ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2021-01-11 15:42ལ་འགྲུབ།

ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན།

ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན།
ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ནི་རྒྱལ་ཁབ་ཀྱི་ངོས་ཐད་ནས་མི་དམངས་ཉེན་རྟོག་པའི་དཔུང་སྡེར་ཆེད་དུ་དམིགས་ཏེ་བཙུགས་པའི་དུས་ཆེན་དང་། མི་དམངས་ཉེན་རྟོག་པས་ཏང་དང་མི་དམངས་ཀྱི་ཁེ་ཕན་གྱི་ཆེད་དུ་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་བརྩོན་བྱས་པར་ཁས་ལེན་གང་ལེགས་བྱས་པའི་མཚོན་རྟགས་སུ་གྲུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国人民警察节
དུས་ཆེན་ཉིན་མོ།
ལོ་རེའི་ཟླ1པོའི་ཚེས10ཉིན།
1 ​ངོ་སྤྲོད། 

ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ནི་རྒྱལ་ཁབ་ཀྱི་ངོས་ཐད་ནས་མི་དམངས་ཉེན་རྟོག་པའི་དཔུང་སྡེར་ཆེད་དུ་དམིགས་ཏེ་བཙུགས་པའི་དུས་ཆེན་དང་། མི་དམངས་ཉེན་རྟོག་པས་ཏང་དང་མི་དམངས་ཀྱི་ཁེ་ཕན་གྱི་ཆེད་དུ་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་བརྩོན་བྱས་པར་ཁས་ལེན་གང་ལེགས་བྱས་པའི་མཚོན་རྟགས་སུ་གྲུབ།

སྤྱི་ལོ2020ལོའི་ཟླ7པའི་ཚེས21ཉིན། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་འཛུགས་པར་མོས་མཐུན་ཡོད་པའི་མཆན་བཀོད་བཀའ་ལན》འགྲེམ་སྤེལ་བྱས་ཤིང་། སྤྱི་ལོ2021ལོ་ནས་བཟུང་ལོ་རེའི་ཟླ1པོའི་ཚེས10ཉིན་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཉིན་མོར་གཏན་ཁེལ་བྱས།

.jpg

2 ཆོག་མཆན་བཀའ་ལན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་འཛུགས་པར་མོས་མཐུན་ཡོད་པའི་ཆོག་མཆན་བཀའ་ལན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆ〔2020〕ཨང98པ།

སྤྱི་བདེ་པུའུ་ལ།

ཁྱེད་པུའུ་ནས་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་འཛུགས་པའི་སྐོར་གྱི་ཞུ་གསོལ་ངེད་སར་འབྱོར་ཞིང་རྒྱུས་ལོན་གསལ་བོ་བྱུང་ཡོད་པ་མ་ཟད། སྤྱི་ལོ2021ལོ་ནས་བཟུང་ལོ་རེའི་ཟླ1པོའི་ཚེས10ཉིན་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་དུ་གཏན་ཁེལ་བྱ་རྒྱུར་མོས་མཐུན་ཡོད། བྱེ་བྲག་གི་བྱ་བ་དག་ཁྱེད་པུའུ་ནས་འབྲེལ་ཡོད་སྡེ་ཁག་དང་གྲོས་བྱས་ཏེ་རྩ་འཛུགས་དང་ལག་བསྟར་བྱ་རོགས།  

རྒྱལ་སྲིད་སྤྱི་ཁྱབ་ཁང་ནས།

སྤྱི་ལོ2020ལོའི་ཟླ7པའི་ཚེས11ཉིན།

3 དགའ་སྟོན་རྟེན་འབྲེལ་བྱེད་སྒོ།
3_1 སྤྱི་བདེ་པུའུ།

གཅིག ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་བཙུགས་པར་ཁ་པར་དང་བརྙན་འཕྲིན་གྱི་ལམ་ནས་རྟེན་འབྲེལ་ཞུས་པ།

