ཆིང་ཧྲན་ཧུའུ་ཆུས་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-01-20 09:08ལ་འགྲུབ།

ཆིང་ཧྲན་ཧུའུ་ཆུས་མི་དམངས་ཁྲིམས་ཁང་།

ཆིང་ཧྲན་ཧུའུ་ཆུས་མི་དམངས་ཁྲིམས་ཁང་།
ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ཆིང་ཧྲན་ཧུའུ་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1957ལོའི་ཟླ2པར་བཙུགས་པའི་སྔོན་ཆད་ཀྱི་ནན་ཁྲང་གྲོང་ཁྱེར་ཉེ་འདབས་ཀྱི་མི་དམངས་ཁྲིམས་ཁང་དེ་ཡིན། ད་ལྟ་ནན་ཁྲང་གྲོང་ཁྱེར་ཏུང་ཧུའུ་ཆུས་ཞན་ཧྲི་ལམ་རྒྱུད་ཀྱི་ཨང2པར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
青山湖区人民法院
བཙུགས་ལོ།
སྤྱི་ལོ1957ལོ།
སྦྲག་སྲིད་ཨང་རྟགས།
330006
གནས་ཡུལ།
ནན་ཁྲང་གྲོང་ཁྱེར་ཏུང་ཧུའུ་ཆུས་ཞན་ཧྲི་ལམ་རྒྱུད་ཀྱི་ཨང2པ།
འགོ་ཁྲིད།
ཁྲེང་ཅན།
1 ངོ་སྤྲོད་མདོར་བསྡུས།

མི་དམངས་ཁྲིམས་ཁང་ལ་མི་སྣ123ཡོད་པ་དང་དངོས་སུ་སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ནང་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ཀྱིས་སྤྱིའི་མི་གྲངས་ཀྱི92.9%ཟིན་ཞིང་དེའི་ནང་རབ་འབྱམས་པའི་སློབ་མ21ཡོད་པ་དེས་སྤྱིའི་མི་གྲངས་ཀྱི26.6%ཟིན།

སྤྱི་ལོ2020ལོའི་ཟླ4པར་ཅང་ཞི་ཞིང་ཆེན་དུས་བདེ་དང་ཅང་ཞི་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི“སྤྱི་ལོ2019ལོའི་ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་སྤྱི་དམངས་ཀྱི་བདེ་འཇགས་ཚོར་སེམས་བརྟག་དཔྱད་ཀྱི་སྔོན་ཐོན་སྲིད་ཁྲིམས་ཚན་པའི”གཟེངས་བསྟོད་ཐོབ།

ཁྲིམས་ཁང་ཡོངས་ལ་མི123ཡོད་ཅིང་། དེའི་ཁྲོད་དངོས་སུ་སྒྲིག་ཁོངས་སུ་ཚུད་པའི་ལས་བྱེད་པ་དང་ཉེན་རྟོག་པ85ཡོད། སྒྲིག་ཁོངས་སུ་དངོས་སུ་ཚུད་པའི་མི་སྣའི་ནང་ཁྲིམས་དཔོན56དང་དྲུང་ཡིག5 ཁྲིམས་ལུགས་ཉེན་རྟོག་པ9 ལས་སྒྲུབ་མི་སྣ་གཞན་དག15བཅས་ཡོད་ལ། དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ཀྱིས་སྤྱིའི་མི་གྲངས་ཀྱི92.9%ཟིན་ཡོད།

2 ལས་ཁུངས་སྒྲིག་འཛུགས།

ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ཆིང་ཧྲན་ཧུའུ་ཆུས་མི་དམངས་ཁྲིམས་ཁང་དུ་གྱོད་དོན་ཐོ་འགོད་ཁང་དང་ཉེས་དོན་འདྲི་གཅོད་ཁྲིམས་ར། དམངས་དོན་ཁྲིམས་ར་དང་པོ། དམངས་དོན་ཁྲིམས་ར་གཉིས་པ། དམངས་དོན་ཁྲིམས་ར་གསུམ་པ། ན་སོ་དར་ལ་མ་བབས་པའི་མིའི་གྱོད་གཞིའི་ཕྱོགས་བསྡུས་འདྲི་གཅོད་ཁྲིམས་ར། སྲིད་འཛིན་ཁྲིམས་ར། འདྲི་གཅོད་ལྟ་ཞིབ་ཁྲིམས་ར། ལག་བསྟར་ཅུས།གཞུང་ལས་ཁང་། ཆབ་སྲིད་ཁྲུའུ། སྒྲིག་བཤེར་ལྟ་ཞིབ་ཁང་། ཁྲིམས་འཛིན་ལག་རྩལ་དང་ཆ་འཕྲིན་ཅན་གྱི་ཐག་གཅོད་ལྟེ་གནས། ཁྲིམས་ལུགས་ཉེན་རྟོག་རུ་ཆེན་བཅས་ཁྱོན་བསྡོམས་ནང་ཁུལ་དུ་བཙུགས་པའི་སྒྲིག་གཞི15དང་དེ་བཞིན་ཧུའུ་ཧྥང་དང་ཐང་ཧྲན། ལུའོ་ཅ་བཅས་མི་དམངས་ཁྲིམས་ར3བཙུགས་ཡོད།

