ནན་ཁྲང་གྲོང་ཁྱེར་སྤྱི་བདེ་ཅུའུ།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-01-20 16:52ལ་འགྲུབ།

ནན་ཁྲང་གྲོང་ཁྱེར་སྤྱི་བདེ་ཅུའུ།

ནན་ཁྲང་གྲོང་ཁྱེར་སྤྱི་བདེ་ཅུའུ།
ནན་ཁྲང་གྲོང་ཁྱེར་སྤྱི་བདེ་ཅུའུ་ནི་ནན་ཁྲང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་མངའ་འོག་ཏུ་ཡོད་པའི་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ལས་དོན་གཙོ་གཉེར་བྱེད་པའི་འགན་ནུས་སྡེ་ཚན་ཞིག་ཡིན་ཞིང་། གྲོང་ཁྱེར་སྲིད་གཞུང་དང་ཅང་ཞི་ཞིང་ཆེན་སྤྱི་བདེ་ཐིང་གི་འགོ་ཁྲིད་ཉིས་བརྩེགས་དང་ལེན་བྱེད་ཀྱིན་ཡོད། ས་ཁུལ་སོ་སོར་སྤྱི་བདེ་ཡན་ལག་ཅུའུ་བཙུགས་ཡོད་པ་དང་།སྲང་ལམ་སོ་སོར་མངགས་གཏོང་ཁང་ཡང་བཙུགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南昌市公安局
ཕྱི་ཡིག་གི་མིང་།
NanChang Public Security Bureau
རྒྱབ་ཁབ།
ཀྲུང་གོ
གཙོ་གཉེར་སྡེ་ཁག
ནན་ཁྲང་གྲོང་ཁྱེར་མི་དམངས་སྲིད་གཞུང་།
གནས་ཡུལ།
ནན་ཁྲང་གྲོང་ཁྱེར་ཧྥིན་ཧོང་དཀྱིལ་ལམ་ཆེན་མོའི་ཨང1866པ།
1 ངོ་སྤྲོད་མདོར་བསྡུས།

ནན་ཁྲང་གྲོང་ཁྱེར་སྤྱི་བདེ་ཅུའུ་ནི་རྫོང་རིམ་པའི་ལས་ཁུངས་གཙོ་བོ་ཞིག་ཡིན་ཞིང་། གྲོང་ཁྱེར་ཅུའུ་ཡི་ལས་ཁུངས་ལ་འགན་ནུས་སྡེ་ཁག15བཙུགས་ཡོད། ཐད་གཏོགས་ཡན་ལག་རུ་ཁག19དང་།  མངག་གཏོང་ལས་ཁུངས13 མངགས་གཏོང་ཁང142བཅས་ཡོད།

སྤྱི་ལོ2015ལོའི་ཟླ5བའི་བར་གྲོང་ཁྱེར་གྱི་ཡོངས་སུ་སྒྲིག་ཁོངས་སུ་ཡོད་པའི་ལས་གནས་ཐོག་ཡོད་པའི་མི་དམངས་ཉེན་རྟོག་པ8094ཡོད་པའི་ནང་གྲོང་ཁུལ་གྱི་མི་དམངས་ཉེན་རྟོག་པ6150དང་རྫོང་བཞི་བའི་མི་དམངས་ཉེན་རྟོག་པ1944ཡོད་ལ། གྲོང་ཁྱེར་ཡོངས་ཀྱི་ཉེན་རྟོག་པས་སྤྱིའི་མི་འབོར་གྱི་ཁྲི་ཆའི16ཙམ་ཟིན། 

2 སྒྲིག་གཞིའི་འགན་ནུས།

གཅིག སྤྱི་བདེའི་ལས་ཀའི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དང་། འབྲེལ་ཡོད་ས་གནས་རང་བཞིན་ལྡན་པའི་ཁྲིམས་སྲོལ་མ་ཟིན་འབྲི་འགོད། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་སྲུང་སྐྱོབ་ལས་ཀ་སྒྲིག་འཛུགས་དང་ལག་བསྟར་བཅས་བྱེད་དགོས།

གཉིས། གྲོང་ཁྱེར་ཡོངས་ཀྱི་སྲིད་ཇུས་བརྟན་གནས་ཡོང་བར་གནོད་ཅིང་རྒྱལ་ནང་གི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བདེ་དོན་ལ་གནོད་འཚེ་གཏོང་བའི་གནས་ཚུལ་ཁོང་དུ་ཆུད་པ་བྱེད་དགོས།

