ཞིན་ཕིང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-01-20 09:17ལ་འགྲུབ།

ཞིན་ཕིང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།

ཞིན་ཕིང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།
ཧྲའན་ཞི་ཞིང་ཆེན་ཞིན་ཕིང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1949ལོར་བཙུགས། ཁྲིམས་ཁང་གི་འདྲི་གཅོད་ཐོག་ཁང་ད་ལྟ་ཧྲའན་ཞི་ཞིང་ཆེན་ཞིན་ཕིང་གྲོང་ཁྱེར་ཞན་མོན་སྲང་ལམ་ལྷོ་མར་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
兴平市人民法院
རྒྱབ་ཁབ།
ཀྲུང་གོ
བཙུགས་ལོ།
སྤྱི་ལོ1949ལོ།
གནས་ཡུལ།
ཧྲའན་ཞི་ཞིང་ཆེན་ཞིན་ཕིང་གྲོང་ཁྱེར་ཞན་མོན་སྲང་ལམ་ལྷོ་མའི་ཨང55བ།
སྦྲག་སྲིད་ཨང་རྟགས།
713100
1 ངོ་སྤྲོད་མདོར་བསྡུས།

ཁྲིམས་ཁང་ཡོངས་སུ་ད་ལྟ་ལས་བྱེད་པ་དང་ཉེན་རྟོག་པ93ཡོད་པ་དང་། སྒྲིག་ཁོངས་མི་གྲངས་དངོས་མ81ཡོད། དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ཀྱིས་སྤྱིའི་མི་གྲངས་ཀྱི65%ཟིན། དེའི་ནང་རབ་འབྱམས་པ3ཡོད་པ་དེས་སྤྱིའི་མི་གྲངས་ཀྱི3.2%ཟིན་ཡོད།

ཁྲིམས་ཁང་གི་སྒྲིག་ཁོངས་སུ་ཡོད་པའི་མི་སྣའི་ལོ་ན་གྲུབ་ཚུལ་ནི་རྒན་དར་གཞོན་གསུམ་ཟུང་འབྲེལ་བྱས་ནས“སྣེ་གཉིས་ཆུང་ཞིང་དཀྱིལ་ཆེ”བའི་འཕེལ་ཕྱོགས་གྲུབ་ཅིང་། གྲུབ་ཚུལ་ཅུང་ལུགས་མཐུན་ཡིན་པས་སྤྱིའི་ཆ་ནས་ན་གཞོན་ཅན་དུ་འགྱུར་བཞིན་ཡོད།

2 ལས་ཁུངས་སྒྲིག་འཛུགས།

ཞིན་ཕིང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ལ་ད་ལྟ་གཞུང་ལས་ཁང་དང་ཆབ་སྲིད་ཁྲུའུ། སྒྲིག་ཁྲིམས་ལྟ་ཞིབ་ཁང་། གྱོད་དོན་ཐོ་འགོད་ཁྲིམས་ར། ཉེས་དོན་འདྲི་གཅོད་ཁྲིམས་ར། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། སྲིད་འཛིན་འདྲི་གཅོད་ཁྲིམས་ར། འདྲི་གཅོད་ལྟ་སྐུལ་ཁྲིམས་ར། ལག་བསྟར་ཅུའུ། ཁྲིམས་འཛིན་ཉེན་རྟོག་རུ་ཆེན་བཅས་བཙུགས་ཡོད་ལ། དེའི་མངའ་འོག་ཏུ་ཏུང་ཁྲེང་དང་རན་ཀྲོང་། ཞི་ཝུའུ། སང་ཀྲེན། ནན་ཀྲང་བཅས་གཞི་རིམ་གྱི་མི་དམངས་ཁྲིམས་ར་ལྔ་བཙུགས་ཡོད།

3 ཁྲིམས་ཁང་འཛུགས་སྐྲུན།

ཞིན་ཕིང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས“མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་དོན་རེ་རེའི་ཁྲོད་དྲང་སྙོམས་དྲང་བདེན་ཡིན་པའི་ཚོར་སྣང་ཡོང་བར་འབད་བརྩོན་བྱ་དགོས”ཞེས་པའི་དམིགས་འབེན་ལ་དམིགས་ནས། དམངས་དོན་ཁྲིམས་འཛིན་དྲང་གཞག་བྱ་རྒྱུའི་གཙོ་གནད་འདི་ཁོང་དུ་བརྟན་པོར་ཆུད་པ་དང་། ཚན་རིག་དང་མཐུན་པའི་ཁྲིམས་འཛིན་གྱི་འདུ་ཤེས་བཟུང་ནས། འདྲི་གཅོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཤིང་།འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་།འདྲི་གཅོད་ལས་ཀའི་ལམ་སྲོལ་གསར་གཏོད་དང་འཐུས་ཚང་དུ་གཏོང་བ། ཟམ་མི་ཆད་པར་ཁྲིམས་ཁང་གི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དུས་བདེ་ཞི་འཇགས་དང་ཁྲིམས་སྐྱོང་དར་རྒྱས་ཡོང་ཕྱིར་ཁྲིམས་འཛིན་གྱི་འགན་སྲུང་སྔར་ལས་ནུས་ལྡན་འདོན་སྤྲོད་བྱས་ཡོད།

4 གཟི་བརྗིད་མཚན་སྙན།

སྤྱི་ལོ2021ལོ་ནས་བཟུང་ཞིན་ཕིང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་མི་སྒེར་གྱི་བྱས་རྗེས་ཨང་གཉིས་པ་ཐེངས་གཅིག་དང་། མི་སྒེར་གྱི་བྱས་རྗེས་ཨང་གསུམ་པ་ཐེངས་གསུམ། རྫོང་རིམ་པའི་ངལ་རྩོལ་དཔེ་བཟང་ཅན། ཉེས་དོན་འདྲི་གཅོད་ཁྲིམས་རས་མཉམ་སྡེབ་ཀྱི་བྱས་རྗེས་ཨང་གསུམ་པ་བཅས་ལ་གཟེངས་བསྟོད་ཐོབ་ཅིང་། སྔ་རྗེས་སུ“མི་དམངས་ཀྱི་བློ་ལ་འབབ་པའི་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ”ཁག་ཅིག་ཐོན་ནས།  “གཏོད་འདེམས་དཔྱད་འདེམས”ཀྱི་ཕུལ་བྱུང་ཚན་པ་དང“གྱོད་གཞིའི་སྤུས་ཚད་ཡག་ཤོས་ཀྱི་ཚན་པ”  “དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་ཕུལ་བྱུང་ཚན་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ།


དཔྱད་གཞིའི་ཡིག་ཆ།