ནན་ཁྲང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མངའ་ཁོངས་སུ་སྡེ་ཁག18བཙུགས་ཡོད་དེ། གཞུང་ལས་ཁང་དང་། ཆབ་སྲིད་པུའུ(ལས་ཁུངས་ཀྱི་ཏང་ཨུ།)གྱོད་དོན་ཐོ་འགོད་ཁང་། ཉེས་དོན་འདྲི་གཅོད་ཁྲིམས་ར་དང་པོ། ཉེས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། ཉེས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། ཉེས་དོན་འདྲི་གཅོད་ཁྲིམས་ར་གསུམ་པ། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། དམངས་དོན་འདྲི་གཅོད་ཁྲིམས་ར་གསུམ་པ། སྲིད་འཛིན་འདྲི་གཅོད་ཁྲིམས་ར། འདྲི་གཅོད་ལྟ་སྐུལ་ཁང་། ལག་བསྟར་ཅུའུ། སྲིད་འཛིན་ཉེན་རྟོག་ཉིང་ལག་རུ་ཁག ཁྲིམས་འཛིན་ལག་རྩལ་ཁྲུའུ། ཁྲིམས་འཛིན་སྲིད་འཛིན་སྒྲིག་ཆས་དོ་དམ་ཁྲུའུ། སྒྲིག་བཤེར་ལྟ་ཞིབ་ཁང་བཅས་བཙུགས་ཡོད་ཅིང་། ཁྲིམས་ཁང་ཡོངས་སུ་ཁྱོན་བསྡོམས་ཁྲིམས་དཔོན་དང་ལས་བྱེད་མི་སྣ་གཞན་དག233ཡོད་པའི་ནང་ཀྲུང་གུང་ཏང་ཡོན1973དང་། དངོས་གཞིའི་ཚན་ཁག་ཡན་གྱི་རིག་གནས་ཆུ་ཚད་ལྡན་པ173ཡོད་པ་དེས75.55%ཟིན་ཡོད། འདྲི་གཅོད་པ156དང་ཁྲིམས་འཛིན་ཉེན་རྟོག་པ19 ལས་བཟོ་བ16བཅས་ཡོད། ད་ལྟ་ཁྱོན་བསྡོམས་རིམ་པ་གསུམ་པའི་མཐོ་རིམ་ཁྲིམས་དཔོན3དང་། རིམ་པ་བཞི་བའི་མཐོ་རིམ་ཁྲིམས་དཔོན40 རིམ་པ་དང་པོའི་ཁྲིམས་དཔོན46 རིམ་པ་གཉིས་པའི་ཁྲིམས་དཔོན30 རིམ་པ་གསུམ་པའི་ཁྲིམས་དཔོན36བཅས་ཡོད།
ནན་ཁྲང་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མངའ་འོག་ཏུ་གཞི་རིམ་མི་དམངས་ཁྲིམས་ཁང9ཡོད་པ་སྟེ། ཏུང་ཧུའུ་ཆུས་ཀྱི་མི་དམངས་ཁྲིམས་ཁང་དང་ཞི་ཧུའུ་ཆུས་མི་དམངས་ཁྲིམས་ཁང་། ཆིན་ཡུན་ཐུའུ་ཆུས་མི་དམངས་ཁྲིམས་ཁང་།ཆིན་ཡུན་ཐུའུ་ཆུས་མི་དམངས་ཁྲིམས་ཁང་། ཆིན་ཧྲན་ཧུའུ་ཆུས་མི་དམངས་ཁྲིམས་ཁང་། ཝན་ལི་ཆུས་མི་དམངས་ཁྲིམས་ཁང་། ནན་ཁྲང་རྫོང་མི་དམངས་ཁྲིམས་ཁང་། ཞིན་ཅན་རྫོང་མི་དམངས་ཁྲིམས་ཁང་། ཨན་དབྱི་རྫོང་མི་དམངས་ཁྲིམས་ཁང་། ཅིན་ཞན་རྫོང་མི་དམངས་ཁྲིམས་ཁང་བཅས་ཚུད་ཡོད། སྤྱི་ལོ2004ལོར་ནན་ཁྲང་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་གྱོད་གཞི་ཁྱོན་བསྡོམས554བདག་སྤྲོད་བྱས།
སྤྱི་ལོ2019ལོའི་ཟླ་གསུམ་པར“ཅང་ཞི་ཞིང་ཆེན་གྱི་སྐབས་བཅོ་ལྔ་པའི་ཤེས་དཔལ་ཚན་པའི”གཟི་བརྗིད་མཚན་སྙན་ཐོབ།