ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2021-01-14 16:39ལ་འགྲུབ།

ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་།

ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་།
ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་ནི་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་འོག་ཏུ་བཙུགས་པའི་དོན་གཅོད་ལས་ཁུངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中央财经委员会办公室
རིགས་དབྱེ།
ཀྲུང་གུང་ཀྲུང་དབྱང་གི་གྲུབ་ཆ།
1 རྒྱབ་ལྗོངས། 

ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་དང་འབྲེལ་བའི་བྱ་བ་གལ་ཆེན་དག་ལ་གཅིག་སྡུད་ཀྱིས་འགོ་ཁྲིད་བྱེད་པར་ཤུགས་སྣོན་པ་དང་། དོན་གཅོད་དང་གཅིག་གྱུར་འཆར་འགོད་མཐུན་སྦྱོར་གྱི་འགན་འཁྲི་ཇེ་ནན་དུ་གཏོང་བའི་ཆེད། ཀྲུང་དབྱང་གི་ཁྱོན་ཡོངས་ནས་གཏིང་ཟབ་གཏོང་བའི་འགོ་ཁྲིད་ཚན་ཆུང་དང་། ཀྲུང་དབྱང་གི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་འགོ་ཁྲིད་ཚན་ཆུང་། ཀྲུང་དབྱང་གི་ནོར་དཔལ་འགོ་ཁྲིད་ཚན་ཆུང་། ཀྲུང་དབྱང་གི་ཕྱི་དོན་བྱ་བའི་འགོ་ཁྲིད་ཚན་ཆུང་བཅས་རེ་རེ་བཞིན་ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་གཏོང་བའི་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་གི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་གི་ནོར་དཔལ་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་གི་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་སུ་བསྒྱུར་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཇུས་འགོད་རྩེ་གྲ་ཅན་དང་། སྤྱིའི་བཀོད་པ། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར། སྤྱིའི་སྐུལ་སྤེལ། ལྟ་སྐུལ་དོན་འཁྱོལ་བཅས་ཀྱི་བྱ་བའི་འགན་འཁུར་དགོས།

2 འཕེལ་རིམ།

སྤྱི་ལོ2018ལོའི་ཟླ3པར། ཀྲུང་གུང་ཀྲུང་དབྱང་ནས《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་ཇུས་གཞི》དཔར་འགྲེམ་བྱས་ཤིང་། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་བཙུགས།


དཔྱད་གཞིའི་ཡིག་ཆ།