ཏུང་ཧུའུ་ཆུས་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-01-20 16:55ལ་འགྲུབ།

ཏུང་ཧུའུ་ཆུས་མི་དམངས་ཁྲིམས་ཁང་།

ཏུང་ཧུའུ་ཆུས་མི་དམངས་ཁྲིམས་ཁང་།
ནན་ཁྲང་གྲོང་ཁྱེར་ཏུང་ཧུའུ་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1957ལོའི་ཟླ7པར་བཙུགས། སྤྱི་ལོ1980ལོའི་ཟླ6པར་ཧྲིན་ལི་ཆུས་མི་དམངས་ཁྲིམས་ཁང་ནི་ཏུང་ཧུའུ་ཆུས་མི་དམངས་ཁྲིམས་ཁང་དང་ཟླ་སྒྲིལ་བཏང་། ཁྲིམས་ཁང་གིས་གཞུང་ལས་ཐོག་ཁང་ད་ལྟ་ནན་ཁྲང་གྲོང་ཁྱེར་ཡན་ཅང་བྱང་རྒྱུད་ཀྱི་ལམ་ཆེན་ཨང1133པར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南昌市东湖区人民法院
རྒྱབ་ཁབ།
ཀྲུང་གོ
གནས་ཡུལ།
ནན་ཁྲང་གྲོང་ཁྱེར་ཡན་ཅང་བྱང་རྒྱུད་ཀྱི་ལམ་ཆེན་ཨང1133པ།
བཙུགས་ལོ།
སྤྱི་ལོ1957ལོ།
1 ངོ་སྤྲོད་མདོར་བསྡུས།

སློབ་གླིང་འདིར་མི་སྣ113ཡོད་པ་དང་དངོས་སུ་སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ནང་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ཀྱིས་སྤྱིའི་མི་གྲངས་ཀྱི94.69%བཟུང་བ་དེའི་ནང་རབ་འབྱམས་པའི་སློབ་མ19ཡོད་པ་དེས་སྤྱིའི་མི་གྲངས་ཀྱི16.81%བཟུང་ཡོད།

ཏུང་ཧུའུ་ཆུས་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་མངའ་ཁོངས་སུ་ཏུང་ཧུའུ་ཆུས་དང་ཧུང་ཀུའུ་ཐན་ཆུས་གསར། ཧུང་ཅའོ་ཀྲོའུ་ཆུས་གསར་བཅས་ཡོད་པ་དང་། ཏུང་ཧུའུ་ཆུས་ནི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྲིད་འཛིན་ལས་ཁུངས་གཅིག་སྡུད་དང་དངུལ་རྩའི་ཚོང་པ་མང་པོ་འདུས་པའི་ཆབ་སྲིད་དང་།དཔལ་འབྱོར།རིག་གནས་བཅས་ཀྱི་ལྟེ་གནས་ཡིན།

2 ལས་ཁུངས་སྒྲིག་འཛུགས།

ཏུང་ཧུའུ་ཆུས་མི་དམངས་ཁྲིམས་ཁང་དུ་ད་ལྟ་གྱོད་དོན་ཐོ་འགོད་ཁང་དང་ཉེས་དོན་འདྲི་གཅོད་ཁྲིམས་ར། ན་ཆུང་འདྲི་གཅོད་ཁྲིམས་ར། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། དམངས་དོན་འདྲི་གཅོད་ཁྲིམས་ར་གསུམ་པ། དྲ་བའི་དོན་དག་འདྲི་གཅོད་ཁྲིམས་ར། སྲིད་འཛིན་འདྲི་གཅོད་ཁྲིམས་ར། ལག་བསྟར་ཅུའུ། གཞུང་ལས་ཁང་། ཆབ་སྲིད་ཁྲུའུ། ཞིབ་འཇུག་ཁང་། འདྲི་གཅོད་དོ་དམ་གཞུང་ལས་ཁང་། འདྲི་གཅོད་ལྟ་སྐུལ་ཐིང་། ཁྲིམས་འཛིན་ཉེན་རྟོག་རུ་ཁག ཁྲིམས་འཛིན་ལག་རྩལ་ཁང་། སྲིད་འཛིན་སྒྲིག་ཆས་དོན་གཅོད་ཁང་། ཧུང་ཀུའུ་ཐན་མི་དམངས་ཁྲིམས་ར། ཧུང་ཅའོ་ཀྲོའུ་མི་དམངས་ཁྲིམས་ར། སྒྲིག་བཤེར་ལྟ་ཞིབ་ཁང་བཅས་ཁྱོན་སྒྲིག་གཞི20ལྷག་ཡོད།

