ཅང་ཞི་ཞིང་ཆེན་ཁྲིམས་འཛིན་ཐིང་།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-01-20 16:54ལ་འགྲུབ།

ཅང་ཞི་ཞིང་ཆེན་ཁྲིམས་འཛིན་ཐིང་།

ཅང་ཞི་ཞིང་ཆེན་ཁྲིམས་འཛིན་ཐིང་།
《ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་འཆར་གཞིའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོ》(ཀྲུང་དབྱང་ཨུ་ཡོན(སྤྱི་ལོ2000ལོ)ཨང73པ)དང《ཀྲུང་གུང་ཅང་ཞི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི〈ཞིང་ཆེན་མི་དམངས་སྲིད་གཞུང་གི་སྒྲིག་གཞི་བསྒྱུར་བཅོས་ལག་བསྟར་བྱ་རྒྱུའི་ ཇུས་གཞི〉དཔར་འགྲེམ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་གི་བརྡ་ཐོ》ལ་གཞིགས་ནས། ཅང་ཞི་ཞིང་ཆེན་གྱི་ཁྲིམས་འཛིན་ཐིང་སོར་འཇོག་བྱས་ཤིང་ཅང་ཞི་ཞིང་ཆེན་ཁྲིམས་འཛིན་ཐིང་ནི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གཙོ་སྐྱོང་བྱེད་མཁན་ཏེ་ཞིང་ཆེན་མི་དམངས་སྲིད་གཞུང་གྲུབ་པའི་སྡེ་ཁག་ཅིག་ཡིན། སྤྱི་ལོ2018ལོའི་ཟླ10པར་ཅང་ཞི་ཞིང་ཆེན་ཁྲིམས་འཛིན་ཐིང་བསྐྱར་དུ་བཙུགས། ཅང་ཞི་ཞིང་ཆེན་ཁྲིམས་འཛིན་ཐིང་དང་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་ཁྲིམས་ལུགས་གཞུང་དོན་ཁང་གི་འགན་འཁྲི་བསྡུ་སྒྲིལ་བྱས་ཏེ་ཅང་ཞི་ཞིང་ཆེན་ཁྲིམས་འཛིན་ཐིང་བསྐྱར་དུ་བཙུགས་ནས་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གྲུབ་ཆའི་སྡེ་ཚན་དུ་བརྩིས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江西省司法厅
རྒྱབ་ཁབ།
ཀྲུང་གོ
ཁོངས་གཏོགས་ས་ཁུལ།
ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་།
རྣམ་པ།
སྲིད་གཞུང་ལས་ཁུངས།
1 ནང་བཙུགས་ལས་ཁུངས།
1_1 གཞུང་ལས་ཁང་།

ཚན་ཁག་འདིས་རིག་རྩལ་དང་གློག་འཕྲིན། ཚོགས་དོན། གསང་གནད། ཡིག་ཚགས། ཕྱོགས་བསྡུས་མཐུན་སྦྱོར། ལྟ་སྐུལ་ཞིབ་བཤེར་དང་སྒྲུབ་གཉེར་སོགས་ལས་ཁུངས་ཀྱི་ཉིན་རྒྱུན་གྱི་བྱ་བ་སྒྲུབ་པའི་འགན་འཁུར་ནས། ཆ་འཕྲིན་དང་བདེ་འཇགས། གསང་སྲུང་། ཡིག་སྐུར་ངོ་གཏུག སྲིད་དོན་ཡོངས་བསྒྲགས་སོགས་ཀྱི་ལས་ཀ་སྒྲུབ་པའི་འགན་འཁུར་ཡོད།  

1_2 མི་དོན་ཉེན་རྟོག་ཁྲུའུ།

ཚན་ཁག་འདིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཉེན་དོན་ལྟ་ཞིབ་ལས་དོན་ལ་འགན་འཁུར་ནས། གཞོགས་འདེགས་དོ་དམ་ལས་བྱེད་པར་དཔྱད་ཞིབ་བྱེད་པ་མ་ཟད་བསྐོ་འཐེན་དང་བསམ་འཆར་བརྗེ་རེས་ཀྱང་བྱེད་དགོས། 