3 ཁྲིམས་ཁང་འཛུགས་སྐྲུན།

ལོ་མང་བོའི་རིང་ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ཆིང་ཧྲན་ཧུའུ་ཆུས་མི་དམངས་ཁྲིམས་ཁང་གིས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་དྲང་གཞག་དྲང་བདེན་ཚོར་དུ་འཇུག་རྒྱུ་དམིགས་ཚད་དུ་བྱེད་པ་དང་། དམངས་ཀྱི་ཆེད་དུ་གཞུང་དྲང་ཁྲིམས་འཛིན་གཙོ་རྐང་དུ་བྱས་ནས་གསར་གཏོད་བྱ་རྒྱུ་བརྩོན་ལེན་བྱ་རྒྱུའི་དམ་བཅའ་བཞག་ཡོད་ཅིང་། ཁྲིམས་ཁང་འདིས་འདྲི་གཅོད་འགན་ནུས་ཁྱོན་ཡོངས་ནས་སྒྲུབ་པ་དང་སྤྱི་ཚོགས་ཀྱི་འགལ་ཟླ་ནུས་ཤུགས་ཡོད་རྒུས་སེལ་བའི་རྨང་གཞིའི་ཐོག་སྤྱི་ལོ2009ལོར་རྒྱལ་ཡོངས་སུ་བཟའ་ཚང་ཁ་བྲལ་གྱི་གྱོད་གཞིའི་རྒྱུ་ནོར་འདུན་ཞུའི་ལམ་ལུགས་ཐོག་མར་བཙུགས། སྤྱི་ལོ2010ལོར་རྒྱལ་ཡོངས་ཀྱི་སྡེ་ལས་རྩོད་གཞི་མྱུར་གཅོད་ཁྲིམས་ར་དང་པོ་བཙུགས། སྤྱི་ལོ2011ལོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གྲངས་ཉུང་མྱུར་གཅོད་ཚོད་ལྟའི་ཚན་པར་གཏན་འཁེལ་བྱས།

སྤྱི་ལོ2012ལོར་ཅང་ཞི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་དྲ་རྒྱའི་དབང་གནོད་གྱོད་གཞིའི་ཚོད་ལྟའི་ཚན་པར་གཏན་འཁེལ་བྱས།

སྤྱི་ལོ2013ལོར་སྤེལ་བའི་འདྲི་གཅོད་དོ་དམ་ཚད་ལྡན་ཅན་སོགས་ལས་དོན་མང་པོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཅང་ཞི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་དགའ་ཐོབ། ཁྲིམས་ཁང་གིས་ད་དུང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྱོན་ཡོངས་ལ་དམིགས་ཏེ་འདྲི་གཅོད་ཀྱི་འགན་འཁྲི་དེ་ཆིང་ཧུའུ་ཆུས་ཏང་ཨུ་དང་ཆིང་ཧྲན་ཧུའུ་ཆུས་སྲིད་གཞུང་གི་ལྟེ་བའི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས“ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཆུས་དང་ཞི་མཐུན་བདེ་སྐྱིད་ཀྱི་རི་ཆུ་ཀླུང་གསུམ”བསྐྲུན་ཆེད་ཁྲིམས་འཛིན་འགན་ལེན་ནུས་ལྡན་དང་སྤུས་ལེགས་ནུས་ཆེའི་ཁྲིམས་འཛིན་ཞབས་ཞུ་མཁོ་འདོན་བྱས་ཡོད།

4 གཟི་བརྗིད་མཚན་སྙན།

ཁྲིམས་ཁང་འདིའི་ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པས་ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ཆིང་ཧྲན་ཧུའུ་ཆུས་མི་དམངས་ཁྲིམས་ཁང་ལ་སྤྱི་ལོ2008ལོའི་ཟླ12པར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས“རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང”གི་གཟི་བརྗིད་མཚན་སྙན་སྤྲད།

སྤྱི་ལོ2011ལོའི་ཟླ6པར“རྒྱལ་ཡོངས་ཁྲིམས་ཁང་གི་ཏང་འཛུགས་སྐྱོང་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ།

སྤྱི་ལོ2014ལོར་ཞིང་ཆེན་རིམ་པའི“ན་གཞོན་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་ལས་གནས”སུ་བདམས་ཤིང་། ཉེས་དོན་འདྲི་གཅོད་ཁྲིམས་ར་དང་ཞིབ་འཇུག་ཁང་སོགས་སྡེ་ཚན་མང་པོ་ཞིག་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་སྔོན་ཐོན་མཉམ་སྡེབ་ལ་བདམས་པ་དང་། ཁྲིམས་དཔོན1ལ“གྲོང་ཁྱེར་ཡོངས་ཀྱི་མི་དམངས་བློ་ཡིད་ཚིམ་པའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི”མཚན་སྙན་ཐོབ།

སྤྱི་ལོ2020ལོའི་ཟླ4པར་ཅང་ཞི་ཞིང་ཆེན་དུས་བདེ་དང་ཅང་ཞི་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི“སྤྱི་ལོ2019ལོའི་ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་སྤྱི་དམངས་ཀྱི་བདེ་འཇགས་ཚོར་སེམས་བརྟག་དཔྱད་ཀྱི་སྔོན་ཐོན་སྲིད་ཁྲིམས་ཚན་པའི”གཟེངས་བསྟོད་ཐོབ།


དཔྱད་གཞིའི་ཡིག་ཆ།