སི་ཁྲོན་གློག་རྡུལ་འཕྲུལ་ཆས་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-11-27 09:16ལ་འགྲུབ།

སི་ཁྲོན་གློག་རྡུལ་འཕྲུལ་ཆས་ལས་རིགས་ལག་རྩལ་སློབ་གླིང་།

སི་ཁྲོན་གློག་རྡུལ་འཕྲུལ་ཆས་ལས་རིགས་ལག་རྩལ་སློབ་གླིང་།
སི་ཁྲོན་གློག་རྡུལ་འཕྲུལ་ཆས་ལས་རིགས་ལག་རྩལ་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་ཆེད་སྦྱོང་རིམ་པའི་མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
四川电子机械职业技术学院
ཕྱི་ཡིག་གི་མིང་།
Sichuan Elictronic Machinery Vocationai and Technical college
བཙུགས་ལོ།
སྤྱི་ལོ1992ལོར།
སློབ་སྒྲུབ་ངོ་བོ།
དམངས་སྒྲུབ་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་ཁོངས་གཏོགས་ཀྱི་ཆེད་སྦྱོང་མཐོ་རིམ་སློབ་གྲྭ།
གཙོ་གཉེར་སྡེ་ཁག
སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་།
ལས་ཐོག་འགོ་ཁྲིད།
ལེན་ཞོན་ལའེ།
སློབ་གྲྭའི་ཚབ་ཨང་།
14485
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ 1992ལོའི་ཟླ11པར་བཙུགས་པའི་འབྲིང་རིམ་ལས་རིགས་སློབ་གྲྭ་སྟེ་ཞིང་ཆེན་རིམ་པའི་གཙོ་གནད་འབྲིང་རིམ་ཆེད་ལས་སློབ་གྲྭ་མེན་དབྱང་གྲོང་ཁྱེར་གྱི་བཟོ་ཚོང་སློབ་གྲྭ་ཡིན།

སྤྱི་ལོ2013ལོའི་ཟླ2པའི་ཚེས6ཉིན། 《སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སི་ཁྲོན་གློག་རྡུལ་འཕྲུལ་ཆས་ལས་རིགས་ལག་རྩལ་སློབ་གླིང་འཛུགས་རྒྱུའི་སྐོར་གྱི་མཆན་འགོད་བཀའ་ལན》(སི་ཁྲོན་སྲིད་གཞུང་གི་འཕྲིན་ཡིག〔2013〕ཨང48པ)གྱི《ལོ་ལྔའི་བཅུ་གཉིས་པའི་རིང་གི་མཐོ་རིམ་སློབ་གྲྭའི་བཀོད་སྒྲིག་ལས་དོན་སྐོར་གྱི་སློབ་གསོ་པུའུ་ཡི་བསམ་འཆར》དང《མཐོ་རིམ་ལས་རིགས་སློབ་གྲྭའི་བཀོད་སྒྲིག་ཚད་གཞི(གནས་སྐབས་ལག་བསྟར)ཁྱབ་བསྒྲགས་བྱ་རྒྱུའི་སྐོར་གྱི་སློབ་གསོ་པུའུ་ཡི་བརྡ་ཐོ》བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སི་ཁྲོན་གློག་རྡུལ་འཕྲུལ་ཆས་ལས་རིགས་ལག་རྩལ་སློབ་གླིང་འཛུགས་རྒྱུར་མོས་མཐུན་བྱུང་ཏེ། སི་ཁྲོན་གློག་རྡུལ་འཕྲུལ་ཆས་ལས་རིགས་ལག་རྩལ་སློབ་གླིང་ནི་སི་ཁྲོན་ཀྲུང་ཁེའི་སློབ་གསོ་མ་འཇོག་ཚད་ཡོད་ཀུང་སིས་གཙོ་སྒྲུབ་བྱས་བ་དང་། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་ཏེ་སློབ་གཉེར་མ་འཇོག་དེ་སི་ཁྲོན་ཀྲུང་ཁེའི་སློབ་གསོའི་མ་འཇོག་ཚད་ཡོད་ཀུང་སིས་འགན་འཁུར་ཡོད།

སྤྱི་ལོ2020ལོའི་ཟླ7པའི་ཚེས13ཉིན་སྤྱི་ལོ2020ལོའི་ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་གྱི་རྩལ་ནུས་མཐོ་བའི་ཤེས་ལྡན་པའི་གསོ་སྦྱོང་རྟེན་གཞིའི་འཛུགས་སྐྲུན་རྣམ་གྲངས་ཀྱི་མིང་ཐོའི་ནང་ཚུད།