1_3 དྲིལ་བསྒྲགས་གསོ་སྦྱོང་ཁྲུའུ།

ཚན་ཁག་འདིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་དྲིལ་བསྒྲགས་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ་བྱ་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་མཛུབ་སྟོན་བྱེད་དགོས། 

1_4 ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་ཁྲུའུ།

ཚན་ཁག་འདིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོ་འཆར་འགོད་བཟོ་རྒྱུ་མ་ཟད་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུ་དང་། ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་ཀར་ཁྲིད་སྟོན་དང་ཞིབ་བཤེར་བྱེད་དགོས། 

1_5 ཁྲིམས་རོགས་ལས་དོན་ཁྲུའུ།

ཚན་ཁག་འདིས་ཁྲིམས་རོགས་པའི་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བཅས་ལག་ཏུ་བསྟར་བའི་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ་བྱ་རྒྱུ་དང་། ཕྱི་རྒྱལ་དང་ཞང་ཀང་། ཨའོ་མོན་གྱི་ཁྲིམས་རྩོད་པའི་ལས་གཉེར་ཁང་གི་ཅང་ཞི་རུ་བཅའ་སྡོད་བྱེད་པའི་དོན་གཅོད་སྒྲིག་གཞིར་ལྟ་སྐུལ་དང་དོ་དམ། མཐུན་སྦྱོར་བཅས་བྱེད་དགོས།   

1_6 འདུམ་འགྲིག་བྱ་བའི་ཁྲུའུ།

ཚན་ཁག་འདིས་གཞི་རིམ་གྱི་ཁྲིམས་འཛིན་སུའོ་དང་མི་དམངས་འདུམ་འགྲིག གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ནས། མི་དམངས་ཁྲིམས་ཁང་དང་མཉམ་དུ་མི་དམངས་འདྲི་གཅོད་ལས་རོགས་པའི་ལས་ཀར་སློབ་སྟོན་བྱེད་དགོས། 

1_7 ཁྲིམས་འཛིན་གསལ་འབྱེད་དོ་དམ་ཅུའུ། 

ཚན་ཁག་འདིས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་གསལ་འབྱེད་དོ་དམ་གྱི་གཏན་འབེབས་དང་ལག་རྩལ་ཚད་གཞི་ལག་བསྟར་བྱེད་པར་སྒྲིག་འཛུགས་བྱེད་དགོས།

1_8 ཁྲིམས་ལུགས་ཁྲུའུ།

ཚན་ཁག་འདིས་འབྲེལ་ཡོད་ཁྲིམས་འཛིན་སྲིད་འཛིན་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་གྱི་འཆར་ཟིན། སྲིད་ཇུས་བཅས་བཟོ་འགོད་སྒྲིག་འཛུགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་ཁྲིམས་འཛིན་ལྟ་སྐུལ་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས། 

2 འགན་ནུས་ལེགས་སྒྲིག
2_1 གཅིག ཟུར་བཅད་ཀྱི་འགན་ནུས། 

1.ཁྲིམས་རོགས་པའི་ལས་སྒོ་གསོ་སྦྱོང་དང་ཕྱི་ཕྱོགས་དང་བརྗེ་རེས་བྱེད་པ་སོགས་ཀྱི་འགན་ནུས་ཞིང་ཆེན་ཁྲིམས་རོགས་པའི་མཐུན་ཚོགས་ལ་སྤྲོད་པ། 

2.གཞུང་དཔང་བའི་ལས་སྒོའི་སྦྱོང་བརྡར་དང་ལས་སྒོ་བརྗེ་རེས། མཉམ་འབྲེལ་སོགས་ཀྱི་འགན་ནུས་ཞིང་ཆེན་གཞུང་དཔང་བའི་མཐུན་ཚོགས་ལ་སྤྲོད་དགོས། 

