ལི་ཆང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-12-29 16:05ལ་འགྲུབ།

ལི་ཆང་།

ལི་ཆང་།
ཁོང་ནི་སྤྱི་ལོ1959ལོའི་ཟླ7པར་ཀྲེ་ཅང་རུའེ་ཨན་དུ་སྐྱེས། སྤྱི་ལོ1976ལོའི་ཟླ4བར་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་དང་། མཐོ་རིམ་དོ་དམ་མི་སྣའི་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་བསླབ་གནས་བཅས་བླངས་ཡོད། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་དང་། ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
李强
རིགས་དབྱེ།
སྲིད་འཛིན་མི་སྣ།
ཁོངས་གཏོགས།
མི་སྣ།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཀྲེ་ཅང་རུའེ་ཨན།
སྐྱེས་ལོ།
སྤྱི་ལོ1959ལོའི་ཟླ7པ།
མཐར་ཕྱིན་སློབ་གྲྭ།
ཀྲུང་དབྱང་ཏང་གི་སློབ་གྲྭ།
1 ​ངོ་སྤྲོད།

ལི་ཆང་། ཕོ། རྒྱ་རིགས། སྤྱི་ལོ1959ལོའི་ཟླ7པར་ཀྲེ་ཅང་རུའེ་ཨན་དུ་སྐྱེས། སྤྱི་ལོ1976ལོའི་ཟླ4བར་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་དང་། མཐོ་རིམ་དོ་དམ་མི་སྣའི་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་བསླབ་གནས་བཅས་བླངས་ཡོད།

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་དང་། ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།

2  བྱ་བའི་བརྒྱུད་རིམ།

སྤྱི་ལོ1976ལོ་ནས་སྤྱི་ལོ1977ལོའི་བར། ཀྲེ་ཅང་ཞིང་ཆེན་རུའེ་ཨན་རྫོང་མཱ་ཡུས་སྡོད་ཁུལ་གྱི་འཕྲུལ་གློག་ཞིང་ཆུ་འདྲེན་ཕུད་ས་ཚིགས་ནས་ལས་བཟོ་བའི་འགན་བཞེས། (སྤྱི་ལོ1977ལོའི་ཟླ4ནས་སྤྱི་ལོ1977ལོའི་ཟླ10བའི་བར་རུའེ་ཨན་རྫོང་སློབ་གསོའི་ལམ་ཕྱོགས་ལས་བྱེད་རུ་ཁག་ཅང་ཞི་ཀུང་ཧྲེ་ཡན་ལག་རུ་ཁག་ལ་ལས་དོན་སྒྲུབ་པར་སྐོང་གཡར་བྱས)

སྤྱི་ལོ1977ལོ་ནས་སྤྱི་ལོ1978ལོའི་བར། ཀྲེ་ཅང་ཞིང་ཆེན་རུའེ་ཨན་རྫོང་ལག་ཆའི་བཟོ་གྲྭ་གསུམ་པའི་ལས་བཟོ་བའི་འགན་བཞེས།

སྤྱི་ལོ1978ལོ་ནས་སྤྱི་ལོ1982ལོའི་བར། ཀྲེ་ཅང་ཞིང་ལས་སློབ་ཆེན་ཉྭིང་པོའི་ཡན་ལག་སློབ་གྲྭ་ཞིང་འཕྲུལ་སྡེ་ཁག་ནས་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བའི་ཆེད་ལས་སྦྱངས།

སྤྱི་ལོ1982ལོ་ནས་སྤྱི་ལོ1983ལོའི་བར། ཀྲེ་ཅང་ཞིང་ཆེན་རུའེ་ཨན་རྫོང་ཞིན་ཁྲེན་སྡོད་ཁུལ་གུང་གཞོན་ཚོགས་པའི་འགན་ཁུར་བའི་འགན་བཞེས།

སྤྱི་ལོ1983ལོ་ནས་སྤྱི་ལོ1984ལོའི་བར།  གུང་གཞོན་ཚོགས་པ་རུའེ་ཨན་རྫོང་ཨུའི་ལས་བྱེད་པའི་འགན་བཞེས།

སྤྱི་ལོ1984ལོ་ནས་སྤྱི་ལོ1984ལོའི་བར། གུང་གཞོན་ཚོགས་པ་རུའེ་ཨན་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1984ལོ་ནས་སྤྱི་ལོ1985ལོའི་བར། ཀྲེ་ཅང་ཞིང་ཆེན་དམངས་སྲིད་ཐིང་ཞིང་སྡེ་དབུལ་སྐྱོབ་ཁྲུའུ་ལས་བྱེད་པའི་འགན་བཞེས།