གཉིས། སྤྱི་ཟླ1པོའི་ཚེས10ཉིན། སྤྱི་བདེ་པུའུ་ལས་ཁུངས་ནས་ཉེན་རྟོག་དར་ཆ་བསྒྲེང་བའི་བྱེད་སྒོ་སྤེ་ཞིང་། སྤྱི་བདེ་པུའུ་ཏང་ཨུའི་ཁོངས་མི་དང་། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་གཟེངས་རྟགས་ཐོབ་པའི་སྔོན་ཐོན་ཚོགས་པ་དང་དཔེ་ལེགས་མི་སྒེར་དང་། པེ་ཅིང་དུ་སྡོད་པའི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱི་འགན་ལེན་མི་སྣ་གཙོ་བོ། ལས་ཁུངས་ཀྱི་ལས་བྱེད་པའི་འཐུས་ཚབ་མི་སྣས་ཉེན་རྟོག་དར་ཆ་ལ་གུས་ཕྱག་ཕུལ་བ་མ་ཟད། ཡར་བསྐྱར《མི་དམངས་ཉེན་རྟོག་པར་ཞུགས་པའི་མནའ་ཚིག》ལ་མྱོང་རོལ་བྱས།

གསུམ། སྤྱི་བདེའི་སྔོན་ཐོན་དཔེ་ལེགས་དང་འབྲེལ་བའི་དྲིལ་སྒྲོག་སློབ་སྦྱོང་བྱ་འགུལ་རབ་དང་རིམ་པ་སྤེལ་བ་སྟེ། གཅིག་སྡུད་དྲིལ་སྒྲོག་དང་། མི་དམངས་ཉེན་རྟོག་པ་ལྟེ་བར་འཛིན་རྒྱུ་དར་སྤེལ་རྒྱ་ཆེར་གཏོང་བ་། མི་དམངས་ཀྱི་སྲུང་དམག་བྱེད་པའི་སྙིང་སྟོབས། སྤྱི་ལོ2020ལོའི་ཆེས་མཛེས་པའི་གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་དང་འབྲེལ་བའི་སློབ་སྦྱོང་དང་དྲིལ་སྒྲོག་གི་བྱ་འགུལ། རྒྱལ་ཡོངས་ཀྱི་སྤྱི་བདེ་དཔེ་ལེགས་མི་སྣ་ཁྱབ་བསྒྲགས་ཀྱི་བྱ་འགུལ་སྤེལ་ཐེངས་བཞི་པ་། རྒྱལ་སྤྱིའི་སྤྱི་བདེ་མི་སྣ་ལས་ཉེན་དཔོན་ལེགས་གྲས་བརྒྱ་འདེམས་པའི་བྱ་འགུལ་སོགས་ཡོད།

བཞི། གཟེངས་བསྟོད་དང་བྱ་དགའ་སྤྲོད་པའི་བྱ་འགུལ་སྤེལ་ཏེ་སྤྱི་བདེ་དཔེ་ལེགས་མི་སྣ་དང་སྔོན་ཐོན་ཚོགས་པ་སྐོར་ཅིག་ལ་བྱ་དགའི་བསྟོད་བསྔགས་གནང་།

ལྔ། བློ་དཀར་གྱིས་ལས་དོན་རླབས་པོ་ཆེ་བསྐྲུན། གོམ་ཆེན་སྤོས་ཏེ་བགྲོད་ལམ་གསར་བར་བསྐྱོད་ཅེས་པའི་སྤྱི་ལོ2021ལོའི་ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་སེམས་པ་དང་སེམས་པ་སྦྲེལ་བའི་སྒྱུ་རྩལ་ཚོགས་པ་སྤྱི་བདེ་ལས་ཁུངས་སུ་སྐྱོད་དེ་འཚམས་འདྲི་མཚོན་པའི་འཁྲབ་སྟོན་བྱ་འགུལ་སྤེལ་བ།

དྲུག མཛེས་རྩལ་དང་། ཡིག་གཟུགས། བརྙན་ལེན། པར་ལེན། སྦྲག་འཛིན་སོགས་བརྗོད་བྱ་ཡིན་པའི་འགྲེམ་སྟོན་དང་སྤྱི་བདེ་དང་འབྲེལ་བའི་གློག་བརྙན་དང་། ཟློས་གར་སོགས་བཤམས་སྟོན་བྱེད་པའི་བྱ་འགུལ་སྤེལ་བ།