2_2 གཉིས། འཕར་སྣོན་བྱུང་བའི་འགན་ནུས། 

1.སྤྱི་ཚོགས་ཞབས་ཞུའི་ཕྱོགས་ལ་ཁ་ཕྱོགས་པའི་ཁྲིམས་འཛིན་གསལ་འབྱེད་བྱ་བར་ལྟ་སྐུལ་དང་མཛུབ་སྟོན་བྱེད་དགོས། 

2.ཞིང་ཆེན་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་བྱ་བར་དོ་དམ་དང་ལྟ་སྐུལ། མཛུབ་སྟོན་བཅས་བྱེད་དགོས། 

3 ལས་འགན་གཙོ་བོ། 

གཅིག རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་། ས་གནས་ཀྱི་རང་བཞིན་ལྡན་པའི་འབྲེལ་ཡོད་ཁྲིམས་སྲོལ་གྱི་འཆར་ཟིན་འགོད་པའི་ལས་ཀར་ཞུགས་པ། སྒྲིག་སྲོལ་གྱི་འཆར་ཟིན་འགོད་པ། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་སྲིད་ཇུས་གཏན་འབེབས་བྱེད་དགོས་པ་བཅས་སོ།། 

གཉིས། ཞིང་ཆེན་ཡོངས་ཀྱི་བཙོན་ཁང་གི་ལས་དོན་ལ་དོ་དམ་དང་།ལྟ་སྐུལ། ཛུབ་ཁྲིད་བཅས་བྱེད་དགོས་པ་མ་ཟད་དེ་མཚུངས་ཀྱི་འགན་འཁྲི་འཁུར་དགོས། 

གསུམ། ཞིང་ཆེན་ཡོངས་ཀྱི་བཙན་ཐབས་ཀྱིས་ལོགས་བཀར་དུག་གཅོད་དང་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་དུག་གཅོད་ས་གནས་ཀྱི་བྱ་བར་དོ་དམ་དང་ལྟ་སྐུལ། མཛུབ་སྟོན་བཅས་བྱེད་དགོས། 

བཞི། ཞིང་ཆེན་ཡོངས་ཀྱི་བཅའ་ཁྲིམས་ཀྱི་རྒྱུན་ཤེས་ཁྱབ་སྤེལ་གཏོང་རྒྱུའི་འཆར་འགོད་བཟོ་རྒྱུ་དང་འབྲེལ་ལག་བསྟར་བྱ་རྒྱུ་སྒྲིག་འཛུགས་དང་། ཁྲིམས་ལྟར་བཅོས་སྐྱོང་དང་ཕྱི་ཕྱོགས་ལ་ཁྲིམས་ལུགས་དྲིལ་བསྒྲགས་བྱ་རྒྱུ་སོགས་ཀྱི་ལས་དོན་བསྒྲུབ་དགོས། 

ལྔ། ཞིང་ཆེན་ཡོངས་ཀྱི་ཁྲིམས་རོགས་པའི་ལས་ཀ་དང་དོ་དམ། མཐུན་སྦྱོར་བཅས་བྱས་ནས་ཞིང་ཆེན་རིམ་པའི་གཞུང་གི་ལས་འགན་སྒྲུབ་པའི་ཁྲིམས་རོགས་པའི་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ་བྱེད་དགོས། 

དྲུག ཞིང་ཆེན་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་གྱི་བྱ་བར་ལྟ་སྐུལ་དང་དོ་དམ་བྱེད་དགོས། 

བདུན། གཞི་རིམ་གྱི་ཁྲིམས་འཛིན་སུའོ་འཛུགས་སྐྱོང་དང་མི་དམངས་འདུམ་འགྲིག གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་བཅས་ལ་ལྟ་སྐུལ་བྱེད་དགོས། 

