རྡུལ་ཕྲ་རབ་ལ་སོགས་པའི་སྒྲ་བཅུ་གཅིག་སོགས་དཔག་ཚད་བར་གྱི་ཚད་བཅུ་དྲུགསྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2020-11-25 10:44ལ་འགྲུབ།

རྡུལ་ཕྲ་རབ་ལ་སོགས་པའི་སྒྲ་བཅུ་གཅིག་སོགས་དཔག་ཚད་བར་གྱི་ཚད་བཅུ་དྲུག

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་རྡུལ་ཕྲ་རབ་ལ་སོགས་པའི་སྒྲ་བཅུ་གཅིག་སོགས་དཔག་ཚད་བར་གྱི་ཚད་བཅུ་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་དབུ་མ་ཧ་པ》ཤ119བ3ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ།

1.རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་ནོ། །

2.རྡུལ་ཕྲན་བདུན་ལ་ལྕགས་སོ། །

3.ལྕགས་བདུན་ལ་རི་བོང་ངོ་། །

4.རི་བོང་བདུན་ལ་ལུག་གོ །

5.ལུག་བདུན་ལ་གླང་ངོ་། །

6.གླང་བདུན་ལ་ཉི་ཟེར་རོ། །

7.ཉི་ཟེར་བདུན་ལ་རྡུལ་ལོ། །

8.རྡུལ་བདུན་ལ་སྲོ་མའོ། །

9.སྲོ་མ་བདུན་ལ་ཤིག་གོ །

10.ཤིག་བདུན་ལ་ནས་སོ། །

11.ནས་བདུན་ལ་སོར་མོའི་ཚིགས་སོ། །

12.སོར་མོའི་ཚིགས་གསུམ་ལ་མཛུབ་མོའོ། །

13.ལོགས་ལ་གཞལ་བས་སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་ངོ་། །

14.ཁྲུ་བཞི་གཞུ་གང་ངོ་། །

15.གཞུ་ལྔ་བརྒྱ་ལ་རྒྱང་གྲགས་སོ། །

16.རྒྱང་གྲགས་བརྒྱད་ལ་དཔག་ཚད་དོ། །

འཕགས་པ་གནས་བརྟན་སྡེ་བའི་ལུང་ལས་ཀྱང་། གཞུ་འདོམས་ལྔ་བརྒྱ་རྒྱང་གྲགས་ཏེ། ། རྒྱང་གྲགས་བཞི་ལ་བ་ལང་འགྲོས། ། བ་ལང་འགྲོས་བཞི་དཔག་ཚད་དོ། ། ཞེས་སོ། །(སྐབས་འདིར་དཔྱད་དགོས་པའི་གནད་གཅིག་ནི་སྤྱིར་བཏང་རྒྱང་གྲགས་བརྒྱད་ལ་དཔག་ཚད་གསུངས་པ་དང་། འདིར་རྒྱང་གྲགས་བརྒྱད་ལ་དཔག་ཚད་གསུངས་པ་དང་། གནས་བརྟན་པའི་ལུང་ལྟར་ན་རྒྱང་གྲགས་བཅུ་དྲུག་ལ་དཔག་ཚད་བཅུ་དྲུག་བརྩི་དགོས་པ་ལྟ་བུ་མི་འདྲ་ཙམ་འདུག)