བདུན། ང་དང་ངའི་མེས་རྒྱལ་དང་། སྤྱི་བདེ་ལས་ཁུངས་ཀྱི110ལས་ཀའི་ལོ་འཁོར35། ང་དང་ཉེན་རྟོག་པའི་གཏམ་རྒྱུད་སོགས་བརྗོད་བྱ་ཡིན་པའི་རྩོམ་བསྡུ་བྱ་འགུལ་སྤེལ་བ།

བརྒྱད། རྒྱལ་ཁབ་སྦྲགས་སྲིད་ཅུའུ་དང་མཉམ་འབྲེལ་གྱིས་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་བཙུགས་པར་རྟེན་འབྲེལ་ཞུ་ཆེད་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དྲན་གསོའི་སྦྲག་འཛིན་འགྲེམ་སྤེལ་བྱས།

4 ས་གནས་སྤྱི་བདེ་ལས་ཁུངས།

གཅིག ཟླ1པོའི་ཚེས10ཉིན་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་དང་། སྤྱི་བདེ་སློབ་གླིང་ནས་ཉེན་རྟོག་དར་ཆ་བསྒྲེང་བའི་བྱེད་སྒོ་སྤེལ་ཞིང་། ཉེན་རྟོག་བརྗོད་དོན་གླུ་དབྱངས་བླངས་པ་མ་ཟད། ཉེན་རྟོག་དཔུང་ཁག་ཏུ་ཞུགས་པའི་མནའ་ཚིག་ལ་བསྐྱར་དུ་རོལ་མྱོང་བྱས་ཏེ་ཐོག་མའི་འགན་འཁྲི་ཡིད་ལ་བརྟན་པོར་བཅིངས་ཡོད་པ་དང་། ཉེན་རྟོག་པའི་ལས་དོན་ལ་བཟུང་ཆོད་སེམས་བརྟན་པོ་མཚོན་པར་བྱས།

གཉིས། 110ཉེན་རྟོག་སྒར་ཁ་སྒོ་དབྱེའི་ཉིན་མོ་ཞེས་པའི་བྱ་འགུལ་སྤེལ་ཞིང་། མི་དམངས་འཐུས་མི་དང་། སྲིད་གྲོས་ཨུ་ཡོན་སྤྱི་བདེ་ལས་ཁུངས་སུ་ལྟ་ཞིབ་རྟོག་དཔྱོད་བྱེད་པར་གདན་དྲངས་ཤིང་། ཉེན་རྟོག་པའི་ཁྱིམ་མི་དང་མི་དམངས་མང་ཚོགས་ཀྱང་གདན་དྲངས་ཏེ་དམག་སྒར་ལ་ལྟ་སྐོར་བྱས་པ་དང་། ན་གཞོན་པ་རྩ་འཛུགས་བྱས་ཏེ་ཉེན་རྟོག་པའི་སྒར་ཁ་རུ་མྱོང་རོལ་བྱེད་པ་སོགས་བྱས།

གསུམ་ནས་དམངས་ལ་དགའ་བའི་ལག་ལེན་བྱ་འགུལ་སྤེལ་བ་སྟེ། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ནས་ཉེན་རྟོག་པ་ཁྲི་སྟོང་དུད་ཁྱིམ་བརྒྱ་སྟོང་ལ་བསྐྱོད་པ། ཉེན་རྟོག་པ་དང་མི་དམངས་ཀྱིས་སེམས་གཏམ་གློད་པ་སོགས་ཀྱི་བྱ་འགུལ་སྤེལ་ཏེ་དམངས་ལ་དགའ་བ་ལག་ལེན་གྱིས་མཚོན་པར་བྱས།

