ཞི་ཧུའུ་ཆུས་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-01-20 16:50ལ་འགྲུབ།

ཞི་ཧུའུ་ཆུས་མི་དམངས་ཁྲིམས་ཁང་།

ཞི་ཧུའུ་ཆུས་མི་དམངས་ཁྲིམས་ཁང་།
ཞི་ཧུའུ་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1955ལོའི་ཟླ7པའི་ཚེས1ཉིན་བཙུགས། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་ད་ལྟ་ཞི་ཧུའུ་ཆུས་ཝུན་ཨེར་ནུབ་ལམ་གྱི་ཨང9པར་གནས་ཡོད། སློབ་གླིང་འདིར་མི150ཡོད་པ་དང་དངོས་སུ་སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ནང་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ཀྱིས་སྤྱིའི་མི་གྲངས་ཀྱིས56%ཟིན་ལ། དེའི་ནང་རབ་འབྱམས་པ25ཡོད་པ་དེས་སྤྱིའི་མི་གྲངས་ཀྱི16.7%ཟིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西湖区人民法院
རྒྱབ་ཁབ།
ཀྲུང་གོ
འགོ་ཁྲིད།
གླིང་གཙོ། ཁྲང་ཅན་ཧྥེ།
བཙུགས་ལོ།
སྤྱི་ལོ1955ལོ།
གནས་ཡུལ།
ཞི་ཧུའུ་ཆུས་ཝུན་ཨེར་ནུབ་ལམ་གྱི་ཨང9བ།
སྦྲག་སྲིད་ཨང་རྟགས།
310000
1 ལས་ཁུངས་སྒྲིག་འཛུགས།

ཞི་ཧུའུ་ཆུས་མི་དམངས་ཁྲིམས་ཁང་དུ་ད་ལྟ་གྱོད་དོན་ཐོ་འགོད་ཁང་དང་། ཞུ་གཏུག་དང་ལེགས་སྒྲིག་ལས་སྒྲུབ་ཁང་། གཏུག་བཤེར་ཞབས་ཞུ་ལས་སྒྲུབ་ཁང་། ཉེས་དོན་འདྲི་གཅོད་ཁྲིམས་ར། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། དམངས་དོན་འདྲི་གཅོད་ཁྲིམས་ར་གསུམ་པ། དམངས་དོན་འདྲི་གཅོད་ཁྲིམས་ར་གསུམ་པ། སྲིད་འཛིན་ཁྲིམས་ར། ཤེས་བྱའི་ཐོན་དབང་འདྲི་གཅོད་ཁྲིམས་ར། ཕྱི་འབྲེལ་དམངས་དོན་ཚོང་དོན་འདྲི་གཅོད་ཁྲིམས་ར། འདྲི་གཅོད་ལྟ་སྐུལ་ཁྲིམས་ར། ལག་བསྟར་ཅུའུ། གཞུང་དོན་ཁང་། ཆབ་སྲིད་ཁྲུའུ། ལྟ་ཞིབ་ཁང་། ཁྲིམས་འཛིན་ཉེན་རྟོག་རུ་ཆེན། ཁྲིམས་འཛིན་འགན་སྲུང་ཞབས་ཞུ་ལྟེ་གནས། ཁྲིམས་འཛིན་འགན་སྲུང་ཞབས་ཞུ་ལྟེ་གནས་བཅས་ཁྱོན་བསྡོམས་སྡེ་ཚན23ཡོད།

2 ཁྲིམས་ཁང་འཛུགས་སྐྲུན།

ཉེ་བའི་ལོ་ཤས་རིང་ཞི་ཧུའུ་ཆུས་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་བདག་སྤྲོད་བྱེད་ཚད་ལོ་རེ་བཞིན་མང་དུ་སོང་བ་མ་ཟད། གྱོད་གཞིའི་དཀའ་གནད་ཟམ་མི་ཆད་པར་ཆེ་རུ་སོང་ཞིང་། འཐབ་ཕྱོགས་དང་པོའི་ཁྲིམས་དཔོན་མི་རེའི་ཆ་སྙོམས་གྱོད་གཞི250ཐག་གཅོད་བྱས་པ་དེ་ནི་རྒྱལ་ཡོངས་ཀྱི་ཆ་སྙོམས་གྲངས་འབོར་གྱི་ལྡབ3ཙམ་ཟིན་ཡོད།

མི་དམངས་ཁྲིམས་ཁང་གིས་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ལོ2013ལོའི་ཟླ4པར་གཏུག་བཤེར་ཞབས་ཞུའི་ལྟེ་གནས་བཙུགས་ནས“གཅིག་འཐུས་རྣམ་པའི”ཕྱོགས་བསྡུས་རང་བཞིན་གྱི་གཏུག་བཤེར་ཞབས་ཞུའི་ལས་སྟེགས་ཧུར་ཐག་སྒོས་བཏོད། མང་ཚོགས་ཀྱིས་གཏུག་བཤེར་བྱེད་པར་སྟབས་བདེ་གང་ཐུབ་བྱས་པས་མང་ཚོགས་ལ་བྱ་བ་སྒྲུབ་སླ་བ་བཅས་ཀྱི་ཕན་འབྲས་ཐོབ།

3 གཟི་བརྗིད་མཚན་སྙན།

ཀྲེ་ཅང་ཞིང་ཆེན་གྱི“ན་གཞོན་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་ལས་གནས”ཁག་ལྔ་པ་དང“ཞིང་ཆེན་ཡོངས་སུ་ཐོ་འགོད་བྱས་པའི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”(སྤྱི་ལོ2013ལོ)“ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་འདྲི་གཅོད་ལྟ་སྐུལ་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”(སྤྱི་ལོ2013ལོ)“ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་སོགས་ཞིང་ཆེན་རིམ་པའི་མཉམ་སྡེབ་མཚན་སྙན་ཁག20ལྷག་ཙམ་གྱི་གཟི་བརྗིད་མཚན་སྙན་ཐོབ་ཅིང་།  སྤྱི་ལོ2019ལོའི་ཟླ1པོར་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང་གི་མཚན་སྙན་ཐོབ། སྤྱི་ལོ2020ལོའི་ཟླ1པོའི་ཚེས15ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས“རྒྱལ་ཡོངས་དཔེ་བཟང་ཁྲིམས་ཁང”གི་མཚན་སྙན་སྤྲད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཞི་ཧུའུ་ཆུས། མི་དམངས་ཁྲིམས་ཁང་།