བརྒྱད། སྡེ་ཁུལ་ཡོ་བསྲང་གི་ལས་དོན་ལ་ཁྲིད་སྟོན་དང་ལྟ་སྐུལ། དོ་དམ་བཅས་བྱས་ནས། ཉེས་དོན་ཁྲིམས་འགྲོལ་བྱེད་མཁན་ལ་རོགས་རམ་སློབ་གསོ་དང་བཀོད་སྒྲིག་གི་ལས་དོན་ལ་ཁྲིད་སྟོན་བྱེད་དགོས། 

བརྒྱད། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཚན་པའི་དཔུང་ཁག་འཛུགས་སྐྱོང་དང་བསམ་བློའི་སྤྱོད་ཚུལ། ལས་ཀའི་སྤྱོད་ཚུལ་བཅས་ལེགས་སྐྱོང་བྱེད་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ། ཆུས་དང་གྲོང་ཁྱེར་བཙུགས་ནས་ཁྲིམས་འཛིན་ཅུའུ་ཡི་འགོ་ཁྲིད་ལས་བྱེད་པར་དོ་དམ་བྱེད་རྒྱུར་གཞོགས་འདེགས་བྱེད་དགོས། 

4 ཐད་གཏོགས་ལས་ཁུངས། 
4_1 ཅང་ཞི་ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ།

གཅིག བཙོན་ཁང་གི་ལས་ཀའི་བྱེད་ཕྱོགས་དང་སྲིད་ཇུས། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་བཙོན་ཁང་ལས་དོན་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ། སྲིད་ཇུས་རང་བཞིན་གྱི་ཡིག་ཆ་བཅས་བཟོ་འགོད་བྱེད་པར་ནང་ཞུགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ཀྱི་སྒྲོམ་གཞིའི་ནང་ཞིང་ཆེན་ཡོངས་ཀྱི་བཙོན་ཁང་ལས་དོན་གྱི་དུས་ཡུན་རིང་བོ་དང་འབྲིང་གི་འཆར་འགོད་དང་། ལོ་འཁོར་གྱི་འཆར་གཞི་བཟོས་ནས་ལག་བསྟར་དང་ལྟ་སྐུལ་བྱེད་དགོས། 

གཉིས། ཞིང་ཆེན་ཡོངས་ཀྱི་བཙོན་ཁང་ཁོངས་གཏོགས་ཀྱིས་ཁྲིམས་ལྟར་ཁྲིམས་ཆད་ལག་བསྟར་བྱེད་པར་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་པ་དང་། ཉེས་ཅན་བསྒྱུར་བཀོད་བྱེད་པའི་ལས་ཀ་དང་ལས་ཀ་གཞན་དག་བཀོད་སྒྲིག་དང་ལྟ་སྐུལ། ཞིབ་བཤེར་བཅས་བྱ་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་བཙོན་ཁང་གི་དྲག་ཆས་ཉེན་ཟོན་ལས་དོན་ལ་མཛུབ་ཁྲིད་བྱས་ནས་བཙོན་ཁང་དང་དྲག་ཆས་ཉེན་རྟོག་དབར་གྱི་འབྲེལ་བ་མཐུན་སྦྱོར་བྱེད་དགོས། 

གསུམ། ཞིང་ཆེན་ཡོངས་ཀྱི་བཙོན་ཁང་གི་གཞི་རྩའི་གནས་ཚུལ་ཏེ་ཞིང་ཆེན་ཡོངས་ཀྱི་བཙོན་ཁང་བཀོད་སྒྲིག་བྱེད་ཚུལ་ལ་ཞིབ་འཇུག་དང་འཆར་འགོད་བྱས་ནས་ཞིང་ཆེན་ཡོངས་ཀྱི་བཙོན་ཁང་གི་བྱ་བའི་བཅོས་བསྒྱུར་ལ་མཛུབ་སྟོན་བྱེད་དགོས། 

