ཤིན་ཅང་ཉེན་རྟོག་སློབ་གླིང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-12-17 11:00ལ་འགྲུབ།

ཤིན་ཅང་ཉེན་རྟོག་སློབ་གླིང་།

ཤིན་ཅང་ཉེན་རྟོག་སློབ་གླིང་།
ཤིན་ཅང་ཉེན་རྟོག་སློབ་གླིང་ནི་ཤིན་ཅང་གི་སྤྱི་བདེ་སྲིད་ཁྲིམས་ལས་དོན་དང་དཔུང་ཁག་འཛུགས་སྐྱོང་གི་དགོས་མཁོ་དང་བསྟུན་ཆེད། སྤྱི་ལོ2012ལོའི་ཟླ4བར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་དང་། ཤིན་ཅང་ཉེན་རྟོག་དཔོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་རྨང་གཞིའི་ཐོག་བཙུགས་པའི་ཉེར་སྤྱོད་རྣམ་པའི་མཐོ་རིམ་སྤྱི་བདེ་སྲིད་ཁྲིམས་འཇོན་མི་གསོ་སྐྱོང་བྱེད་པའི་དངོས་གཞིའི་སློབ་གླིང་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新疆警察学院
དབྱིན་ཡིག་གི་མིང་།
Xinjiang police college
བཙུགས་ལོ།
སྤྱི་ལོ1950ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
སྲིད་ཁྲིམས་རིགས།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་ཁྱད་ཆོས།
མཐོ་རིམ་སློབ་གླིང་དཀྱུས་མ།
གཙོ་གཉེར་ཚན་པ།
ཤིན་ཅང་སློབ་གསོ་ཐིང་།
སློབ་གྲྭའི་ཚབ་ཨང་།
12734
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སློབ་གྲྭ་ནི་སྤྱི་ལོ1950ལོར་བཙུགས་པའི་ཤིན་ཅང་སྤྱི་བདེ་ལས་བྱེད་པའི་སློབ་གྲྭ་ཞེས་པ་དེ་ཡིན་ཞིང་། ཤིན་ཅང་ཉེན་རྟོག་སློབ་གླིང་ནི་ཤིན་ཅང་གི་བརྟན་ལྷིང་སྲུང་སྐྱོང་དང་དཔལ་འབྱོར་གོང་དུ་འཕེལ་བར་ཁག་ཐེག་བྱེད་པའི་གནས་བབ་འོག་ཤིན་ཅང་གི་སྤྱི་བདེ་དཔུང་སྡེ་འཛུགས་སྐྲུན་དགོས་མཁོ་དང་འཚམ་ཆེད། སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། སྤྱི་ལོ2001ལོའི་ཟླ5པའི་ཚེས11ཉིན་ཤིན་ཅང་སྤྱི་བདེ་ཁྲིམས་འཛིན་དོ་དམ་ལས་བྱེད་སློབ་གླིང་དང་། ཤིན་ཅང་མི་དམངས་ཉེན་རྟོག་པའི་སློབ་གྲྭ་ཟླ་སྒྲིལ་བཏང་བའི་རྨང་གཞིའི་སྟེང་བཙུགས་པའི་སྤྱི་བདེ་ཉེར་སྤྱོད་རྣམ་པའི་འཇོན་མི་གསོ་སྐྱོང་བྱེད་པའི་སྤྱི་བདེ་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན།

2 སློབ་སྒྲུབ་གཞི་ཁྱོན།

སློབ་གྲྭ་གཉེར་ནས་ད་ལྟའི་བར་ལོ་ངོ60ལྷག་གི་སློབ་གཉེར་ལོ་རྒྱུས་ཡོད། སྤྱི་ལོ2012ལོར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་དངོས་གཞི་རིམ་པའི་ཤིན་ཅང་ཉེན་རྟོག་སློབ་གླིང་དུ་རིམ་སྤོར་བྱས་པ་དང་། སློབ་གསོ་པུའུ་ཡིས་ཆོག་མཆན་སྤྲད་པའི་དངོས་གཞིའི་ཆེད་ལས་ཁག་དང་པོ་ནི་བདེ་འཇགས་རིག་པ་དང་། མྱུལ་ཞིབ་རིག་པ། ཁྲིམས་ལུགས་རིག་པ། ཆ་འཕྲིན་བདེ་འཇགས་བཅས་ཡིན། དེ་དང་ཆབས་ཅིག་མྱུལ་ཞིབ་དང་། བདེ་འཇགས་དོ་དམ། ཉེན་རྟོག་པ་དོ་དམ། འགྲིམ་འགྲུལ་དོ་དམ། ཆ་འཕྲིན་དྲ་རྒྱའི་བདེ་འཇགས་ལྟ་ཞིབ། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག(ཡུ་གུར་ཡིག)དང་། རྒྱ་ཡིག ཁྲིམས་འཛིན་ལས་རོགས། བཅའ་ཁྲིམས་ལས་དོན་སོགས་ཀྱི་ཆེད་སྦྱོང་གི་ཆེད་ལས་ཀྱང་བཙུགས་ཡོད།

སློབ་གླིང་གི་རྒྱ་ཁྱོན་ལ་མུའུ1321.68ཟིན་པ་དང་སློབ་གྲྭའི་ཉལ་ཁང་གི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི25.99ལྷག་ཡོད། སློབ་གྲྭའི་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི47.5ཡོད་པ་དང་དེ་བཞིན་སྤྱི་བདེ་སྲིད་ཁྲིམས་སློབ་གསོ་དང་། གསོ་སྦྱོང་གི་ཁྱད་ཆོས་མངོན་པའི་ཚོད་ལྟའི་དངོས་སྦྱོང་སྒྲིག་ཆས། སྦྱོང་བརྡར་ཁང་། ལག་རྩལ་སྒྲིག་ཆས་བཅས་དང་སློབ་གཉེར་གྱི་གཞི་རྩའི་སྒྲིག་བཀོད་ཆ་ཚང་ཡོད།

