ལངས་ཡོད་པ་དང་དམག་དཔུང་ཆེན་པོས་གྲུ་གཟིངས་ལ་བཀོད་འདོམས་བྱས་ནས་རླུང་བརྟེན་རླབས་གཤགས་ཀྱིས་ཤར་འདུལ་ཤུགས་ཆེན་བྱེད་པ་དང་། ཀྲུང་ཧྭ་བུ་ཕྲུག་གིས་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་ས་ཆ་ཚུར་ལེན་ཆེད་མེ་སྒྱོགས་ལ་མི་འཛེམ་པར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་པ་དང་ཀུན་ནས་མཚུངས།

4 དཔའ་བོའི་མཛད་རྗེས།

དྲན་གསོ་ཁང་དུ་བཤམས་སྟོན་ཁང་ཞིག་ཡོད་ཅིང་། ཆེད་དུ་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མི་སྣ་གྲགས་ཅན་གྱི་སྙན་ངག་དང་ཕྱག་བྲིས་ཕྱག་བསྟར་མ་སོགས་བསྒྲིགས་ཡོད་པ་སྟེ། དཔེར་ན། ཏུང་པི་ཝུའུ་དང་ཀུའོ་མོ་རུའོ། ཧྲེན་ཅུན་རུའུ། ཧོང་ཡན་ཕེ། ཁྲེན་ཧྲུའུ་ཐུང་། ཞེ་ཅུའེ་ཙའེ། ཧུའུ་ཅུའེ་ཝུན། ཆི་ཡན་མིང་། ལི་ཁྲུན་ཆིང་སོགས་ཀྱི་ཡིག་གཟུགས་བསྒྲིགས་ཡོད། སྤྱི་ལོ1978ལོའི་ཟླ11པར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་པེ་ཅིང་རྒྱུན་ལས་ཨུ་ཡོན་གཟིགས་ཞིབ་ཚོགས་པ་དྲན་གསོ་ཁང་དུ་གཟིགས་ཞིབ་གནང་བར་ཕེབས་ནས“མེས་རྒྱལ་སྲུང་སྐྱོབ་དང་མི་དམངས་ལ་དགའ་ཞེན་བྱེད་པའི་མི་རིགས་ཀྱི་དཔའ་བོའི་བློ་སྟོབས་དར་སྤེལ་གཏོང་དགོས”ཞེས་པའི་ཕྱག་བྲིས་ཤིག་བཞག


དཔྱད་གཞིའི་ཡིག་ཆ།