བཞི། ཞིང་ཆེན་ཡོངས་ཀྱི་བཙོན་ཁང་ཁོངས་གཏོགས་ཀྱི་དཔུང་ཁག་འཛུགས་སྐྱོང་དང་ལས་ཁུངས་ཀྱི་སྒྲིག་གཞི། ལས་བྱེད་པའི་ལས་དོན། ཁྲིམས་སྒྱུར་ལྟ་ཞིབ། གལ་ཆེའི་ཁྲིམས་སྒྱུར་སྒྲིག་འགལ་བཅས་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་རྒྱུའི་འགན་འཁུར་དགོས། 

ལྔ། ཞིང་ཆེན་ཡོངས་ཀྱི་བཙོན་ཁང་ཁོངས་གཏོགས་ཀྱི་གཞི་རྩའི་འཛུགས་སྐྲུན་དང་ནོར་དོན་བསྡོམས་རྩིས། ནང་ཁུལ་རྩིས་བཤེར་བཅས་ཀྱི་ལས་དོན་ལ་དོ་དམ་དང་མཛུབ་ཁྲིད་བྱས་ནས་ཞིང་ཆེན་ཡོངས་ཀྱི་བཙོན་ཁང་ཁོངས་གཏོགས་ཀྱི་རོགས་སྐྱོར་བདེ་འཇགས་དང་ཞོད་ཟོན་ཐན་འགོག་གི་ལས་དོན་ལ་འགན་འཁུར་དགོས། 

དྲུག ཞིང་ཆེན་ཡོངས་ཀྱི་བཙོན་ཁང་ཁོངས་གཏོགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་ཁྲིམས་འཛིན་འགྲོ་བ་མིའི་ཐོབ་ཐང་ལ་ཞིབ་འཇུག་བྱེད་པའི་ལས་དོན་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་ནས། ཞིང་ཆེན་ཡོངས་ཀྱི་བཙོན་ཁང་ཁོངས་གཏོགས་ཀྱིས་ཕྱི་འབྲེལ་དང་དྲིལ་བསྒྲགས་བྱེད་པའི་ལས་ཀ་སྒྲུབ་པའི་འགན་འཁུར་དགོས། 

བདུན། ཞིང་ཆེན་ཡོངས་ཀྱི་བཙོན་ཁང་ཁེ་ལས་ལ་འགོ་ཁྲིད་དང་དོ་དམ་བྱས་ནས། ཞིང་ཆེན་ཡོངས་ཀྱི་བཙོན་ཁང་ཁོངས་གཏོགས་ཀྱི་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁུར་རྒྱུ་མ་ཟད་གནས་ཐང་སྲུང་འཕར་གྱི་འགན་འཁྲི་ཡང་འཁུར་དགོས། 

བརྒྱད། ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྲད་པའི་བྱ་བ་གཞན་དག་སྒྲུབ་པའི་འགན་འཁུར་ནས། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་སྤྲད་པའི་བྱ་བ་གཞན་དག་བསྒྲུབ་ཐུབ་དགོས། 

4_2 ཅང་ཞི་ཞིང་ཆེན་དུག་གཅོད་དོ་དམ་ཅུའུ།

གཅིག ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན། ཞིང་ཆེན་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་བཙན་ཐབས་ཀྱིས་ལོགས་བཀར་དུག་གཅོད་དང་དུག་གཅོད་ལུས་གསོའི་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་དང་བཅའ་ཁྲིམས། ཁྲིམས་སྲོལ་བཅས་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་དུག་གཅོད་བྱ་བའི་དུས་ཡུན་རིང་བོ་དང་འབྲིང་གི་འཆར་འགོད་དང་། ལོ་འཁོར་གྱི་འཆར་གཞི་སྒྲིག་བཟོ་དང་ལག་བསྟར་ལ་ལྟ་སྐུལ་བྱེད་དགོས།  

