ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་གཉིས།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-12-25 15:41ལ་འགྲུབ།

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་གཉིས།

《དཀོན་བརྩེགས་ཆ་པ》ལས་བྱུང་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་གཉིས་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《དཀོན་བརྩེགས་ཆ་པ》ཤ361ན3ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

དཀོན་བརྩེགས་འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས་བྱུང་བ་ལྟར་ན་ཁག་གསུམ་ཡོད།

1_1 ཁག་དང་པོ།

1.མཚན་མ་དང་བཅས་ཤིང་འབད་པ་དང་བཅས་པའི་ཚུལ་ཁྲིམས་ནི་སྲོག་གི་ཕྱིར་ཡང་མི་འབྲལ་བ།

2.མཚན་མ་མེད་པ་དང་ལྷུན་གྱིས་གྲུབ་པའི་ཚུལ་ཁྲིམས་ནི་ཆོས་ཐམས་ཅད་ལ་སྒྲོ་མི་འདོགས་པར་སློབ་པའོ༎

1_2 ཁག་གཉིས་པ།

1.ནང་རྣམ་པར་དག་པས་སྐྱེ་མཆེད་རྣམ་པར་དག་པ།

2.ཕྱི་རྣམ་པར་དག་པས་ཡུལ་ཐམས་ཅད་སྤོང་བའོ༎

1_3 ཁག་གསུམ་པ།

1.བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱིས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ།

2.མངོན་པར་འདུ་མི་བྱེད་པས་ཚུལ་ཁྲིམས་རྣམ་པར་དག་པའི་མཚན་ཉིད་དོ༎