ཞོན་ཁྲེང་གྲོང་ཁྱེར་ཞོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-01-22 15:37ལ་འགྲུབ།

ཞོན་ཁྲེང་གྲོང་ཁྱེར་ཞོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ།

ཞོན་ཁྲེང་གྲོང་ཁྱེར་ཞོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ།
ཞོན་ཁྲེང་གྲོང་ཁྱེར་ཞོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ་ནི་ཀྲུང་གུང་ཞོན་ཁྲེང་གྲོང་ཨུ་གཞུང་ལས་ཁང་གི《〈ཞོན་ཀྲོའུ་ཆུས་མི་དམངས་སྲིད་གཞུང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞི〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཞུང་ལས་ཁང་གི〔2009〕ཨང101པ)དང་། ཆུས་ཨུ་དང་ཆུས་སྲིད་གཞུང་གི《〈ཞོན་ཀྲོའུ་ཆུས་མི་དམངས་སྲིད་གཞུང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞི་ལག་བསྟར་བསམ་འཆར〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(ཞོན་ཆུས་སྤེལ〔2010〕ཨང10པ)ཡི་དགོངས་དོན་ལྟར་ཞོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ་བཙུགས་པ་དང། ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གཙོ་སྐྱོང་བྱེད་པའི་སྲིད་གཞུང་གི་ལས་དོན་སྡེ་ཁག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宣城市宣州区司法局
ཁོངས་གཏོགས།
སྲིད་གཞུང་སྡེ་ཁག
ནང་ཁུལ་སྒྲིག་གཞི།
གཞུང་ལས་ཁང་།
སྲིད་འཛིན་ཁོངས་གཏོགས།
ཞོན་ཁྲེང་གྲོང་ཁྱེར་ཞོན་ཀྲོའུ་ཆུས།
1 ​ངོ་སྤྲོད།

ཞོན་ཁྲེང་གྲོང་ཁྱེར་ཞོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ་ནི་ཀྲུང་གུང་ཞོན་ཁྲེང་གྲོང་ཨུ་གཞུང་ལས་ཁང་གི《〈ཞོན་ཀྲོའུ་ཆུས་མི་དམངས་སྲིད་གཞུང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞི〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཞུང་ལས་ཁང་གི〔2009〕ཨང101པ)དང་། ཆུས་ཨུ་དང་ཆུས་སྲིད་གཞུང་གི《〈ཞོན་ཀྲོའུ་ཆུས་མི་དམངས་སྲིད་གཞུང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞི་ལག་བསྟར་བསམ་འཆར〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(ཞོན་ཆུས་སྤེལ〔2010〕ཨང10པ)ཡི་དགོངས་དོན་ལྟར་ཞོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ་བཙུགས་པ་དང། ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གཙོ་སྐྱོང་བྱེད་པའི་སྲིད་གཞུང་གི་ལས་དོན་སྡེ་ཁག་ཅིག་ཡིན།

2 འགན་འཁྲི་གཙོ་བོ།

(གཅིག)ཞོན་ཁྲེང་གྲོང་ཁྱེར་ཞོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ་ཡིས་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་བྱེད་ཕྱོགས་དང་། སྲིད་ཇུས། བཅའ་ཁྲིམས། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དང་། ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་དུས་ཡུན་རིང་འབྲིང་གི་འཆར་འགོད་དང་ལོ་འཁོར་གྱི་ལས་ཀའི་འཆར་གཞི་བཟོ་རྒྱུ་མ་ཟད་སྒྲིག་འཛུགས་ལག་བསྟར་ཡང་བྱེད་དགོས།

(གཉིས)ཞོན་ཁྲེང་གྲོང་ཁྱེར་ཞོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ་ཡིས་ཆུས་ཡོངས་ཀྱི་ཁྲིམས་རྩོད་པ་དང་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་དོ་དམ་བྱེད་རྒྱུ་དང་། ཁྲིམས་རྩོད་པ་དང་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་སྒོར་ལྟ་སྐུལ་བྱེད་དགོས།

(གསུམ)ཞོན་ཁྲེང་གྲོང་ཁྱེར་ཞོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ་ཡིས་ཆུས་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་དོ་དམ་བྱེད་རྒྱུ། འབྲེལ་ཡོད་མི་སྣ་མངགས་ནས་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་སྒྲུབ་པར་འགན་འཁུར་དུ་འཇུག་དགོས།

(བཞི) ཞོན་ཁྲེང་གྲོང་ཁྱེར་ཞོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ་ཡིས་ཆུས་ཡོངས་ཀྱི་གཞི་རིམ་ཁྲིམས་འཛིན་སུའོ་འཛུགས་སྐྱོང་དང་། མི་དམངས་འདུམ་འགྲིག སྡེ་ཁུལ་ཡོ་བསྲང་། བཀོད་སྒྲིག་སློབ་གསོ། ཁྲིམས་འཛིན་ལས་རོགས་བཅས་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་དོ་དམ་བྱེད་དགོས།

(ལྔ)སྲིད་འཛིན་བསྐྱར་གྲོས་དང་ཞུ་ལན་སོགས་ཀྱི་ཁྲིམས་ལུགས་ལས་དོན་སྒྲུབ་འགན་འཁུར་དགོས།

(དྲུག)ཞོན་ཁྲེང་གྲོང་ཁྱེར་ཞོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ་ཡིས་ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་འཆར་གཞིའི་ནོར་དོན་དང་། གྱོན་ཆས། སྒྲིག་ཆས་སོགས་ཀྱི་ལས་དོན་ལ་དོ་དམ་དང་མཛུབ་ཁྲིད་བྱེད་དགོས།

(བདུན)ཞོན་ཁྲེང་གྲོང་ཁྱེར་ཞོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ་ཡིས་ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་དཔུང་ཁག་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ཀྱི་ལས་དོན་གྱི་འགན་འཁུར་དགོས།

3 ནང་ཁུལ་གྱི་སྒྲིག་གཞི།

ཞོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ་ནང་ཁུལ་དུ་སྒྲིག་གཞི་བདུན་བཙུགས་ཡོད་པ་སྟེ།

(གཅིག) ཞོན་ཁྲེང་གྲོང་ཁྱེར་ཞོན་ཀྲོའུ་ཁུལ་ཁྲིམས་འཛིན་ཅུའུ་གཞུང་ལས་ཁང་།

(གཉིས)ཞོན་ཁྲེང་གྲོང་ཁྱེར་ཞོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ་ཆབ་སྲིད་ལས་དོན་ཚན་ཁག

(གསུམ)ཞོན་ཁྲེང་གྲོང་ཁྱེར་ཞོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་ཚན་ཁག(ཆུས་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང)

(བཞི)ཞོན་ཁྲེང་གྲོང་ཁྱེར་ཞོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ་གཞི་རིམ་ཚན་ཁག

(ལྔ)ཞོན་ཁྲེང་གྲོང་ཁྱེར་ཞོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ་བཅའ་ཁྲིམས་ཞབས་ཞུ་དོ་དམ་ཚན་ཁག(སྲིད་འཛིན་ཞིབ་མཆན་ཚན་ཁག)

(དྲུག)  ཞོན་ཁྲེང་གྲོང་ཁྱེར་ཞོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ་སྡེ་ཁུལ་ཡོ་བསྲང་ལྟ་སྐུལ་དོ་དམ་ཚན་ཁག(ཆུས་སྡེ་ཁུལ་ཡོ་བསྲང་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང)

(བདུན)ཞོན་ཁྲེང་གྲོང་ཁྱེར་ཞོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས།


དཔྱད་གཞིའི་ཡིག་ཆ།