མེང་ཁྲང་ཀུང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-12-17 15:02ལ་འགྲུབ།

མེང་ཁྲང་ཀུང་།

མེང་ཁྲང་ཀུང་།
མེང་ཁྲང་ཀུང་ནི་ཏཱ་ལེན་སློབ་ཆེན་གྱི་སློབ་གཙོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན། ཏཱ་ལེན་གྲོང་ཁྱེར་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། དགུ་གསུམ་སློབ་ཚོགས་ཏཱ་ལེན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
孟长功
མཐར་ཕྱིན་སློབ་གྲྭ།
ཀྲུང་གོ་ཚན་རིག་ཁང་།
རྒྱལ་ཁབ།
ཀྲུང་གོ།
བསླབ་གནས།
འབུམ་རམས་པ།
སྐྱེས་ལོ།
སྤྱི་ལོ1964ལོའི་ཟླ7པའི་ནང་སྐྱེས།
ཆེད་ལས་ཁ་ཕྱོགས།
སྐྱེ་མེད་ཁུང་མང་རྒྱུ་ཆའི་རྫས་འགྱུར།
ལས་གནས།
ཏཱ་ལེན་སློབ་ཆེན་གྱི་སློབ་གཙོ།
དཔྱད་རྩོམ་སྤེལ་གྲངས།
དཔྱད་རྩོམ60ལྷག་སྤེལ།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1983ལོའི་ཟླ9བ་ནས་སྤྱི་ལོ1987ལོའི་ཟླ7པའི་བར། ཅི་ལིན་སློབ་ཆེན་དུ་སྐྱེ་མེད་རྫས་འགྱུར་ཆེད་ལས་ཀྱི་ཤེས་རམས་པར་སློབ་གཉེར་བྱས།

སྤྱི་ལོ1987ལོའི་ཟླ9བ་ནས་སྤྱི་ལོ1990ལོའི་ཟླ7པའི་བར། ཅི་ལིན་སློབ་ཆེན་དུ་སྐྱེ་མེད་རྫས་འགྱུར་ཆེད་ལས་ཀྱི་རབ་འབྱམས་པར་སློབ་གཉེར་བྱས།

སྤྱི་ལོ1990ལོའི་ཟླ9བ་ནས་སྤྱི་ལོ1993ལོའི་ཟླ7པའི་བར་ཀྲུང་གོ་ཚན་རིག་ཁང་ལྕགས་རིགས་སུའོ་རུ་ལྕགས་རིགས་རྒྱུ་ཆ་དང་ཚ་བཅོས་ཆེད་ལས་ཀྱི་འབུམ་རམས་པར་སློབ་གཉེར་བྱས།

སྤྱི་ལོ1994ལོའི་ཟླ4བ་ནས་སྤྱི་ལོ2012ལོའི་ཟླ1པོའི་བར། ཏཱ་ལེན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་རྫས་འགྱུར་བཟོ་ལས་དང་ཁོར་ཡུག་ཚེ་སྲོག་རིག་པའི་པུའུ་རུ་དགེ་རྒན་གྱི་འགན་བཞེས།

སྤྱི་ལོ2012ལོའི་ཟླ1པོ་ནས་སྤྱི་ལོ2019ལོའི་ཟླ6པའི་བར། ཏཱ་ལེན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཀུན་ཤེས་དང་རྨང་གཞིའི་སློབ་གསོའི་ལྟེ་གནས་ཀྱི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ2019ལོའི་ཟླ6པ་ནས་ཏཱ་ལེན་སློབ་ཆེན་གྱི་སློབ་སློབ་གཙོའི་འགན་བཞེས།

2 ཚན་རིག་ཞིབ་འཇུག
2_1 བརྩམས་ཆོས།

སྐྱེ་མེད་རྫས་འགྱུར་རིག་པ། (པར་གཞི་དྲུག་པ། རྣམ་པ་གསར་པའི་སློབ་གཞི)

སྐྱེ་མེད་རྫས་འགྱུར་གྱི་གྲངས་ཀའི་སློབ་ཚན།

རྫས་འགྱུར་གྱི་གྲངས་ཀའི་སློབ་ཚན་དཀྱུས་མ།

རྫས་འགྱུར་དང་སྤྱི་ཚོགས་གྲངས་ཀའི་སློབ་ཚན།

རྫས་འགྱུར་རགས་བཤད།

སློབ་གྲྭ་ཆེན་མོའི་རྫས་འགྱུར་དཀྱུས་མ། (པར་གཞི་དྲུག་པ། )

2_2 ཆེད་ཁེའི་གྲུབ་འབྲས།

སྣུམ་ལྡན་རྡོ་གཡམ་ཐལ་གྱིས་ནཱ་རྡོ་གྲུ་བཞི་བཟོ་བའི་ཐབས་ལམ།

ཆིང་གི་ནཱ་རྡོའི་འདྲེས་སྦྱོར་རྒྱུ་ཆའི་བཟོ་རྩལ་ཐབས་ལམ།

བཅོས་སྒྱུར་རང་བཞིན་གྱི་སྭེལ་ཆུ་སྔོའི་གཏིང་ནས་ནིག་ལྡན་བཙོག་ཆུ་ཐག་གཅོད་བྱེད་པའི་ཐབས་ལམ།

3 གཟི་བརྗིད་མཚན་སྙན།

སྤྱི་ལོ2012ལོར་སློབ་གྲྭའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་དང་པོ་ཐོབ།

སྤྱི་ལོ2012ལོར་ལེའོ་ཉིང་ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཐོབ།

སྤྱི་ལོ2012ལོར་ལེའོ་ཉིང་ཞིང་ཆེན་གྱི་ཕུལ་བྱུང་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཐོབ།

སྤྱི་ལོ2012ལོར། ལོ་ལྔའི་འཆར་འགོད་བཅུ་གཉིས་པ་ཡི་མཐོ་རིམ་སློབ་གསོ་དཀྱུས་མའི་དངོས་གཞིའི་རྒྱལ་ཁབ་རིམ་པའི་འཆར་འགོད་སློབ་གཞིར་བདམས།

སྤྱི་ལོ2013ལོར་སློབ་ཁྲིད་དགེ་རྒན་གྲགས་ཅན་ལ་བདམས།

སྤྱི་ལོ2013ལོར་ལེའོ་ཉིང་ཞིང་ཆེན་སློབ་གསོའི་མཉེན་ཆས་འགྲན་བསྡུར་ཁྲོད་མཐོ་རིམ་སློབ་གསོའི་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་བླངས།

སྤྱི་ལོ2014ལོར་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་བླངས།

དཔྱད་གཞིའི་ཡིག་ཆ།