ཞི་ཧུའུ་ཆུས་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-01-20 09:18ལ་འགྲུབ།

ཞི་ཧུའུ་ཆུས་ཁྲིམས་འཛིན་ཅུའུ།

ཞི་ཧུའུ་ཆུས་ཁྲིམས་འཛིན་ཅུའུ།
ཧང་ཀྲོའུ་གྲོང་ཁྱེར་ཞི་ཧུའུ་ཆུས་ཁྲིམས་འཛིན་ཅུའུ་ནི་ཞི་ཧུའུ་ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་ལ་དོ་དམ་བྱེད་མཁན་གྱི་ཆུས་སྲིད་གཞུང་གི་ལས་དོན་ཚན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西湖区司法局
རྒྱབ་ཁབ།
ཀྲུང་གོ
ཁོངས་གཏོགས་སྡེ་ཁག
ཧང་ཀྲོའུ་གྲོང་ཁྱེར་ཞི་ཧུའུ་ཆུས་མི་དམངས་སྲིད་གཞུང་།
ཁོངས་གཏོགས་ས་ཁུལ།
ཧང་ཀྲོའུ་གྲོང་ཁྱེར།
འགོ་ཁྲིད།
ཁྲེན་ཅན་ཧྭ།
1 ལས་འགན་གཙོ་བོ།

གཅིག ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་ཁྲིམས་འཛིན་སྲིད་འཛིན་གྱི་བྱེད་ཕྱོགས་དང་སྲིད་ཇུས། བཅའ་ཁྲིམས། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལག་བསྟར་མཐར་ཕྱིན་པར་བྱ་རྒྱུ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་འབྲེལ་ཡོད་སྲིད་ཇུས་བཟོ་དགོས་ཤིང་། ཆུས་དེ་གའི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་དུས་ཡུན་རིང་བོ་དང་འབྲིང་གི་འཆར་འགོད་དང་། ལོ་འཁོར་གྱི་འཆར་གཞི་བཟོ་རྒྱུ་མ་ཟད། ལག་ཏུ་བསྟར་རྒྱུར་ལྟ་སྐུལ་ཡང་བྱེད་དགོས།

གཉིས། གཞི་རིམ་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་འཛུགས་སྐྲུན་དང་ལས་སྒོའི་ལས་ཀར་མཛུབ་ཁྲིད་བྱེད་དགོས།

གསུམ། ཆུས་འདི་གའི་སྡེ་ཁུལ་ཡོ་བསྲང་གི་ལས་ཀར་ཁྲིད་སྟོན་དང་དོ་དམ་བྱེད་དགོས།

བཞི། ཉེས་ཆད་གུ་ཡངས་དང་སློབ་གསོ་འགྲོལ་བར་ཁྲིད་སྟོན་དང་དོ་དམ་བྱེད་པའི་མི་སྣ་བཀོད་སྒྲིག་གི་ལས་ཀར་རོགས་རམ་དང་རམ་འདེགས་བྱེད་དགོས།

ལྔ། ཆུས་འདིའི་ཁྲིམས་རྩོད་པ་དང་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ་བྱེད་དགོས།

དྲུག ཆུས་འདིའི་བཅའ་ཁྲིམས་རོགས་སྐྱོར་གྱི་བྱ་བར་ལྟ་སྐུལ་དང་དོ་དམ་བྱ་རྒྱུ་དང་། ཆུས་འདིའི“12348”བཅའ་ཁྲིམས་ཞབས་ཞུའི་ལས་དོན་ལ་མཛུབ་ཁྲིད་དང་མཐུན་སྦྱོར་བྱེད་དགོས།

བདུན། ཆུས་འདིའི་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་དཔུང་ཁག་འཛུགས་སྐྱོང་དང་། གཞི་རིམ་གྱི་ཏང་འཛུགས་སྐྱོང་། བསམ་བློ་དང་ཆབ་སྲིད་བཅས་ཀྱི་ལས་ཀར་ཁྲིད་སྟོན་དང་དོ་དམ་བྱེད་དགོས།

བརྒྱད། ཆུས་སྲིད་གཞུང་གིས་སྤྲད་པའི་ལས་དོན་གཞན་དག་བསྒྲུབ་དགོས། 

2 འགོ་ཁྲིད།

ཧང་ཀྲོའུ་གྲོང་ཁྱེར་ཞི་ཧུའུ་ཆུས་ཁྲིམས་འཛིན་ཅུའུ་ཀྱི་ཅུའུ་ཀྲང་།  ཁྲེན་ཅན་ཧྭ།


དཔྱད་གཞིའི་ཡིག་ཆ།