པཱ་ཀྲུང་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-11-27 09:16ལ་འགྲུབ།

པཱ་ཀྲུང་ལས་རིགས་ལག་རྩལ་སློབ་གླིང་།

པཱ་ཀྲུང་ལས་རིགས་ལག་རྩལ་སློབ་གླིང་།
པཱ་ཀྲུང་ལས་རིགས་ལག་རྩལ་སློབ་གླིང་ནི་སྤྱི་ལོ2013ལོའི་ཟླ2པར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巴中职业技术学院
ཕྱི་ཡིག་གི་མིང་།
Bazhong Professional Technology College
བཙུགས་ལོ།
སྤྱི་ལོ2013ལོར།
སློབ་སྒྲུབ་ངོ་བོ།
དམངས་སྒྲུབ་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
ཕྱོགས་བསྡུས།
སློབ་གྲྭའི་ཁྱད་ཆོས།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་སྦྱོང་མཐོ་རིམ་སློབ་གྲྭ།
གཙོ་གཉེར་སྡེ་ཁག
སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
གསོ་རིག་སློབ་གླིང་དང་། སློབ་གསོའི་སློབ་གླིང་སོགས།
སློབ་གྲྭའི་ཚབ་ཨང་།
5651
ལས་ཐོག་འགོ་ཁྲིད།
སློབ་གཙོ། ཞུའུ་ཞིན་ལེན།
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1954ལོར་པཱ་ཀྲུང་དགེ་འོས་སློབ་གྲྭ་བཙུགས།

སྤྱི་ལོ1959ལོར་ཐུང་ཅང་འབྲིང་རིམ་ལས་རིགས་འཕྲོད་བསྟེན་སློབ་གྲྭ་བཙུགས།

སྤྱི་ལོ1990ལོར་པཱ་ཀྲུང་ལག་རྩལ་བཟོ་པའི་སློབ་གྲྭ་བཙུགས།

སྤྱི་ལོ2013ལོར་པཱ་ཀྲུང་དགེ་འོས་སློབ་གྲྭ་དང་པཱ་ཀྲུང་གྲོང་ཁྱེར་ལས་རིགས་སློབ་གསོ་ལྟེ་གནས། པཱ་ཀྲུང་ལག་རྩལ་བཟོ་པའི་སློབ་གྲྭ་བཅས་ཟླ་སྒྲིལ་བཏང་།

སྤྱི་ལོ2013ལོའི་ཟླ2པའི་ཚེས6ཉིན། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་དམངས་སྒྲུབ་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་རིམ་སྤོར་བྱས།

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་སྒྲུབ་སྒྲིག་བཀོད།

སློབ་གྲྭའི་རྒྱ་ཁྱོན་ལ་མུའུ500ཡོད་པ་དང་། འཆར་འགོད་ལ་མ་དངུལ་སྒོར་དུང་ཕྱུར7.6ལྷག་ཙམ་བཏང་ནས་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི24.26ཟིན། ད་ལྟ་སློབ་གྲྭའི་མལ་ཁང་གི་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ148889.73ཡོད། སློབ་ཁྲིད་སྲིད་འཛིན་སྡོད་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ81760.04ཡོད། སློབ་མའི་མལ་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ46212.87ཡོད། ཉར་བའི་དཔེ་དེབ་ཁྲི47.64ཡོད་པ་དང་། གཏན་འཇགས་རྒྱུ་ནོར་གྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི57548.35ཡོད། སློབ་ཁྲིད་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི3131.91ཡིན།

2_2 དགེ་རྒན་གྱི་དཔུང་སྡེ།

ད་ལྟ་སློབ་གྲྭར་ཡོད་པའི་སློབ་མ5401ཡོད་པ་དང་། ཆེད་བསྐོས་དགེ་རྒན209དང་སློབ་ཕྱིའི་དགེ་རྒན82ཡོད། མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་མཁན64ཡོད། ཞིབ་འཇུག་སློབ་མ66ཡོད། ཉིས་འཇོན་དགེ་རྒན་གྱི་བྱང་ཚད་དགེ་རྒན117ཡོད།