སློབ་གྲྭ་ནི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་སྤྱི་བདེ་ཐིང་གིས་དོ་དམ། སློབ་གསོ་ཐིང་གིས་ལས་སྒོ་དོ་དམ་དང་མཛུབ་ཁྲིད་བྱེད་པའི་སྤྱི་བདེ་སྲིད་ཁྲིམས་ལས་རིགས་ཀྱི་སློབ་གླིང་དང་སློབ་གྲྭར་གཏོགས། སློབ་གྲྭར་ད་ལྟ་སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན་དང་ལས་བཟོ་བ559ཡོད་པ་དང་། སློབ་གྲྭ་ནི་ཁྲང་ཧྲ་ལམ་གྱི་སློབ་ཁུལ་དང་། ཐེན་ཅིན་ལམ་གྱི་སློབ་ཁུལ། ཡན་ཨན་ལམ་གྱི་སློབ་ཁུལ། སྨི་ཏུང་སློབ་ཁུལ་བཅས་སློབ་ཁུལ་ཆེན་པོ་བཞིའི་གྲུབ་ཡོད།

3 འཇོན་མིའི་སློབ་གསོ།

ལོ་ངོ་དྲུག་ཅུའི་རིང་སློབ་གྲྭས་གསོ་སྐྱོང་བྱས་པའི་རིགས་སོ་སོའི་འཇོན་མི60000ལྷག་ཐེན་ཧྲན་ལྷོ་བྱང་ཀུན་ཏུ་ཁྱབ་ཡོད་པ་མ་ཟད། ཤིན་ཅང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། དེའི་ནང་མི་མང་པོ་ཞིག་ཤིན་ཅང་གི་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་འཛིན། ཁྲིམས་རྩོད་པ་སོགས་ལས་རིགས་ཁྲོད་ཀྱི་རྐང་འཛིན་ལྟ་བུར་གྱུར་ཡོད་པས། སློབ་གྲྭ་ནི་རང་སྐྱོང་ལྗོངས་ཀྱི་སྤྱི་བདེའི་རྗེས་གྲབས་སྟོབས་ཤུགས་ཀྱི་གསོ་སྐྱོང་རྟེན་གཞི་དང་། ལས་ཐོག་མི་དམངས་ཉེན་རྟོག་པའི་གསོ་སྦྱོང་རྟེན་གཞི། སྤྱི་བདེ་པུའུ་ཡིས་མངགས་བཅོལ་བྱས་པའི་རྒྱལ་ནང་གི་འཇིགས་རྒོལ་དམག་མིའི་གསོ་སྦྱོང་དང་དེ་བཞིན་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཉེན་དོན་མཉམ་ལས་གསོ་སྦྱོང་རྟེན་གཞིར་གྱུར་ཡོད། བསྡོམས་རྩིས་རགས་བསྡུས་བྱས་པར་གཞིགས་ན། སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མའི་ནང་། མི10ལྷག་གིས་“སྟོབས་ཤུགས་གསུམ”ཉེས་ཅན་དང་འཐབ་རྩོད་བྱེད་པའི་ཁྲོད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བ་དང་། མི9ལ་རྒྱལ་ཡོངས་སྤྱི་བདེ་ཁོངས་གཏོགས་ཀྱི་རིམ་པ་གཉིས་པའི་དཔའ་བོ་དང་དཔེ་བཟང་ཡན་གྱི་གཟི་བརྗིད་མཚན་སྙན་ཐོབ། མི51རྒྱལ་ཡོངས་ཀྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པར་བདམས་པ་དང་། མི21ཤིན་ཅང་ཡོངས་ཀྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པར་བདམས། མི36ལ་མི་སྒེར་གྱི་བྱས་རྗེས་རིམ་པ་དང་པོ་དང་། མི52ལ་མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་ཐོབ་ཡོད།

4 ལས་ཞུགས་གྲུབ་འབྲས།

སློབ་གྲྭ་ཡོངས་ཀྱི་དགེ་རྒན་དང་ལས་བཟོ་བས་སློབ་གྲྭའི་ཏང་ཨུའི་འགོ་ཁྲིད་འོག་སློབ་ཐོན་སློབ་མ6000ལྷག་གསོ་སྐྱོང་བྱས་ཡོད་པ་དང་། སློབ་མའི་ཆ་སྙོམས་ལས་ཞུགས་ཚད་ནི70%ཟིན་ཡོད་པ་དང་ལྷག་པར་དུ་ཉེ་བའི་ལོ་གསུམ་རིང་། སྤྱི་བདེའི་ཆེད་ལས་སློབ་ཐོན་སློབ་མའི་ལས་ཞུགས་ཐུབ་ཚད་ནི90%ཡན་ཟིན་ཡོད། མི་སྤྱོད་ཚན་པས་ཀྱང་སློབ་ཐོན་སློབ་མར་ཕྱོགས་བསྡུས་གདེང་འཇོག་བྱེད་ཚད99%ཡན་དང་། ཕུལ་བྱུང་ཚད70%ཡན་ཟིན་ཡོད།

དཔྱད་གཞིའི་ཡིག་ཆ།