2 རྨང་གཞིའི་སྒྲིག་བཀོད།

སློབ་གྲྭའི་རྒྱ་ཁྱོན་ལ་མུའུ500ཡོད་པ་དང་། སྨྱན་མང་གཟུགས་ཀྱི་སློབ་ཁྲིད་ལ་བརྟེན་ནས་ཆེད་ལས་ཚོད་ལྟའི་དངོས་སྦྱོང་ཁང46དང་། ཆེད་ལས་དངོས་སྦྱོང་ལྟེ་གནས2སློབ་གྲྭའི་ནང་ཐོན་སྐྱེད་དང་དངོས་སྦྱོང་བཟོ་གྲྭ3བཅས་བཙུགས་ཡོད།

3 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་ཆུ་ཚད་མཐོ་བའི་དགེ་རྒན་དཔུང་ཁག་ཅིག་བཙུགས་ཡོད་པ་དང་། འཐབ་ཕྱོགས་དང་པོའི་སློབ་ཁྲིད་དགེ་རྒན་ཆེན་མོ་གཞོན་པ་ཡན་གྱི་དགེ་རྒན་གྱིས43.6%བཟུང་ཡོད། ཉིས་འཇོན་རྣམ་པའི་དགེ་རྒན་གྱིས70%བཟུང་བ་དང་མཐོ་རིམ་བཟོ་བཀོད་པ་དང་ལག་རྩལ་དགེ་རྒན40ལྷག་ཙམ་གདན་འདྲེན་ཞུས་ཡོད།

4 ཆེད་ལས་འཛུགས་སྐྲུན།

སློབ་གླིང་དུ་གློག་རྡུལ་ཆ་འཕྲིན་དང་། འཕྲུལ་ཆས་བཟོ་སྐྲུན། དཔལ་འབྱོར་དོ་དམ། ཨར་སྐྲུན་ལས་གྲྭ་བཅས་ཀྱི་ཆེད་ལས་དང་། གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་སྡེ་ཁག འཕྲུལ་གློག་བཟོ་སྐྲུན་སྡེ་ཁག དཔལ་འབྱོར་དོ་དམ་སྡེ་ཁག ཨར་ལས་བཟོ་སྐྲུན་སྡེ་ཁག སྒྱུ་རྩལ་སྡེ་ཁག གློག་རྡུལ་ཆ་འཕྲིན་ལག་རྩལ་འཛུགས་གཉེར་དང་འཕྲུལ་གློག་གཞི་གཅིག་ཅན་བཟོ་ཚོང་དོ་དམ་ཨར་པོའི་ལས་གྲྭའི་ལག་རྩལ་དང་། བརྡ་ཁྱབ་ཇུས་འགོད་དང་བཟོ་སྐྲུན་སོགས་ཆེད་ལས20ལྷག་ཙམ་བཙུགས་ཡོད། 

5 སྒྲིག་གཞི་འཛུགས་སྐྲུན།
5_1 སློབ་ཁྲིད་སྡེ་ཁག

གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་སྡེ་ཁག འཕྲུལ་གློག་བཟོ་སྐྲུན་སྡེ་ཁག དཔལ་འབྱོར་དོ་དམ་སྡེ་ཁག སྒྱུ་རྩལ་སྡེ་ཁག བསམ་བློ་ཆབ་སྲིད་དང་རྨང་གཞི་པུའུ།

5_2 སྲིད་འཛིན་ལས་ཁུངས།

སློབ་གླིང་གཞུང་ལས་ཁང་། མི་དོན་ཁྲུའུ། སློབ་དོན་ཁྲུའུ། ལས་ཞུགས་ཁྲུའུ། རྒྱབ་ཕྱོགས་མཁོ་སྒྲུབ་ཁྲུའུ། ནོར་དོན་འཆར་འགོད་ཁྲུའུ། བདེ་འཇགས་སྲུང་སྐྱོང་ཁྲུའུ། དཔེ་མཛོད་ཁང་།

5_3 ཏང་ཚོགས་སྒྲིག་གཞི།

ཏང་ཨུའི་གཞུང་ལས་ཁང་། རྩ་འཛུགས་པུའུ། དྲིལ་བསྒྲགས་པུའུ། བཟོ་ཚོགས། གུང་གཞོན་ཚོགས་པ། སློབ་མའི་ལས་དོན་པུའུ།


དཔྱད་གཞིའི་ཡིག་ཆ།