3 ཆེད་ལས་འཛུགས་སྐྲུན།

ད་ལྟ་སློབ་གླིང་དུ་སློབ་སྔོན་སློབ་གསོ་དང་། རྩིས་འཁོར་དྲ་རྒྱའི་ལག་རྩལ། ཡུལ་སྐོར་དོ་དམ། རྩིས་གཉེར། ནད་གཡོག རླངས་འཁོར་ཞིབ་དཔྱད་ཚད་ལེན་དང་ཉམས་གསོའི་ལག་རྩལ། ཟོག་འགྲུལ་དོ་དམ། ཨར་ལས་ལས་གྲྭའི་ལག་རྩལ་སོགས་མཐོ་རིམ་ལས་རིགས་ཆེད་ལས26བཙུགས་ཡོད།

3_1 སློབ་གསོའི་སློབ་གླིང་།

སློབ་ཆུང་སློབ་གསོ(དགེ་འོས) སློབ་སྔོན་སློབ་གསོ(དགེ་འོས)

3_2 གསོ་རིག་སློབ་གླིང་། 

ནད་ཐོག་སྨན་བཅོས། ནད་གཡོག སྐྱེས་རོགས། བདེ་ཐང་སླར་གསོའི་སྨན་བཅོས་ལག་རྩལ། སྤྱི་པའི་འཕྲོད་བསྟེན་དོ་དམ།

3_3 བཟོ་སྐྲུན་སློབ་གླིང་།

ཤེས་ནུས་ཐོན་རྫས་གསར་སྤེལ། ནུས་ཁུངས་གསར་པའི་རླངས་འཁོར་ལག་རྩལ། གློག་རྡུལ་ཚོང་དོན་ལག་རྩལ། ཨར་སྐྲུན་ལས་གྲྭའི་ལག་རྩལ། ལས་གྲྭའི་མ་གནས། གློག་རྡུལ་ཆ་འཕྲིན་ལས་གྲྭའི་ལག་རྩལ། རྩིས་འཁོར་དྲ་རྒྱའི་ལག་རྩལ། རླངས་འཁོར་ཞིབ་དཔྱད་ཚད་ལེན་དང་ཉམས་གསོའི་ལག་རྩལ། རླངས་འཁོར་བཟོ་སྐྲུན་དང་སྒྲིག་སྦྱོར་ལག་རྩལ། མཛེས་ལྗོངས་སྐྱེད་ཚལ་ཇུས་འགོད། ཨར་སྐྲུན་ཁང་པའི་ནང་ཇུས་འགོད། ཨར་སྐྲུན་ལས་གྲྭའི་དོ་དམ། མཁའ་འགྲུལ་ས་ངོས་ཀྱི་སྒྲིག་ཆས་ཉམས་གསོ།

3_4 དོ་དམ་སློབ་གླིང་།

རྩིས་གཉེར། སྲིད་འཛིན་དོ་དམ། ནོར་དོན་དོ་དམ། ཟོག་འགྲུལ་དོ་དམ། ཡུལ་སྐོར་དོ་དམ། ཁྲིམས་འཛིན་ལས་རོགས་པ།

4 གཟི་བརྗིད་མཚན་སྙན།

སློབ་གསོ་པུའུ་ཡི་རྒྱལ་སྲུང་ཁྱད་ཆོས་ལྡན་པའི་སློབ་གྲྭ།

སི་ཁྲོན་ཞིང་ཆེན་ལྔ་བཞིའི་དར་དམར་སྡེ་ཚོགས་ཨུ་ཡོན་ལྷན་ཁང་།

དུས་བདེའི་སློབ་གྲྭའི་སྔོན་ཐོན་ཚན་པ།

ལུས་རྩལ་ལས་དོན་གྱི་སྔོན་ཐོན་ཚན་པ།

མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དཔེ་སྟོན་ཚན་པ།

པཱ་ཀྲུང་དཔལ་འབྱོར་གསར་སྤེལ་ཁུལ་གྱི་གཞོན་ནུའི་ལས་ཞུགས་ལས་གཏོད་དཔེ་སྟོན་རྟེན་གཞི།

དཔྱད་གཞིའི་ཡིག་ཆ།