བཞི། འཚམས་འདྲི་ཞུ་བ་དང་རོགས་སྐྱོར་གནང་བའི་བྱ་འགུལ་སྤེལ་བ་སྟེ། སྤྱི་རྩིས་ལོ་སར་དང་དཔྱིད་གསར་དུས་ཆེན་དང་འབྲེལ་ཏེ་སྤྱི་དོན་གྱི་ཆེད་དུ་གཅེས་སྲོག་ཤོར་བའི་ཉེན་རྟོག་པའི་ཁྱིམ་མི་དང་། སྤྱི་དོན་གྱི་ཆེད་དུ་རྨས་སྐྱོན་ཕོག་པའི་ཉེན་རྟོག་ཁྱིམ་ཚང་དང་། སྤྱི་བདེ་དཔེ་ལེགས་དང་དཔའ་བོ། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་མི་དམངས་ཉེན་རྟོག་པ། གཞི་རིམ་ལས་ཁུངས་སོགས་ལ་འཚམས་འདྲི་བྱས་ཏེ། རོགས་སྐྱོར་བྱ་ཡུལ་ཚོའི་བསམ་བློ་དང་། བྱ་བ། འཚོ་བའི་ཆུ་ཚད་བཅས་རྒྱུན་ལོན་གཏིང་ཟབ་ཏུ་བྱས་ཏེ། རོགས་རམ་གྱིས་དཀའ་ངལ་སེལ་ཞིང་བརྩེ་སེམས་མཚོན་པར་བྱས།

ལྔ། ཉེན་རྟོག་ལ་ཕན་པའི་བྱ་ཐབས་སྐུལ་སྤེལ་དང་ལག་བསྟར་བྱས་པ། རིམ་པ་སོ་སོའི་ཏང་ཨུའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་ཐོབ་པར་བྱས་ཏེ། ངལ་གསོའི་ཁག་ཐེག་དང་། ལུས་སེམས་ཀྱི་བདེ་ཐང་སྲུང་སྐྱོབ། དོད་དྲག་སྨན་བཅོས་ཀྱི་ལྗང་མདོག་བགྲོད་ལམ། རོགས་རམ་དང་དམིགས་བསལ་གྱི་སྲིད་ཇུས་སོགས་ལག་ལེན་དོན་འཁྱོལ་བྱས་པ། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་དང་ས་གནས་ཏང་ཨུའི་སྲིད་གཞུང་དང་མཐུན་སྦྱོར་གྱིས་འགྲིམ་འགྲུལ་དང་། ཡུལ་སྐོར་ས་གནས་སྒོ་ཕྱེ་སོགས་ཀྱི་ཐད་ནས་མི་དམངས་ཉེན་རྟོག་པར་ཕན་པའི་བྱ་ཐབས་སྣ་ཚོགས་ཤིག་སྤེལ།

གོང་གསལ་གྱི་བྱེད་སྒོ་འདི་དག་རྨང་གཞི་རུ་བྱས་ཏེ་ས་ཆ་སོ་སོ་ནས་དངོས་ཡོད་གནས་ཚུལ་དང་འབྲེལ་ཏེ་ས་གནས་ཀྱི་གནས་ཚུལ་བྱེ་བརྒ་པར་བསྟུན་ཏེ་ཉེན་རྟོག་ལས་དོན་ལ་ཞུགས་པའི་དྲན་གསོའི་རྟགས་མ་གནང་བ་དང་། ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་མི་དམངས་ཉེན་རྟོག་པར་གཟེངའ་རྟགས་གནང་བའི་བྱེད་སྒོ། ཉེན་རྟོག་ལས་དོན་ཐང་ཆེན། མི་དམངས་ལ་སྙན་ཞུ་འབུལ་བ་སོགས་ཀྱི་རྣམ་པ་སྤྱད་ནས་ཆེད་དོན་བྱ་འགུལ་སྤེལ་ཏེ། མི་དམངས་མང་ཚོགས་ལ་བྱ་བའི་སྙན་ཞུ་ཕུལ་ཞིང་། མི་དམངས་མང་ཚོགས་ཀྱིས་ཉེན་རྟོག་ལས་དོན་ལ་རྒྱབ་སྐྱོར་བྱེད་ཚར་འཕར་བར་བྱས།

4_1 ཞིན་ཧྭ་གསར་འགྱུར་ཁང་།

སྤྱི་ལོ2021ལོའི་ཟླ1པོའི་ཚེས9ཉིན། ཞིན་ཧྭ་གསར་འགྱུར་ཁང་གིས《ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན། ཁྱོད་ཡོད་པའི་སླད》ཅེས་པའི་རི་མོ་ཅན་གྱི་དྲིལ་སྒྲོག་གསར་འགྱུར་སྤེལ།

.jpg


དཔྱད་གཞིའི་ཡིག་ཆ།