གསུམ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྔོན་འགོག་དང་བཀག་འགོག མྱུལ་ཞིབ་བཅས་བྱེད་པ་དང་། བདེ་འཇགས་ཀྱི་དོན་རྐྱེན་དང་ཟིང་སློང་།རྔམ་སྟོན་བཅས་ཀྱི་བྱེད་སྒོ་ཐག་གཅོད་བྱ་རྒྱུ། དམིགས་བསལ་ལས་རིགས་དང་ཉེན་ཆེའི་དངོས་རྫས་ལ་དོ་དམ་བཅས་བྱེད་དགོས།

བཞི། འགྲིམ་འགྲུལ་གྱི་བདེ་འཇགས་དང་འགྲིམ་འགྲུལ་གྱི་སྒྲིག་ལམ་སྲུང་སྐྱོང་དང་།འགྲིམ་འགྲུལ་གྱི་བྱུར་རྐྱེན་ཐག་གཅོད་བྱ་རྒྱུ།

ལྔ། མེ་གསོད་སྔོན་འགོག་གི་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱས་ཏེ་མེ་གསོད་མེ་འགོག་ལ་ལྟ་སྐུལ་བྱེད་པ།

དྲུག ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་གལ་ཆེན་རྣམས་ཀྱི་བདེ་འཇགས་སྐུ་སྲུང་གི་ལས་ཀ་བྱེད་རྒྱུའི་འགན་འཁུར་བ།

བདུན། སྤྱི་པའི་བརྡ་འཕྲིན་དྲ་བའི་བདེ་འཇགས་ལ་ལྟ་ཞིབ་བྱེད་པའི་འགན་འཁུར་བ།

3 སྡེ་ཁག་སྒྲིག་འཛུགས།
3_1 ནང་ཁུལ་སྒྲིག་གཞི།

སྒྲིག་གཞི་འདིར་བཀོད་འདོམས་ལྟེ་གནས་དང་མི་དོན་ཁྲུའུ། ཕྱོགས་བསྡུས་ཁྲུའུ། རྒྱུ་ནོར་འཆར་འགོད་ཁྲུའུ། རྩིས་བཤེར་ཁྲུའུ། ཐེམ་ཐོ་དོ་དམ་ཁྲུའུ། རྒྱལ་མཚམས་འགྲོ་འོང་དོ་དམ་ཁྲུའུ། སྐུ་སྲུང་ཁྲུའུ། རྒྱབ་ཕྱོགས་མཁོ་སྒྲུབ་སྒྲིག་ཆས་ཁྲུའུ། ཁྲིམས་ལུགས་ཁྲུའུ། སྦྱོང་བརྡར་ཁྲུའུ། འཕྲིན་གཏོང་ཁྲུའུ། བདེ་སྲུང་ཡན་ལག་རུ་ཁག་བཅས་བཙུགས་ཡོད།

3_2 ཐད་གཏོགས་ལས་ཁུངས།

ལས་ཁུངས་འདིར་ནན་ཁྲང་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཅུའུ་དང་། ནན་ཁྲང་གྲོང་ཁྱེར་སྤྱི་བདེ་ཅུའུ། ས་འོག་ལྕགས་ལམ་ཡན་ལག་ཅུའུ། ནན་ཁྲང་གྲོང་ཁྱེར་སྤྱི་བདེ་ཅུའུ། ཆུ་ཐོག་ཡན་ལག་ཅུའུ།ནན་ཁྲང་གྲོང་ཁྱེར་མི་དམངས་ཉེན་རྟོག་སློབ་གྲྭ། ཏུང་ཧུའུ་ཆུས་ཡན་ལག་ཅུའུ། ཞི་ཧུའུ་ཆུས་ཡན་ལག་ཅུའུ། ཆི་ཀང་ཡན་ལག་ཅུའུ་བཅས་བཙུགས་ཡོད།

4 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ཟླ12པའི་ཚེས18ཉིན་ཀྲུང་གུང་ནན་ཁྲང་གྲོང་ཁྱེར་ཏང་ཨུ་དང་ནན་ཁྲང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྤྲད་པའི“ནན་ཁྲང་གྲོང་ཁྱེར་གྱི་སྐབས་བཅུ་བདུན་པའི་ཤེས་དཔལ་ཚན་པའི”གཟི་བརྗིད་མཚན་སྙན་ཐོབ།


དཔྱད་གཞིའི་ཡིག་ཆ།