3 ཁྲིམས་ཁང་གི་འཛུགས་སྐྲུན།

ཉེ་བའི་ལོ་ཤས་རིང་ཏུང་ཧུའུ་ཆུས་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་ཐོ་འགོད་བྱེད་ཚད་ལོ་རེ་བཞིན་མང་དུ་སོང་བ་དང་སྤྱི་ལོ2013ལོར་གྱོད་གཞི5000ལྷག་ཙམ་ཐག་གཅོད་བྱས་ཤིང་། ཏུང་ཧུའུ་ཆུས་མི་དམངས་ཁྲིམས་ཁང་གིས“མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་དྲང་གཞག་དྲང་བདེན་ཚོར་ཐུབ་པ་བྱེད་དགོས”ཞེས་པའི་དམིགས་ཚད་དམ་དུ་བཟུང་ནས་དམངས་ཆེད་ཁྲིམས་འཛིན་གཞུང་དྲང་གི་གཙོ་རྐང་དེ་སྟངས་འཛིན་ནན་པོ་བྱས་པས་ལས་དོན་ཁག་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་སྤྱི་ཚོགས་ལས་རིགས་ཁག་གི་ཁས་ལེན་དང་གདེང་འཇོག་བཟང་པོ་ཐོབ་པ་དང《མི་དམངས་ཁྲིམས་ཁང་ཚགས་པར》དང《ཁྲིམས་ལུགས་ཉིན་རེའི་ཚགས་པར》སོགས་སྨྱན་སྦྱོར་ཚན་པས་དོ་ཁུར་དང་གནས་ཚུལ་སྤེལ་བར་གཞིགས་ན། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་པའི་ཐད་ཏུང་ཧུའུ་ཆུས་མི་དམངས་ཁྲིམས་ཁང་གིས་རྒྱུན་ཆད་མེད་པར་དམངས་ཕན་བྱེད་ཐབས་གསར་གཏོད་དང་འཐུས་ཚང་དུ་བཏང་། སྤྱི་ལོ2010ལོར་འགྲིམ་འགྲུལ་མྱུར་གཅོད་སྐོར་སྐྱོད་ཁྲིམས་ར་བཙུགས་པ་དང་། མཐུན་སྦྱོར་གསུམ་གྱི་མཉམ་འགུལ་བྱ་ཐབས་བརྒྱུད་འགྲིམ་འགྲུལ་ལས་འཛོལ་གྱོད་གཞི70%འདུམ་འགྲིག་ཐག་གཅོད་བྱས། སྤྱི་ལོ2011ལོར་འགྲིམ་འགྲུལ་མྱུར་གཅོད་སྐོར་སྐྱོད་ཁྲིམས་ར་དེ་ནན་ཁྲང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས“སྔོན་ཐོན་མི་དམངས་འདུམ་འགྲིག་ཨུ་ལྷན”གྱི་མཚན་སྙན་སྤྲད། སྤྱི་ལོ2011ལོར་སྨན་ཁང་དང་ནད་པའི་རྩོད་གཞི་སྐོར་སྐྱོད་ཁྲིམས་ར་བཙུགས་ནས་ནན་ཁྲང་གྲོང་ཁྱེར་གྱི་སྨན་བཅོས་ལེགས་སྒྲིག་ལྟེ་གནས་སུ་བཅའ་སྡོད་བྱས་ནས“སྔ་སྣུར་དུ་ཐེ་ཇུས་དང་། ཡོངས་བསྒྲགས་གསལ་འབྱེད། གཏུག་བཤེར་ལེགས་སྒྲིག་ཟུང་འབྲེལ”བཅས་ཀྱི་བྱེད་ཐབས་བརྒྱུད་སྨན་ཁང་དང་ནད་པའི་རྩོད་གཞི་འབོར་ཆེན་བསལ་ནས་སྔ་རྗེས་སུ་ཅང་ཞི་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ནན་ཁྲང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཝུན་ཐའོ་དང་ཅང་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆིང་ཝུའེ་ཡིས་ཁས་ལེན་གང་ལེགས་ཐོབ།

4 གཟི་བརྗིད་མཚན་སྙན།

ཉེ་བའི་ལོ་ཤས་རིང་ལས་སྒྲུབ་གྲུབ་འབྲས་མངོན་གསལ་དོད་པས་ཏུང་ཧུའུ་ཆུས་མི་དམངས་ཁྲིམས་ཁང་གིས “ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང”དང“ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་རིག་གནས་འཛུགས་སྐྱོང་དཔེ་སྟོན་སྡེ་ཚན”“ཡིག་ཚགས་ལས་དོན་ཚད་ལྡན་ཅན་དོ་དམ་ཞིང་ཆེན་གྱི་དམིགས་བསལ་རིམ་པའི་སྡེ་ཚན།” “རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྔོན་ཐོན་ཐུན་མོང”སོགས་ཀྱི་མཚན་སྙན་ཐོབ་པ་མ་ཟད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས“རྒྱལ་ཡོངས་ཀྱི་ཁྲིམས་དཔོན་གསོ་སྦྱོང་བྱ་ཡུལ་གྱི་སློབ་ཁྲིད་རྟེན་གཞི”དང“རྒྱལ་ཡོངས་ཀྱི་ཁྲིམས་འཛིན་ཡོངས་བསྒྲགས་དཔེ་སྟོན་ཁྲིམས་ཁང”ཏུ་གཏན་འཁེལ་བྱས།


དཔྱད་གཞིའི་ཡིག་ཆ།