གཉིས། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་དུག་གཅོད་མ་ལག་གི་དུག་གཅོད་མཁན་བསྡུ་ཉར་བཀོད་སྒྲིག་དང་། དོ་དམ། སློབ་གསོ་ཡོ་བསྲང་། འཚོ་བའི་འགན་སྲུང་། སྨན་བཅོས་སླར་གསོ། རིག་རྩལ་འཆར་འགོད་དང་ཉེན་ཟོན་སྲུང་སྐྱོབ་བཅས་ཀྱི་བྱ་བ་ལག་བསྟར་བྱེད་དགོས། 

གསུམ། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་དུག་གཅོད་མ་ལག་གིས་དུག་གཅོད་མཁན་གྱི་ལུས་ཁམས་སྨན་བཅོས་དང་སེམས་ཁམས་ཡོ་བསྲང་། ལུས་ཟུངས་སོས་ཐབས། སྤྱི་ཚོགས་དང་འཚམ་མཐུན་གྱི་ནུས་པ་སྦྱོང་བརྡར་སོགས་ཀྱི་ནང་དོན་ལྡན་པའི་དུག་གཅོད་ལུས་གསོའི་ལས་ཀ་སྤེལ་དགོས། 

བཞི། སྡེ་ཁུལ་གྱི་དུག་གཅོད་དང་སྡེ་ཁུལ་གྱི་ལུས་གསོའི་ལས་ཀའི་བྱེད་ཕྱོགས་དང་སྲིད་ཇུས། བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྡེ་ཁུལ་དུ་དུག་གཅོད་དང་སྡེ་ཁུལ་གྱི་ལུས་གསོའི་ལས་དོན་སྤེལ་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས། 

ལྔ། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་དུག་གཅོད་ཁོངས་གཏོགས་ཀྱི་ཏང་གི་རྩ་འཛུགས་འཛུགས་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་། བསམ་བློ་ཆབ་སྲིད་ཀྱི་ལས་དོན་བཅས་ལ་མཛུབ་ཁྲིད་དང་ལག་བསྟར་བྱེད་དགོས།

དྲུག ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་དུག་གཅོད་མ་ལག་གི་དཔལ་འབྱོར་བྱ་བ་དང་གཞི་རྩའི་འཛུགས་སྐྲུན། ཉེན་རྟོག་སྒྲིག་ཆས་བྱ་བ་ལག་བསྟར་བྱེད་པར་མཛུབ་སྟོན་དང་ལྟ་སྐུལ་བྱེད་དགོས། 

བདུན། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་དུག་གཅོད་ཁོངས་གཏོགས་ཀྱི་བཀོད་འདོམས་མཉམ་འགུལ་དང་འཕྲལ་སྡོམ་ཐག་གཅོད། ཚན་རྩལ་ཆ་འཕྲིན་ཅན་འཛུགས་སྐྱོང་བཅས་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་ལག་བསྟར་བྱེད་དགོས། 

བརྒྱད། ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྲད་པའི་བྱ་བ་གཞན་དག་བསྒྲུབ་རྒྱུ་དང་། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་སྤྲད་པའི་བྱ་བ་གཞན་དག་བསྒྲུབ་ཐུབ་པའི་འགན་འཁུར་དགོས།

5 གཟི་བརྗིད་མཚན་སྙན། 

སྤྱི་ལོ2020ལོའི་ཟླ3པའི་ཚེས12ཉིན་ཅང་ཞི་ཞིང་ཆེན་མེ་ཟོན་བདེ་འཇགས་ཨུ་ལྷན་གྱིས“སྤྱི་ལོ2019ལོའི་ལོ་འཁོར་གྱི་མེ་ཟོན་ལས་དོན་གྱི་སྔོན་ཐོན་སྡེ་ཚན”ལ་བདམས། 


དཔྱད་གཞིའི་ཡིག་ཆ།