སྤྱི་ལོ1985ལོ་ནས་སྤྱི་ལོ1988ལོའི་བར། ཀྲེ་ཅང་ཞིང་ཆེན་དམངས་སྲིད་ཐིང་ཞིང་སྡེ་དབུལ་སྐྱོབ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1988ལོ་ནས་སྤྱི་ལོ1990ལོའི་བར། ཀྲེ་ཅང་ཞིང་ཆེན་དམངས་སྲིད་ཐིང་ཞིང་སྡེ་དབུལ་སྐྱོབ་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1990ལོ་ནས་སྤྱི་ལོ1991ལོའི་བར། ཀྲེ་ཅང་ཞིང་ཆེན་དམངས་སྲིད་ཐིང་ཞིང་སྡེ་དབུལ་སྐྱོབ་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1991ལོ་ནས་སྤྱི་ལོ1992ལོའི་བར། ཀྲེ་ཅང་ཞིང་ཆེན་དམངས་སྲིད་ཐིང་ཏང་ཙུའུ་ཁོངས་མི་དང་། མི་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1992ལོ་ནསསྤྱི་ལོ1996ལོའི་བར། ཀྲེ་ཅང་ཞིང་ཆེན་དམངས་སྲིད་ཐིང་གི་ཐིང་ཀྲང་དང་། ཏང་ཙུའུ་ཁོངས་མིའི་འགན་བཞེས་ཡོད།

སྤྱི་ལོ1996ལོ་ནས་སྤྱི་ལོ1998ལོའི་བར། ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ་དང་། ཡུང་ཁང་གྲོང་ཨུའི་ཧྲུའུ་ཅིའི་འགན་བཞེས། 

སྤྱི་ལོ1998ལོ་ནས་སྤྱི་ལོ1998ལོའི་བར། ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཡུང་ཁང་གྲོང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།

སྤྱི་ལོ1998ལོ་ནསསྤྱི་ལོ2000ལོའི་བར། ཀྲེ་ཅང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་ཀྲུའུ་རིན་གཞོན་པ་དང་། ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་བཞེས།

སྤྱི་ལོ2000ལོ་ནས་སྤྱི་ལོ2002ལོའི་བར། ཀྲེ་ཅང་ཞིང་ཆེན་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་ཀྱི་ཅུས་ཀྲང་དང་། ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས། (སྤྱི་ལོ2001ལོ་ནས་སྤྱི་ལོ2002ལོའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་ཀྱི་གཞོན་ནུ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་།)

སྤྱི་ལོ2002ལོ་ནསསྤྱི་ལོ2003ལོའི་བར། ཀྲེ་ཅང་ཞིང་ཆེན་ཝེན་ཀྲའུ་གྲོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2003ལོ་ནས་སྤྱི་ལོ2004ལོའི་བར། ཀྲེ་ཅང་ཞིང་ཆེན་ཝེན་ཀྲའུ་གྲོང་ཨུའི་ཧྲུའུ་ཅི་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས། (སྤྱི་ལོ2001ལོ་ནས་སྤྱི་ལོ2001ལོའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭའི་འཛམ་གླིང་དཔལ་འབྱོར་ཆེད་ལས་ལ་སློབ་སྦྱོང་གནང་།)

སྤྱི་ལོ2004ལོ་ནས་སྤྱི་ལོ2005ལོའི་བར། ཀྲེ་ཅང་ཞིང་ཨུའི་དྲུང་ཡིག་ཆེན་མོའི་འགན་བཞེས།

སྤྱི་ལོ2005ལོ་ནས་སྤྱི་ལོ2011ལོའི་བར། ཀྲེ་ཅང་ཞིང་ཨུའི་རྒྱུན་ལས་ཨུ་ཡོན་དང་། དྲུང་ཡིག་ཆེན་མོའི་འགན་བཞེས།(སྤྱི་ལོ2003ལོ་ནས་སྤྱི་ལོ2005ལོའི་བར་ཤང་གང་རང་བྱུང་དང་བཟོ་བསྐྲུན་རིག་པའི་སློབ་ཆེན་དོ་དམ་སློབ་གླིང་གི་བཟོ་ཚོང་དོ་དམ་ཆེད་ལས་ལ་སློབ་སྦྱོང་གནང་བ་དང་། མཐོ་རིམ་དོ་དམ་པའི་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་སློབ་གནས་ཐོབ།)

སྤྱི་ལོ2011ལོ་ནས་སྤྱི་ལོ2012ལོའི་བར། ཀྲེ་ཅང་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་། དྲུང་ཡིག་ཆེན་མོ།  སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2012ལོ་ནས་སྤྱི་ལོ2012ལོའི་བར། ཀྲེ་ཅང་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2012ལོ་ནས་སྤྱི་ལོ2013ལོའི་བར། ཀྲེ་ཅང་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་འགོ་བའི་ལས་ཚབ་ཀྱི་འགན་བཞེས།

སྤྱི་ལོ2013ལོ་ནས་སྤྱི་ལོ2016ལོའི་བར། ཀྲེ་ཅང་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་འགོ་བའི་ལས་འགན་བཞེས།

སྤྱི་ལོ2016ལོ་ནས་སྤྱི་ལོ2017ལོའི་བར། ཅང་སུའུ་ཞིང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2017ལོ་ནསསྤྱི་ལོ2017ལོའི་བར། ཅང་སུའུ་ཞིང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

སྤྱི་ལོ2017 ལོ་ནས་ད་ལྟའི་བར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་དང་། ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།

3 མིག་སྔའི་ལས་གནས། 

སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་ཀྲུང་དབྱང་ཨུ་ཡོན་ལ་གསབ་སྣོན་གནང་བ། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་བཅས་ཡིན།