ཁྲེན་ཀྲེ་ཅན།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-12-25 09:30ལ་འགྲུབ།

ཁྲེན་ཀྲེ་ཅན།

ཁྲེན་ཀྲེ་ཅན།
ཁྲུང་ཆིང་གྲོང་ཁྱེར་ཀྲུང་རྫོང་ནས་ཡིན།ཁོང་ནི་སྤྱི་ལོ1965ལོའི་ཟླ4ཀྲུང་ཆིང་གྲོང་ཁྱེར་ཀྲུང་རྫོང་ནས་སྐྱེས་ཤིང་། སྤྱི་ལོ1997ལོའི་ཟླ་7པར་ཏང་ནང་ཞུགས། སྤྱི་ལོ1985ལོའི་ཟླ10བར་ལས་ཀར་ཞུགས། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་གྱི་ཐོན་ལས་དཔལ་འབྱོར་རིག་པའི་ཆེད་ལས་ཀྱི་ལས་ཐོག་རབ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། མཐོ་རིམ་རྩིས་པ་ཆེ་མོ་བཅས་ཡིན། ད་ལྟ་ཁྲང་ཨན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陈志坚
སྐྱེས་ལོ།
སྤྱི་ལོ1965ལོའི་ཟླ4བ།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ཡུལ།
ཁྲུང་ཆིང་ཀྲོང་རྫོང་།
ལས་རིགས།
སློབ་གསོ་ལས་དོན་པ།
མཐར་ཕྱིན་སློབ་གྲྭ།
ལྷོ་ནུབ་ནོར་སྲིད་དཔལ་འབྱོར་སློབ་གྲྭ་ཆེན་མོ།
ལས་ཐོབ།
ཁྲང་ཨན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི།
1 ​ངོ་སྤྲོད། 

ཁྲུང་ཆིང་གྲོང་ཁྱེར་ཀྲུང་རྫོང་ནས་ཡིན།ཁོང་ནི་སྤྱི་ལོ1965ལོའི་ཟླ4ཀྲུང་ཆིང་གྲོང་ཁྱེར་ཀྲུང་རྫོང་ནས་སྐྱེས་ཤིང་། སྤྱི་ལོ1997ལོའི་ཟླ་7པར་ཏང་ནང་ཞུགས། སྤྱི་ལོ1985ལོའི་ཟླ10བར་ལས་ཀར་ཞུགས། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་གྱི་ཐོན་ལས་དཔལ་འབྱོར་རིག་པའི་ཆེད་ལས་ཀྱི་ལས་ཐོག་རབ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། མཐོ་རིམ་རྩིས་པ་ཆེ་མོ་བཅས་ཡིན། ད་ལྟ་ཁྲང་ཨན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

ཁོང་གིས་སྔ་རྗེས་སུ་ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་དོ་དམ་བཟོ་སྐྲུན་སྡེ་ཁག་གི་རམ་འདེགས་དགེ་རྒན་དང་འཆད་ཁྲིད་དགེ་རྒན། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་འཆར་འགོད་ནོར་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གི་ལས་རོགས་དང་ཁྲུའུ་ཀྲང་གཞོན་པ་དང་ཁྲུའུ་ཀྲང་བཅས་ཀྱི་འགན་བཞེས་མྱོང་།

སྤྱི་ལོ2001ལོར་ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་གྱི་སློབ་གཙོའི་ལས་རོགས་ཀྱི་འགན་བཞེས།

སྤྱི་ལོ2002ལོའི་ཟླ7པར་ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་གྱི་སློབ་གཙོ་གཞོན་པའི་འགན་བཞེས།

སྤྱི་ལོ2014ལོའི་ཟླ9བར་ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ4བར་སི་ཁྲོན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས། 

སྤྱི་ལོ2020ལོའི་ཟླ10བའི་ཚེས10ཉིན་ཁྲང་ཨན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།  

3 ལས་གནས་བསྐོ་འཐེན།

སྤྱི་ལོ2020ལོའི་ཟླ10བའི་ཚེས10ཉིན་སློབ་གསོ་པུའུ་མི་དོན་སིས་ཁྲང་ཨན་སློབ་ཆེན་དུ་སློབ་གསོ་པུའུ་ཡི་ཏང་ཙུའུ་ཡི་གོ་གནས་བསྐོ་འཐེན་གཏན་འབེབས་ཁྱབ་བསྒྲགས་བྱས་པ་དང་། བློ་མཐུན་ཁྲེན་ཀྲི་ཅན་ཁྲང་ཨན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིར་བདམས། 

4 སློབ་གསོའི་ལས་དོན། 

དུས་ཡུན་རིང་བོར་ནོར་དོན་རྩིས་གཉེར་ཁྱབ་ཁོངས་ཀྱི་སློབ་ཁྲིད་དང་ཞིབ་འཇུག དངོས་དོན་ལས་ཀ་དང་མཐོ་རིམ་སློབ་གསོའི་དོ་དམ་ལས་ཀ་བཅས་བྱེད་བཞིན་ཡོད།


དཔྱད་གཞིའི་ཡིག་ཆ།